Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་ཆ་ཁག་ལས་འབོར་གྱིན་པའི་དཔའ་བོ་བཀྲ་བྷེ་ལགས།

Posted on 2012-01-11 By ཁ་བརྡ་ 10 Comments on ཡིག་ཆ་ཁག་ལས་འབོར་གྱིན་པའི་དཔའ་བོ་བཀྲ་བྷེ་ལགས།

སྦྲ་རིགས་ཐོགས་མེད།

ལོ་རྒྱུས་ཤིག་ལ་མཚོན་ན་ལོ་ཚིགས་དང་གྲངས་ཀ་སོགས་ནི་ཧ་ཅང་གལ་ཆེ་བའི་ལོ་རྒྱུས་དངོས་དོན་ར་སྤྲོད་ཀྱི་ལྡེ་མིག་ཡིན། དེ་བཞིན་རང་རེ་བོད་ཀྱི་རང་ལུས་མེ་བསྲེག་གི་ཞི་རྒོལ་འཐབ་རྩོད་འདིར་མཚོན་ནའང་གཞུང་འབྲེལ་ཡིན་མིན་ཚང་མས་ཐུན་མོང་གི་གྲངས་ཀ་གསལ་བོ་ཞིག་གཞི་རྩར་བཞག་ནས་ལོ་རྒྱུས་ཡིག་ཚགས་སུ་ཉར་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མི་ཞིག་ལ་མཚོན་ན་རང་ཉིད་ཀྱི་ལུས་པོར་མེ་རུ་བསྒྲོན་ནས་མི་རིགས་འཐབ་རྩོད་ཆེད་དུ་བློས་གཏོང་བྱེད་པ་ནི་མི་བུ་སྤྱིར་བཏང་བ་ཞིག་གིས་བསམ་ཡང་མི་ཕོད་པ་ཞིག་རེད། དེར་བརྟེན། རྒྱལ་གཅེས་དཔའ་བོ་ཕོ་མོ་དེ་དག་གི་ལོ་རྒྱུས་དང་། ཁྱིམ་ཚང་གནས་སྟངས་ཁོང་ཚོའི་འདྲ་པར་སོགས་ངེས་པར་དུ་ཞིབ་ཚགས་པོའི་ཐོག་ནས་ཉར་ཚགས་བྱེད་དགོས་པ་གལ་ཆེན་པོ་རེད། མ་འོངས་པར་ཏན་ཏན་འདིའི་སྐོར་ལ་ཆེད་ལས་ཞིབ་འཇུག་མཁན་མང་བོ་འབྱུང་སྲིད།
དེ་བཞིན་རང་ལུས་མེ་རུ་བསྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡང་དཔའ་བོ་ཐུབ་བསྟབ་དངོས་གྲུབ་ནས་ཉེ་ཆར་གྱི་དཔའ་བོ་སྤྲུལ་སྐུ་བསོད་བྷོ་བར་དུ་བརྩིས་ན་ཁྱོན་རྒྱལ་གཅེས་དཔའ་བོ་བཅུ་བདུན་དང་། ཡང་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ནས་བརྩིས་ན་བཅུ་དྲུག། དེ་བཞིན་དཔའ་བོ་བློ་བཟང་ཕུན་ཚོགས་ནས་བརྩིས་ན་བཅོ་ལྔ་བཅས་ཡིན་པའང་ངེས་པར་དུ་བརྗེད་མི་རུང་། གནས་ཚུལ་འདིའི་སྐོར་ལ་འཇར་མན་གྱི་གསར་འགོད་པ་ཞིག་གིས་ཀྱང་གསན་ཚུལ་ཞིག་སྤེལ་འདུག་ལ་བོད་ཀྱི་བུད་མེད་རྩོམ་པ་བོ་འོད་ཟེར་གྱིས་ཀྱང་བོད་ཀྱི་གཞུང་འབྲེལ་ཡིག་ཆ་ཁ་ཤས་སུ་དཔའ་བོ་བཀྲ་བྷེ་ལགས་ཀྱི་མཚན་འཁོད་མེད་པ་གསལ་བཤད་དང་འབོད་སྐུལ་བྱས་འདུག

ཉེ་ཆར་རྡོར་གདན་དུས་དབང་གི་སྐབས་སུ་ཡང་བཀའ་ཤག་གིས་དཔའ་བོ་དཔའ་མོ་དག་གི་མཚན་བགྲང་སྐབས་ཀྱང་བཀྲ་བྷེ་ལགས་ཀྱི་མཚན་འཁོད་གནང་མི་འདུག ཉེ་ལམ་གྱི་འཐབ་རྩོད་གཞན་གྱི་གསར་ལམ་ཁག་ཏུ་གྲངས་ཀ་ཁག་མཐོ་ནས་མཐོ་རུ་གཏོང་བཞིན་པའི་སྐབས་སུ་ང་ཚོས་རང་ཉིད་ཀྱི་དངོས་ཡོད་གྲངས་ཀ་ཁག་ཉུང་དུ་གཏོང་དགོས་དོན་མི་འདུག་ཨང་། འདི་དག་ཤོག་ངོས་ཀྱི་མིང་ཚིག་ཁ་ཤས་ཀྱི་མང་ཉུང་ཙམ་མ་ཡིན་པར་མ་འོངས་པར་ལོ་རྒྱུས་དང་འབྲེལ་བའི་གལ་གནད་ཧ་ཅང་ཆེ་བར་མཐོང་ངོ།།

གནས་ཚུལ།
http://www.tibettimes.net/news.php?cat=3&id=1059&

སྣ་ཚོགས།

Post navigation

Previous Post: ༧ཐམས་ཅད་མཁྱེན་པ་མིན་ན་མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་བཤད་བོད་ཀྱི་དོན་གྱི་བདག་པོས་གསན་མེད།
Next Post: ང་ཚོ་བཙན་བྱོལ་གཞུང་མང་གིས་ཁོང་ཚོ་ཅི་ལྟར་སྐྱོབ་བམ།

Comments (10) on “ཡིག་ཆ་ཁག་ལས་འབོར་གྱིན་པའི་དཔའ་བོ་བཀྲ་བྷེ་ལགས།”

  1. ཨ་ཁུ་སྟོན་པ། says:
    2012-01-11 at 3:59 am

    ཁྱེད་རང་གི་གསུངས་པ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ཁྱེད་རང་ལ་རེ་སྐུལ་ཞུ་རྒྱུ་ལ་དཔའ་བོ་དཔའ་མོ་༡༧གྱི་ལོ་རྒྱུས་བཀོད་ཐུབ་པ་ཡིན་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།།།

  2. ཆོས་འགྲུབ། says:
    2012-01-11 at 7:59 am

    ༢༠༽ ༢༠༡༢།༠༡།༠༨། སྤྲུལ་སྐུ་བསོད་ནམས་དབང་རྒྱལ། འདས། ལོ།༤༢། བོད་མགོ་ལོག
    ༡༩༽ ༢༠༡༢།༠༡།༠༦། གྲྭ་ཟུར་བསྟན་ཉི། འདས། ལོ།༢༠། བོད་རྔ་བ།
    ༡༨༽ ༢༠༡༢།༠༡།༠༦། གྲྭ་ཚུལ་ཁྲིམས། འདས། ལོ།༢༠། བོད་རྔ་བ།
    ༡༧༽ ༢༠༡༡།༡༢།༠༡། གྲྭ་ཟུར་བསྟན་འཛིན་ཕུན་ཚོགས། འདས། ལོ།༤༦། བོད་ཆབ་མདོ།
    ༡༦༽ ༢༠༡༡།༡༡།༡༠། གྲྭ་བོད་ཕྲུག །གསོན། ལོ།༤༥། བལ་ཡུལ་མཆོད་རྟེན།
    ༡༥༽ ༢༠༡༡།༡༡།༠༤། ཤེས་རབ་བམ་མིག་དམར། གསོན། ལོ།༢༦། རྒྱ་གར་ལྡི་ལི།
    ༡༤༽ ༢༠༡༡།༡༡།༠༣། ཨ་ནེ་དཔལ་ལྡན་ཆོས་བཟང༌། འདས། ལོ།༣༥། བོད་དཀར་མཛེས།
    ༡༣༽ ༢༠༡༡།༡༠།༢༥། གྲྭ་ཟླ་བ་ཚེ་རིང༌། གསོན། ལོ།༣༨། བོད་དཀར་མཛེས།
    ༡༢༽ ༢༠༡༡།༡༠།༡༧། ཨ་ནེ་བསྟན་འཛིན་དབང་མོ། འདས། ལོ།༢༠། བོད་རྔ་བ།
    ༡༡༽ ༢༠༡༡།༡༠།༡༥། གྲྭ་ཟུར་ནོར་བུ་དགྲ་འདུལ། འདས། ལོ།༡༩། བོད་རྔ་བ།
    ༡༠༽ ༢༠༡༡།༡༠།༠༧། གྲྭ་ཟུར་མཁའ་དབྱིངས། འདས། ལོ།༡༨། བོད་རྔ་བ།
    ༩༽ ༢༠༡༡།༡༠།༠༧། གྲྭ་ཟུར་ཆོས་འཕེལ། འདས། ལོ།༡༩། བོད་རྔ་བ།
    ༨༽ ༢༠༡༡།༡༠།༠༣། གྲྭ་སྐལ་བཟང་དབང་ཕྱུག །གསོན། ལོ།༡༨། བོད་རྔ་བ།
    ༧༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་སྐལ་བཟང་། གསོན། ལོ།༡༩། བོད་རྔ་བ།
    ༦༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་དཀོན་མཆོག །གསོན། ལོ།༡༨། བོད་རྔ་བ།
    ༥༽ ༢༠༡༡།༠༨།༡༥། གྲྭ་ཚེ་དབང་ནོར་བུ། འདས། ལོ།༢༩། བོད་དཀར་མཛེས།
    ༤༽ ༢༠༡༡།༠༣།༡༦། གྲྭ་ཕུན་ཚོགས། འདས། ལོ།༢༡། བོད་རྔ་བ།
    ༣༽ ༢༠༠༩།༠༢།༢༧། གྲྭ་བཀྲ་བྷེ། གསོན། ལོ།༢༠། བོད་རྔ་བ།
    ༢༽ ༢༠༠༦།༡༡།༠༣། ལྷག་པ་ཚེ་རིང༌། གསོན། ལོ།༢༣། རྒྱ་གར་བྷིང་ལོ།
    ༡༽ ༡༩༩༨།༠༤།༢༧། ཐུབ་བསྟན་དངོས་གྲུབ། འདས། ལོ།༦༠། རྒྱ་གར་ལྡི་ལི།
    རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གི་འདས་གསོན་དང་གནས་དུས་འཁོད་པ་འདི། ཆབ་མདོ་ཤེས་རབ་ཀྱི་ངོ་དེབ་ནས་འདིར་འདྲེན་བཀོད་ཞུས་པ་ཡིན།

  3. རྔ་བ་གཉན་རྒོད says:
    2012-01-11 at 9:22 am

    སྤྲ་རིགས་ནས་བཤད་པ་བདེན་པ་རེད་་་་་བཀའ་ཁྲི་ནས་རྒྱལ་སྤྱི་ཤེས་པ་ལས་བོད་ནང་མི་ཤེས་མོད་་་ལོ་སྔོན་མ་ཀིརྟི་རིན་པོ་ཆེ་ཨ་རི་ལ་འགྲོ་སྐབས་ཡང་གསར་ལམ་ཁག་ལ་བཀྲ་པེ་ཡི་སྐོར་གཅིག་ར་བཤད་མ་སོང་པ་འདྲ་བའི་རྒྱུ་མཚན་གང་ལ་ཐུག་ཡིན་ན་་་

  4. གེ་སར་ནས་ says:
    2012-01-11 at 1:43 pm

    རྒྱུ་མཚན་གཞན་ཅི་ཡོད་ཉེ་རིང་ཕྱོགས་སྡང་གི་ལམ་ལ་མ་འགྲོ་རོགས་ཞུ་་་འདས་པའི་མི་ལོ་༥༠ རིང་ལ་དེ་འདྲ་རང་གི་དུས་ཚོས་ཤོར་་་་

  5. སྦྲ་རིགས་ཐོགས་མེད། says:
    2012-01-11 at 5:04 pm

    ཆོས་འགྲུབ་ལགས་སུ་ཐུགས་རྗེ་ཆེ་ཞུ།

    ཆབ་མདོ་ཤེས་རབ་ལགས་ཀྱི་ངོ་དེབ་ཐོག་གི་གནས་ཚུལ་དེ་དེ་ལས་ཀྱང་ཁ་གསལ་བོ་དང་སྣེ་འཛོམས་པོ་བྱུང་འདུག
    གནས་ཚུལ་འདིའི་རིགས་ཏན་ཏན་ང་ཚོས་སྣང་མེད་དུ་བསྐྱུར་མི་ཉན། ལོ་རྒྱུས་མཁན་པོ་འདི་ཚོར་མི་འདྲ་ས་ཞིག་ཡོད་ནོ་འདི་འདྲ་མིན་ན་གང་ཡིན།

    དཔའ་བོ་དཔའ་མོའི་མཚན་གཞུང་འདི་ཚང་མས་ངོ་དེབ་དང་དྲ་ལམ་ཕན་ཚུན་དུ་སྤེལ་རོགས་ཞུ།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-01-11 at 5:38 pm

    དེ་བཞིན་རང་ལུས་མེ་རུ་བསྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡང་དཔའ་བོ་ཐུབ་བསྟབ་དངོས་གྲུབ་ནས་ཉེ་ཆར་གྱི་དཔའ་བོ་སྤྲུལ་སྐུ་བསོད་བྷོ་བར་དུ་བརྩིས་ན་ཁྱོན་རྒྱལ་གཅེས་དཔའ་བོ་བཅུ་བདུན་དང་། ཡང་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ནས་བརྩིས་ན་བཅུ་དྲུག དེ་བཞིན་དཔའ་བོ་བློ་བཟང་ཕུན་ཚོགས་ནས་བརྩིས་ན་བཅོ་ལྔ་བཅས་ཡིན་པའང་ངེས་པར་དུ་བརྗེད་མི་རུང་། ཟེར།

  7. ཨ་ལི་ཀ་ལི། says:
    2012-01-12 at 5:21 pm

    དེ་བདེན་པ་རེད་། ང་ཚོས་ཚང་མས་ལུས་མཆོད་འབུལ་རྒྱུའི་སྐོར་། ཕྱིན་ཆད་དེ་འདྲ་མི་ཡོང་བའི་རེ་བསྐུལ་ཡང་ཡང་ཞུས་གནང་ན་དགའ་ས་མ་རེད་དམ། འོན་ཏེ་འདས་པོ་དེ་རྣམས་ང་ཚོས་དུས་རྒྱུན་དུས་ཡིད་མི་འདོར་བ་ཡོད་པ་སྨྲོས་མ་དགོས་ཀྱང་།། སླད་འདི་རིགས་མི་ཡོང་བའི་ཐབས་ལམ་གང་འདྲ་དགོས་རེད་ལན་ཞིག་གནང་། ཧ་ཅང་འདིའི་ལམ་དུ་མང་པོ་ཡོང་ན་བོད་མི་རིག་དེའང་རྩ་གཏོར་ཡོང་ཉེན་མེད་པ་མ་ཡིན་པས་ད་ལྟ་ནས་རྒན་གཞོན་བར་གསུམ་གྱིས་ཐུགས་ལ་འཇོག་གནང་།

  8. ཁྱི་ཕྲུག says:
    2012-01-13 at 1:21 pm

    རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རང་ལུས་མེར་བསྲེགས་ཀྱི་སྐོར་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་གང་མགྱོགས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་མཐོང་རྒྱུ་ཡོད་པའི་གློག་བརྙན་ཐུང་ངུའི་བརྒྱུད་ལམ་ཁྲོད་འཛམ་གླིང་གི་དྲ་ཚིགས་ཁག་ཚང་མར་ཁྱབ་བསྒྲགས་བྱེད་ངེས་ཡིན།

  9. སྦྲ་རིགས་ཐོགས་མེད། says:
    2012-01-13 at 2:24 pm

    ཁྱི་ཕྲུག་ལ་སྒུག་ནས་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཁྲོད་ཁྱི་ཕྲུག་འཇོན་པོ་ཡོད་རབས་སྔོན་མ་ནས་གོ་མྱོང་ཡོད།

  10. རྒྱ་མཚོ་ཆེན་པོ་ says:
    2012-01-13 at 5:07 pm

    མཚན་མོ་མུན་ནག་ཁྲོད་དུ་སྨྲ་ཤེས་དོན་གོ་བ་མིས་མཐོང་ཐུབ་ཀྱིས་མེད་ཀྱང་ཁྱིས་མཐོང་ཐུབ་མ་ཟད་ཕྲུག་གུ་ཡིན་ན་ད་དུང་སྡོད་རྒྱུ་མང་བས་ང་ནི་དགའ་ཤིན་ཏུ་བདེ་མིང་དོན་མཚུངས་པའི་དཔེར་བཞག་ན་དེ་ལྟར་མིན་འགྲོ།།།། མགྱོགས་པོ་གནང་ཡ་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme