Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་ནོར་མངས་དྲགས་ན་གོ་བ་ལོན་པར་ཧ་ཅང་གནོད།

Posted on 2018-05-022018-05-02 By ཁ་བརྡ 3 Comments on ཡིག་ནོར་མངས་དྲགས་ན་གོ་བ་ལོན་པར་ཧ་ཅང་གནོད།

མྱི་ཆེན། རྩོམ་ཁུངས། བཙན་པོ་ཚང་།

ཕྲན་གྱིས་ནམ་རྒྱུན་དྲ་ཐོག་ནས་ས་སྐྱའི་བླ་མ་མཁས་པ་རྫོང་སར་ཚང་གི་སྐོར་ལ་མཉམ་བཞག་པ་ཡིན་ལ། ཁོང་གི་གསུང་ཚན་བོད་ཡིག་ཏུ་ཕབ་པ་རེ་མཐོང་དུས་གང་ཐུབ་ཅི་ཐུབ་ཀྱིས་ཀློག་གིན་ཡོད་པར་མ་ཟད། གུས་ཞབས་དང་ཡི་རང་བླ་ན་མེད་པ་བྱེད་བཞིན་ཡོད། ན་ནིང་ཞིག་ལ་ཁོང་གི་གསུང་བོད་འགྱུར་མ་ཞིག་ལ་མཇལ་ཏེ་ཞིབ་པར་བཀླགས་ཤིང་ཁོང་གི་ཆོས་ཀྱི་ཡོན་ཚད་ལ་སྨོན་པ་ཤོར་མྱོང་། ད་ཐེངས་ཁོང་གི་གསུང་བོད་འགྱུར«དྲི་བ་བརྒྱད་ཁྲི་བཞི་སྟོང་།»ཞེས་པ་པར་བསྐྲུན་བྱས་འདུག་པ་མཐོང་ནས་དགའ་མོས་ཆེན་པོས་བླུས་པ་ཡིན།


འོན་ཀྱང་དགའ་དད་ཀྱི་སྨོན་པ་ཤོར་མྱོང་བའི་མཁས་པ་གང་གི་གསུང་ནི། ལེགས་གྲུབ་ཟེར་བའི་ཡིག་རྨོངས་པ་ཞིག་གིས་འཕྲོ་བརླག་ཏུ་བཏང་ཡོད་པས་ཡི་མུག་སྐྱེས་སོང་། ག་རེ་བྱས་འདུག་ཟེར་ན། ཤོག་ངོས་དང་པོ་ནས་ཞིབ་པར་བཀླགས་ཡོང་དུས་ཡིག་ནོར་དང་བརྗོད་པ་མི་བདེ་བའི་ཚིག་ཉོག་གིས་ཡོངས་སུ་བསླད་ཡོད་པས་ཀློག་ཐུབ་མ་བྱུང་ལ། ཕལ་ཆེར་ཤོག་ངོས་རེ་རེ་ན་ཡིག་ནོར་གཅིག་གཉིས་ཤིག་མེད་པ་མི་སྲིད་པའི་ཚད་རེད། ངས་འདི་ལྟར་བསམ་བློ་བཏང་ཡོང་དུས་འགྱུར་ཚིག་དང་དོན་སྐྱོན་གྱི་ཐད་ནས་ཀྱང་གང་མང་རེ་ཏག་ཏག་ཡོད་ངེས་རེད་སྙམ་བྱུང་།


ང་ཚོ་སུ་ཞིག་ཡིན་ན་མཁས་པ་རྫོང་སར་ཚང་གིས་མཚོན་པའི་གནའ་དེང་གི་མཁས་པ་ཚོའི་གསུང་བསྒྱུར་ལས་གཞིའི་སྐོར་ནས་ཐུགས་བསམ་ཡག་པོ་རེ་གཏོང་དགོས་འདུག་སྙམ། ན་ནིང་དོ་ཚིགས་ཀྱི་ལོ་འདི་གར་རྩོམ་ཡིག་དང་བསྒྱུར་རྩོམ་སྣ་ཚོགས་པ་ཞིག་གང་དགར་བཀྲམ་བཞིན་འདུག་པས་དགའ་འོས་ཤིང་གུས་བཀུར་བྱ་རྒྱུ་ལས་མི་འདུག་མོད་དེ། འདི་ལྟར་རྨད་དུ་བྱུང་བའི་མཁས་པའི་གསུང་རྩོམ་རྣམས་ཡིག་རྫོབ་དང་གད་སྙིགས་སུ་བསྒྱུར་ན་ཕངས་པ་ལ་ཨང་།

ངས་ནི་ཚང་མས་ཡིག་ནོར་འབྲི་བ་ལས་མ་བྲིས་ན་བཟང་ཟེར་བ་གཏན་ནས་མིན་ཏེ། ཡིག་ནོར་ལ་འཛེམས་ཏེ་མི་འབྲི་བ་ལས་གང་ཐུབ་ཐུབ་ཀྱིས་བྲིས་ན་ལེགས་པ་ནི་སྨོས་ཅི་དགོས་ཏེ། འོན་ཀྱང་དམ་པ་དག་གི་གསུང་རྩོམ་ཡིག་སྒྱུར་བྱེད་མཁན་ཞིག་ལ་མཚོན་ན། ཆེས་མ་མཐའ་ཡང་བརྡ་སྤྲོད་གཞུང་ལུགས་ཀྱི་སྤྱི་འགྲོས་ཤིག་ནི་ངེས་པར་དུ་ཤེས་དགོས་ཏེ། ལོ་ཙཱ་པ་ཞེས་པ་ནི་འཇིག་རྟེན་གྱི་མིག་ཕྱེ་མཁན་མ་ཡིན་ནམ།

སྤྱིར་དེང་སང་གི་རྩོམ་ཡིག་དང་འགྱུར་ཡིག་མང་ཆེ་བར་མི་རིགས་གཞན་གྱི་ཤན་ཐེབས་དྲགས་པས་ཡིན་ནམ། གང་ལྟར་རྩོམ་ཡིག་མང་ཆེ་བ་ནི་ཟེར་མི་རུང་མོད། འོན་ཀྱང་རྩོམ་ཡིག་སྐོར་ཞིག་གིས་ཡིག་ངོས་ནས་ཚུར་ཀློག་མཁན་ལ་བོད་སྐད་ཀྱི་བརྡ་ཡག་པོ་འཕྲོད་མི་ཐུབ་པས་ན། ཀློག་མཁན་རང་ནས་ཕར་ཨུ་ཚུགས་ཀྱིས་བརྡ་འདེད་བྱས་ཏེ་ཁྱོད་ཀྱིས་འདི་ལྟར་བཤད་ཀྱིན་ཡོད་པ་འདྲ་ཟེར་དགོས་པའི་དུས་ཚོད་ལ་སླེབས་འདུག་པས་ངུ་བྲོ།

གཞན་ད་དུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་མཁས་པ་གང་མང་གི་གསུང་རྩོམ་མང་པོ་ཞིག་ཕྱོགས་ཡས་མས་ན་ཕབ་བསྒྱུར་བྱས་ཏེ་འགྲེམ་ཚོང་བྱེད་བཞིན་པ་དག་ལའང་དེ་ལུགས་ཀྱི་དགེ་སྐྱོན་ཉིས་ཆ་ཡོད་ངེས་ཏེ། ང་ཚོས་ནི་མཁས་པ་དེ་དག་གི་གསུང་བསྒྱུར་ཕབ་སྒྲིག་བྱེད་སྐབས་ཡིག་ནོར་གཙོ་བོར་བཟུང་སྟེ་ཞུས་དག་གཏོང་རྒྱུ་ལས། དོན་གྱི་འགངས་བབ་ཀྱི་ཐད་ནས་ཁོང་རྣམ་པར་སྤྱན་འབེབས་དགོངས་བསྟུན་གྱིས་དཔེ་སྒྲིག་ལས་གཞི་དེ་གཉེར་ཐུབ་པ་ཡིན་ན། ད་གཟོད་ཚོང་ལས་དང་རིག་གཞུང་གང་ཐད་ནས་འཐུས་ཚང་དང་འབྱོར་ཕྱུག་ལྡན་པ་ཞིག་འོང་ཐུབ། དེ་མིན་དངུལ་རྐྱང་བར་དམིགས་ཏེ་ཕྱི་ཤོག་དང་སྒྲིག་སྦྱོར་མཛེས་པོ་ཙམ་ལ་འཆེལ་ནས་མཁས་པ་དག་གི་གསུང་རྩོམ་རྩེ་སྤྱད་དུ་བཀོལ་མི་རུང་སྙམ།


གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཤད་ན། ཡིག་སྒྱུར་པ་དང་དཔེ་སྒྲིག་པ་སྐོར་ཞིག་ནས་དཔལ་འབྱོར་ལ་དམིགས་ཏེ་དཔེ་ཚོང་བྱེད་པ་ནི་ཁོ་ཚོའི་ལས་གཞི་ཞིག་ཡིན་པས་ང་ལ་འབྲེལ་བ་ཅི་ཡང་མེད་མོད། འོན་ཀྱང་དེང་གི་དཔེ་ཆའི་ཚོང་ཁྲོམ་དུ་རྒྱུག་ཆེ་བའི་མཁས་པ་རྣམས་ཀྱི་གསུང་རྩོམ་གྱི་དཔེ་དེབ་འགྲེམ་སྤེལ་བྱེད་པའི་སྐབས་ཀུན་ཏུ། བརྡ་སྤྲོད་རིག་གཞུང་དང་མཐུན་པའི་ཡིག་བསྒྱུར་དང་ཞུ་དག་གང་ལེགས་ཤིག་བྱ་རྒྱུ་ནི་གལ་ཆེ་སྟེ། ཁྱོད་ཚོས་ནི་མཚན་སྙན་དང་དཔལ་འབྱོར་གང་ལ་དམིགས་ནའང་དེ་ལུགས་ཀྱི་འགན་ཡག་པོ་ཞིག་ལེན་རྒྱུ་ནི་འོས་སུ་ཆེའོ། །

 
                         
ཞེས་ཀློག་མཁན་སྒང་བ་བོད་ཀྱི་མྱི་ཆེན་གྱིས།

བསམ་ཚུལ།

Post navigation

Previous Post: རྒན་ཚེ་རིང་དོན་གྲུབ་ལགས་ནི་བོད་ཡིག་གི་རང་དབང་གི་ཚགས་པར་ “དམངས་གཙོ་”གསར་འདོན་བྱེད་མཁན་གྱི་གྲས་གཅིག་ཡིན།
Next Post: རྒྱ་ནག་གི་སྟོབས་ཤུགས་དང་འདོད་དོན།

Comments (3) on “ཡིག་ནོར་མངས་དྲགས་ན་གོ་བ་ལོན་པར་ཧ་ཅང་གནོད།”

  1. བྱང་ཆུབ་ལོ་མ། says:
    2018-05-03 at 12:33 am

    དངོས་ཡོད་ཀྱི་གནས་སྟངས། རྩོམ་སྒྲིག་དང་ཞུས་དག་གི་ཚད། ཡིག་སྒྱུར་བ་ཚོས་བརྡ་འཕྲོད་པོ་ཞིག་བསྒྱུར་ཐུབ་ཀྱི་མེད་པ་བཅས་གླེང་སློང་བྱེད་པ་བརྒྱུད་ནས་ཚད་ལྡན་དང་ཡར་རྒྱས་ཀྱི་རེ་བ་རྒྱག་དགོས། རྩོམ་དང་དེབ་བོད་བསྒྱུར་བྱེད་པ་ནི་མེད་པ་ལས་ཡོད་པ་དགའ་བ་འདུག་ཟེར་བ་ནས་། དེང་སྐབས་ཡོད་པ་ལས་མེད་པ་དགའ་བ་འདུག་ཟེར་མཁན་ཡོང་གི་ཡོད། ཕྱོགས་ཚང་མས་ཡར་སྐུལ་དང་ཡར་རྒྱས་ལ་རེ་བ་རྒྱག་དགོས།

  2. འདབ་པ་ཚེ་དབང་མགོན་པོ། says:
    2018-05-05 at 3:35 pm

    བཙན་པོ་ཚང་། ཁྱེད་རང་དེ་སྔོན་མི་ཞིག་གིས་རྡོ་རྗེ་གཅོད་པ་ཞུ་དག་བཏང་པ་རེད། དེ་འདྲ་བ་ཞིག་མིན་ནམ་སྙམ། གང་ཞེ་ན་ཁྱེད་ཀྱིས་བྲིས་པའི་ཚུལ་དེའི་ནང་ལ་ཡིག་ནོར་ཧ་ཅང་པོ་གདའ། མ་ཟད་ཚིག་སྦྱོར་སྟངས་དེ། བོད་ཀྱི་སྔ་ཕྱིའི་མཁས་པ་ཀུན་དང་མ་མཐུན་པའི་སྦྱོར་ལུགས་ཤིག་རེད་ཤག མ་ཟད་དུས་གསུམ་གྱི་འགྲོས་དང་། བདག་གཞན་གང་ལའང་གཞི་འཛིན་པ་རེད་ཤག མ་ཟད་ཧ་ཅང་མང་པོ་གདའ།

  3. འབྲོང་བུ་སོག་ཚ། says:
    2018-05-20 at 5:35 pm

    མྱི་ཆེན་གྱིས་ལྷག་བསམ་མཚོན་པའི་འབོད་བསྐུལ་ཞིག་གདའ་བས། བོད་ཡིག་འབྲི་མཁན་ཚང་མའི་ཐུགས་ལ་ངེས་པར་བཞག་དགོས་འདུག ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme