Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་རྗེ་ལགས། ངས་ས་མཐའ་ནས་ཁྱོད་ལ་སྤྲ་ཚིལ་སྒྲོན་མེ་འབུལ།

Posted on 2009-12-11 By དགེ་རབ་ 3 Comments on ཡབ་རྗེ་ལགས། ངས་ས་མཐའ་ནས་ཁྱོད་ལ་སྤྲ་ཚིལ་སྒྲོན་མེ་འབུལ།

གཅན་བཟོད་རྒྱམ།

_______ལྕགས་ཤོག་ཁང་ཆུང་ནང་ནས་རྗེའི་གདུང་མཆོད་འབུལ།

སྤྲ་ཚིལ་སྒྲོན་མེ་ཞིག་ཡིད་ཀྱིས་བཏེགས་ཏེ། གཙུག་ལག་ཁང་དུ་རྗེའི་གདུང་མཆོད་འབུལ་དུ་སོང་ཡང་། ཡབ་རྗེ་བླ་མ་དྲན་བཞིན་མིག་ནས་མཆུ་མ་འདོན་མཁན། ང་དང་ཕྱི་གླིང་མགོ་སེར་འགའ་ལས་མི་འདུག ངས་ཕྱི་གླིང་བ་ཚོ་དང་ལྷན་དུ་རྟེན་འབྲེལ་བསྟོད་པ་ཚར་གཅིག་འདོན་བསམ་ཡང་། མགོ་སེར་ཚོས་དབྱིན་སྐད་ཀྱིས་བཏོན་སོང་བས། ངས་རང་གི་བློ་ན་རྟེན་འབྲེལ་བསྟོད་པ་མེད་པ་གཞི་ནས་ཤེས།

ད་ནི་དམིགས་བརྩེ་མ་ཚར་གཅིག་འདོན་རྒྱུ་ལས་གཞན་ཅི། དམིགས་བརྩེ་མ་ནི་རྗེའི་བསྟོད་པ་ཚིག་ཉུང་དོན་འདུས་ཤིག་ཡིན་ནའང་། རྟེན་འབྲེལ་བསྟོད་པ་ཞིག་མ་བཏོན་པར་ངའི་སེམས་ཁ་རྩ་བ་ནས་གང་གི་མི་འདུག

སྒྲོན་མེ་ཡང་སར་མ་བཞག་པར་ཁ་ཕྱིར་འཁོར་མ་ཐག རླུང་བུ་ཡང་མོ་ཞིག་གིས་སྒྲོན་མེ་གཟིམ་པ་དང་། ང་ཡང་ཟ་ཁང་ཆུང་ཆུང་ཞིག་ཏུ་སླེབས་འདུག

ད་ནི་དགོང་ཟས་ཞིམ་པོ་ཞིག་ལ་རོལ་དགོས་པ་ཡིན་འདྲ། ཁ་ཟས་ཅི་ཡང་མ་ཟོས་པའི་སྔོན་ལ། ངས་གློ་བུར་དུ་མདང་དགོང་ཟློས་གར་ཁང་གི་མི་ཚོགས་དེ་དྲན་བྱུང་།

མོ་གསར་ཚོའི་འཁྲིས་ན། སྐྲ་མཐའ་དཀར་པོར་གྱུར་ཀྱང་། མགོ་བོ་གཟན་གྱིས་བཏུམ་པའི་ཨ་ཁུ་དེ་ཚོ་དོ་དགོང་གང་ལ་བུད་སོང་། ཁོང་ཚོ་ཡང་ང་ནང་བཞིན་རྟེན་འབྲེལ་བསྟོད་པ་མི་ཤེས་མཁན་རྐྱང་རྐྱང་ཡིན་ནམ། དམིགས་བརྩེ་མ་ཡང་མི་ཤེས་པ་ཡིན་ནམ།

ཡང་ངས་གློ་བུར་དུ་གྲྭ་ས་རྒྱ་མཚོ་དྲན་བྱུང་། ལོ་ངོ་དྲུག་བདུན་ཅན་གྱི་བན་ཆུང་ཚོ། དམིགས་བརྩེ་མ་དང་རྟེན་འབྲེལ་བསྟོད་པ་འདོན་པའི་གདངས་དབྱངས་སྙན་མོས། སྐར་ཚོགས་ཀྱི་མིག་ཆུ་མཁའ་ལས་བབས་ཤིང་། ཟླ་བའི་སེམས་རྩ་ཡང་འདར་བར་བྱ། ཕྱག་གསུམ་དབང་མེད་དུ་ཤོར་བའི་བན་ཅུང་ཚོ། རྗེ་བླ་མས་ཁྱོད་རང་རྗེས་སུ་གཟུང་དུ་གསོལ།

ང་ཕྱིར་ནང་དུ་འབྱོར་མ་ཐག སླར་ཡང་སྤྲ་ཚིལ་སྒྲོན་མེ་བདུན་སྦར་རྗེས། རྟེན་འབྲེལ་བསྟོད་པའི་དཔེ་ཆ་ལག་ཏུ་བླངས་ཀྱང་། ཡིག་ངོ་ཅི་མི་ཆོད་པས། ཤོག་སྨྱུག་བླངས་ནས་འདི་ལྟར་བྲིས་པ་ཡིན།

སྤྱི་ལོ་༢༠༠༩ལོའི་སྤྱི་ཟླ་༡༢པའི་ཚེས་༡༡དགོང་མོའི་དུས་ཚོད་༡༡་ཐོག་བྲིས་ཏེ་སྤེལ་བ་དགེའོ།།

སྙན་ངག

Post navigation

Previous Post: ༄༅། །འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང༌ཕྱག་བཏབ་ནས་མི་ལོ་ཧྲིལ་བོ་༦༠༠འཁོར་བ།
Next Post: བོད་ཀྱི་འཚོ་བ་མཚོན་པའི་ལེགས་སྐྱེས་ཆུང་ཆུང་།

Comments (3) on “ཡབ་རྗེ་ལགས། ངས་ས་མཐའ་ནས་ཁྱོད་ལ་སྤྲ་ཚིལ་སྒྲོན་མེ་འབུལ།”

  1. yeshe says:
    2009-12-12 at 1:59 am

    རྗེ་ཙོང་ཁ་པས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་འོས། ཁྱོས་དཀའ་ལས་བརྒྱབ་འདུག

  2. འཆི་བདག་སྐྱབས་། says:
    2009-12-12 at 4:21 am

    རྗེ་ཙོང་ཁ་པས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་འོས། ཁྱོས་དཀའ་ལས་བརྒྱབ་འདུག

  3. ཅོ་རི་ཉི་མ། says:
    2009-12-14 at 12:42 pm

    རྗེ་རིན་པོ་ཆེན་ཁྱེད་གཉིས་ཕ་ཡུལ་གཅིག་པ་ཡིན་པ་འདྲ།
    གྲྭ་ས་དྲན་ན་ཡར་བསྐྱར་ཕེབས་ན་འགྲིག་པ་མེད་འགྲོ་ཡིན་ཡང་དྷ་སའི་འཇིག་རྟེན་འཁོར་བ་བློས་གཏོང་ཐུབ་པ་འདུག་གམ
    ཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme