Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡི་གེའི་སྐོར་འདིར་གསལ་བཤད་ཅིག་གནང་རོགས།

Posted on 2013-04-17 By ཁ་བརྡ་ 7 Comments on ཡི་གེའི་སྐོར་འདིར་གསལ་བཤད་ཅིག་གནང་རོགས།

མེ་ཏོག་དཀར་པོ།

དེ་ལ་ཡིག་བཤད་མཁས་པའི་ཁ་རྒྱན་ལས། དེ་ལྟ་བུའི་ཡིག་སྲོལ་ཐོག་མར་ཕྱེ་བ་དེ་ནས་བཟུང་སྟེ། གྲ་ཤོད་གཉིས་ཀྱི་བར་དུ་དར་རྒྱས་སུ་བྱུང་བ་དེ་ལ་སྔ་དར་ཞེས་བྱ་ཞིང་། དེ་ནས་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་རྗེས་སུ། མཁན་པོ་སྒྲོ་གཉའ་ཁྲི་བྱ་བས། སྔ་མའི་ཡིག་རིགས་ལ་བརྟག་སྟེ་གྲ་ཤོད་གཉིས་ཀྱི་ལུགས་སུ་བྲིས་ཀྱང་ཇི་བཞིན་མ་བྱུང་བར་བརྟེན། པར་སར་ཞེས་བྱ་བའི་ཡི་གེ་དར་བ་དེ་ལ་བར་དར་ཞེས་བྱ་ཞིང་། དེའི་རྗེས་སུ་ལོ་ཆེན་ཤེས་རབ་དབང་ཕྱུག་མན་ཆད་དུ་དར་བ་དེ་ལ་ཕྱི་དར་ཞེས་བྱའོ།། དེ་ལྟར་བོད་དུ་དར་ནུབ་ཅི་རིགས་པ་བྱུང་ནའང་། ཀུན་གཟིགས་ལྔ་པ་ཆེན་པོས་བསྟན་པ་རིན་པོ་ཆེ་ལ་བཀུར་སྟི་རྒྱ་ཆེར་མཛད་པའི་དྲིན་ལས་ཐ་ན་ཡི་གེའི་ཐིག་རྩ་སོགས་ཀྱང་གནས་པའི་རྒྱུན་ལས། ཨོས་ལོད་ཅུང་ཀར་དུ་བསྟན་པ་དར་སྐབས་སུ། ཞེས་གསུངས་པའི་ནང་དུ་གྲ་ཤོད། མཁན་པོ་སྒྲོ་གཉའ་ཁྲི། པར་སར་སོགས་དོན་མ་ཐུབ་པ་ཇི་སྙེད་ཅིག་འདུག་པར་མཁྱེན་དཔྱོད་ལྡན་པ་དག་གིས་གསལ་བཤད་སྩོལ་ཅིག

སྣ་ཚོགས།

Post navigation

Previous Post: དུར་ཁྲོད།
Next Post: གོས་དུམ་སྐྲ་སེན་ཆབ་བསིལ་ཡང་དད་ཅན་ཚོས་ཁྱེར་བ་དང་བཏུང་བའི་སྐོར།

Comments (7) on “ཡི་གེའི་སྐོར་འདིར་གསལ་བཤད་ཅིག་གནང་རོགས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-17 at 1:19 pm

    བསྟན་པ་སྔ་དར་དང་། བསྟན་པ་ཕྱི་དར་གཉིས་ཀྱི་བར་ལ་བོད་ཀྱི་སྐད་ལ་མི་འདྲ་བའི་ཁྱད་པར་ཡོད་དམ། ཁོ་བོས་གོ་ཐོས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཞི་བ་འོད་ལ་སོགས་པས་གཞུང་ལུགས་མང་པོ་རྒྱ་གར་ནས་བོད་དུ་བསྒྱུར་པ་དང་། ཇོ་བོ་རྗེ་དཔལ་མར་མེ་མཛད་ཡེ་ཤེས་སོགས་བོད་ལ་བྱོན་ནས་ཆོས་གསུངས་ནས་སངས་རྒྱས་ཀྱིབསྟན་པ་ཉམས་པ་སླར་གསོས་པ་ལ་བསྟན་པ་ཕྱི་དར་ཞེས་གྲགས་པར་བསམས་སོ།།

  2. གནམ་ནས། says:
    2013-04-17 at 5:20 pm

    ༧རྒན་ལགས། འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་མ་འཕེན་རོགས། གོང་གི་དྲི་བ་དང་རྒན་ལགས་ཀྱི་ལན་འདེབས་གཉིས་ནི་ཚོམས་ལས། ཉི་མ་ཟླ་བའི་བར་ཐག་རིང་བ་སྟེ།། ཞེས་པའི་དཔེར་གྱུར་འདུག་པ་ལགས་པས།
    དགོངས་དཔྱད་གནང་འཚལ། ཁྱད་པར་དུ་རྒན་གྱི་གསུངས་སྟངས་ལ་བལྟས་ན་ཧ་ལམ་སངས་རྒྱས་ཀྱི་བསྟན་པ་
    རིན་པོ་ཆེ་་ལོ་ཆེན་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཞི་བ་འོད་ལ་སོགས་པས་གཞུང་ལུགས་མང་པོ་རྒྱ་གར་ནས་བོད་དུ་བསྒྱུར་པ་དང་། ཇོ་བོ་རྗེ་དཔལ་མར་མེ་མཛད་ཡེ་ཤེས་སོགས་བོད་ལ་བྱོན་ནས་ཆོས་གསུངས་ནས་སངས་རྒྱས་ཀྱིབསྟན་པ་བོད་དུ་དར་མགོ་བཙུགས་པ་ལྟ་བུའི་སྣང་བའང་འཚར་དུ་འཇུག་པས། ཡོད་ཚད་དེ་ལྟར་ཡིན་པ་མ་རེད། གཞན་པར་སེར་ཞེས་པ་ནི་ཡི་གཟུགས་ཞིག་གི་མིང་རེད། དཔེར་ན་ཨ་ལགས་ཞབསམདྲུང་ཚང་གི་དབྱངས་ལྡན་ཡིག་གསར་ཞེས་པ་ནང་བཞིན་རེད། སྒྲོ་གཉའ་ཁྲི་ལ་སོགས་པའི་ལོ་རྒྱུས་འཚལ་བའི་ཡི་གེའི་བྱུང་རབས་ལས་གསལ་བོར་བཀོད་འདུག་ན། དོན་གཉེར་ཅན་དག་དེར་འཇུག་པར་རེམ་ཤིག ok འདུས་པ་རྣམས་རང་རང་གནས་སུ་གཤེགས་པར་བྱའོ།།

  3. གནམ་ནས། says:
    2013-04-17 at 5:23 pm

    བཅོས། གཞན༲་པར་སེར་༳ཞེས་པ་ནི་ཡིག་གཟུགས་ཞིག་གི་མིང་རེད། དཔེར་ན་ཨ་ལགས་ཞབས་དྲུང་ཚང་གི་དབྱངས་ལྡན་ཡིག་གསར་ཞེས་པ་ནང་བཞིན་རེད། སྒྲོ་གཉའ་ཁྲི་ལ་སོགས་པའི་ལོ་རྒྱུས་འཚལ་བའི་ཡི་གེའི་བྱུང་རབས་ལས་གསལ་བོར་བཀོད་འདུག་ན། དོན་གཉེར་ཅན་དག་དེར་འཇུག་པར་རེམ་ཤིག ok འདུས་པ་རྣམས་རང་རང་གནས་སུ་གཤེགས་པར་བྱའོ།།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-17 at 8:11 pm

    གནམ་ལེགས། ནོར་འཁྲུལ་ལ་དགོངས་དག

  5. གནམ says:
    2013-04-17 at 9:17 pm

    གནམ་དང་གནམ་ནས་གཉིས་དྲ་འབུ་ཁ་ཁ་སོ་སོ་ཡིན། རྒན་ལ་ཐོག་པ་ལགས།

  6. མེ་ཏོག་དཀར་པོ says:
    2013-04-18 at 12:20 am

    གནས་ནས་ལགས། ཡི་གེའི་ལོ་རྒྱུས་དེ་སུས་བྱས་ཤིང་། གང་ནས་འཐོབ། སྨྲོས་འཚལ།

  7. ངག་དབང་རྒྱ་མཚོ། says:
    2013-04-28 at 2:00 pm

    བསྟན་པ་སྔ་ཕྱི་དར་ཚུལ་དང་། ཡི་གེ་སྔ་ཕྱི་དར་ཚུལ་གཉིས་ཅུང་མི་འདྲ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme