Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་གཞིས་སྟག་མཚེར་ཚང་གི་ལྷ་སྲས་ཀུན་དགའ་ནོར་བུ་མཆོག་རང་བཙན་ཚོགས་འདུར་ཞུགས།

Posted on 2016-07-132016-07-14 By སྤོབས་པ་མཐའ་ཡས། 25 Comments on ཡབ་གཞིས་སྟག་མཚེར་ཚང་གི་ལྷ་སྲས་ཀུན་དགའ་ནོར་བུ་མཆོག་རང་བཙན་ཚོགས་འདུར་ཞུགས།

སྤོབས་པ་མཐའ་ཡས།

 
བོད་གངས་ལྗོངས་པ་སྤྱི་དང་བྱེ་བྲག་ཏུ་མདོ་སྨད་པ་རྣམས་ལ་མཚོན་ན་སྟག་མཚེར་རིན་པོ་ཆེ་ཡབ་སྲས་རྣམས་ནི་སྤོབས་པ་བྱ་ཞིང་མིག་དཔེར་འོས་པའི་མི་སྣ་ཤ་སྟག་རེད། སྟག་མཚེར་རིན་པོ་ཆེ་ནི་མདོ་སྨད་སྐུ་འབུམ་དགོན་པའི་སྤྲུལ་སྐུ་ཞིག་རེད། ཁོང་ནི་ཆོས་ལུགས་ཀྱི་གོ་གནས་དང་མཚན་མཐོང་ཆེ་བ་ཙམ་དུ་མ་ཟད་ཆབ་སྲིད་ཀྱི་གཟིགས་རྒྱ་ཡངས་ཤིང་དཔའ་མཛངས་ལྡན་པ་ཞིག་ཀྱང་རེད། བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་པའི་སྐབས་སུ་ཁོང་གིས་རྒྱ་དམར་ལ་ངོ་དགའ་དང་རྒྱལ་ཚོང་གི་ལས་སྣ་གཅིག་ལ་ཡང་ཞུགས་མ་མྱོང་། དེར་བརྟེན། སྟག་མཚེར་རིན་པོ་ཆེ་ཡིས་ཞབས་རྗེས་གཙང་མ་གཙང་རྐྱང་བཞག་ནས་ང་ཚོ་དང་ཞལ་གྱེས་པ་རེད།

སྟག་མཚེར་རིན་པོ་ཆེ་ཞལ་བཞུགས་པའི་དུས་སུ་བོད་རང་བཙན་ལས་འགུལ་སྣ་ཚོགས་རྒྱུན་མ་ཆད་དུ་སྤེལ་མྱོང་ཞིང་། ཁོང་སྐུ་གཤེགས་རྗེས་སུ་ཁོང་གི་སྲས་རྒན་གཞོན་ཚོས་ཀྱང་ཡབ་ཀྱི་ཕྱག་ལས་མུ་མཐུད་དུ་རྒྱུན་བསྐྱངས་དང་སྐྱོང་བཞིན་ཡོད། ཉེ་བའི་ཆར་ཟླ་༧པའི་ཚེས་༡་ནས་༣་བར་གྲོང་ཁྱེར་ནེའུ་ཡོག་ཏུ་འཚོགས་པའི་རྒྱལ་སྤྱིའི་རང་བཙན་ཚོགས་འདུའི་སྟེང་དུ་བོད་ཀྱི་ས་ཁུལ་ཆེན་པོ་གསུམ་གྱི་མི་སྣ་གནད་ཡོད་མང་པོ་མཉམ་ཞུགས་བྱས་ཡོད་པའི་ཁོངས་སུ་མདོ་སྨད་པ་སྟག་མཚེར་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ་ཡང་མཉམ་ཞུགས་གནང་། ཁོང་ནི་མཐའ་གཅིག་ཏུ་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་ཚུལ་དང་། བོད་རང་བཙན་འཐབ་མོ་བ་ཞིག་ཡིན་པའི་ཐ་ཚིག་གསལ་བར་བསྒྲགས་ཡོད། འདིས་ནི་དབུ་འཕངས་ཅི་ལས་ཀྱང་དམའ་བའི་བོད་ཀྱི་ལས་དབང་ལ་སླར་ཡང་རེ་བ་ཞིག་དང་སྤོབས་པ་ཞིག་སྟེར་གྱིན་ཡོད།

རྒྱལ་བ་རིན་པོ་ཆེ་དང་སྟག་མཚེར་རིན་པོ་ཆེ་མི་འདྲ། སྟག་མཚེར་རིན་པོ་ཆེ་ནི་འཁྲུངས་གཞིས་མདོ་སྨད་ཡིན་པ་ཙམ་དུ་མ་ཟད། དགེ་ལུགས་པའི་སྲོལ་འབྱེད་རྗེ་ཙོང་ཁ་པའི་འཁྲུངས་གནས་སྐུ་འབུམ་དགོན་པའི་སྤྲུལ་སྐུ་ཡིན་སྟབས་ཆོས་སྲིད་གཉིས་ཆར་གྱི་ཐད་ནས་བཀྲུས་ན་མི་དག་པའི་བོད་མདོ་སྨད་ལྗོངས་ཀྱི་ཚབ་མཚོན་མི་སྣ་དང་མིག་དཔེ་ཡོད་ན་མེད་ན་ཞིག་ཀྱང་རེད། དེར་བརྟེན། ང་ཚོས་བྱ་དོང་དུ་ལྷུང་ཡང་བྱ་མིག་གྱེན་ལ་ལྟ་བའི་དཔེ་བཞིན་དུ། གཤིན་པོའི་ཁ་ཆེམས་དང་། གསོན་པོའི་རེ་བ་སྟེ་བོད་རང་བཙན་ལ་འབད་པ་དང་མ་མཐའ་ཡང་རེ་བ་མི་འདོར་བར་བྱའོ།།

ངོ་སྤྲོད།

Post navigation

Previous Post: དུར་ལམ་སྤུར་རྒྱལ་བང་སོ།
Next Post: ༄༅། །སི་ཏུའི་སུམ་རྟགས་འགྲེལ་ཆེན་གྱི་ཁྲིད་ཐབས་མདོར་བསྡུས།

Comments (25) on “ཡབ་གཞིས་སྟག་མཚེར་ཚང་གི་ལྷ་སྲས་ཀུན་དགའ་ནོར་བུ་མཆོག་རང་བཙན་ཚོགས་འདུར་ཞུགས།”

  1. ཆོས་ཀྱི་སྣང་བ། says:
    2016-07-13 at 10:25 pm

    (རྒྱལ་བ་རིན་པོ་ཆེ་དང་སྟག་མཚེར་རིན་པོ་ཆེ་མི་འདྲ།)
    ཧེ་ཧེ་ཅི་ལ་འདྲ། རྒྱལ་བ་རིན་པོ་ཆེས་བོད་སྤྱིའི་བདེ་སྡུག་གཟིགས་དགོས་ལ། སྟག་འཚེར་གྱིས་རང་ཁོ་ནའི་སྡུག་ནད་ཁོང་བཅང་དང་བྱུང་ན་དགེ་ལུགས་ཀྱི་ཆོས་བརྒྱུད་སྤེལ་བའི་རེ་བ་ཙམ་རེད།

  2. དཔའ་ཆེན་དོན་གྲུབ་ says:
    2016-07-13 at 11:27 pm

    སྟག་འཚེར་རིན་པོ་ཆེ་གལ་ཆེན་རེད། དེང་གི་རང་བཙན་རྩོད་ཀྱི་ཡིན་ཟེར་མཁན་ཚོ་དང་མི་འདྲ་བར་དགོངས་གཞི་ཟབ་མོ་རེད། མདོ་སྨད་ཀྱི་གནད་ཡོད་མི་སྣ་རེད། ཀུན་དགའ་ནོར་བུ་ཟེར་བ་ཅི་ལྟར་མདོ་སྨད་ཀྱི་ཚབ་ཆགས་སོང་བ་རེད་དམ། ཀླུ་མཁར་བྱམས་ཅིའི་ཕྱིར་མ་ཆགས་པ་རེད་དམ།

    སྤོབས་པ་མཐའ་ཡས། མི་མང་ལ་འུར་སློང་བ་དང་མགོ་སྐོར་བའི་གཏམ་བརྗོད་མ་སྤེལ་རོགས།

  3. ཅང་ཤེས་རྟ་མཆོག says:
    2016-07-13 at 11:52 pm

    སྤོབས་པ་མཐའ་ཡས་ནི་མཐའ་ཡས་རང་རེད། རྒྱལ་འགོང་ཞིག་གིས་བརྒྱུད་བརླམ་པའམ་གུང་ཁྲན་གྱིས་བསླུ་ཉོ་བྱས་པའི་གདོང་རིས་གསལ་དུ་གསལ་དུ་འགྲོ་བཞིན་འདུག བག་མེད་ཅན།

  4. བློ་གྲོས་རབ་བརྟན་ says:
    2016-07-14 at 12:01 am

    ཨ་ལེ། ཚོགས་འདུ་ལ་མི་50 ཡོད་པ་ཆ་ཞོག མི་གཉིས་ཨ་མདོ་རེད། ཨ་ཚོགས་དང་སྟག་འཚེར་བུ་རེད། དབུས་གཙང་ནི་མེད། གཞན་48 ཁམས་པ་རེད་འདུག

  5. ྸཨ་འབར་འཛིགས་དབང། says:
    2016-07-14 at 12:31 am

    ༅༅། མི་ལོ་དྲུག་བཅུ་ཟིན་པའི་་ཕ་མགོ་དཀར་ལ་བུ་ཞིག་སྐྱེས་པའི་དཔེ་ལྟར་རེད།
    བོད་རྒྱ་དམར་པོས་ཧམ་ཟས་བྱས་ཏེ་མི་ལོ་དྲུག་བཅུ་བརྒལ་རྗེས་རང་བཙན་ཡིན་ཞེས་ཕྲུ་གུ་དམར་སྦྱར་བས་སྡུག་སྐད་བརྒྱབ་པ་དེ་ཧ་ལས་རྒྱུ་གང་ཡང་མེད། རང་བཙན་ཡིན་ཞེས་སྟོང་བཤད་དང་ སྟོང་ཚོགས་ སྟོང་བྲིས་བྱས་ནས་དུས་ཚོད་འཕྲོ་བརླག་རེད།
    འཇོན་པོ་རྒོད་པོ་ཡིན་ན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མགོ་མདུན་དུ་ཉལ་ནས་རང་སྲོག་མི་ཁ་ཤས་གཅོད་དང་། དེ་ནས་ག་རེ་བྱེད་ཀྱི་འདུག་བལྟ་ཆོག་ འུར་གཏམ་ཁ་ཤས་བཤད། ཕར་ཚུར་ཁ་བཏགས་གཡོགས། ཕན་ཚུན་བསྟོད་ར་འདྲ་བཏང།
    མཐའ་མ་དེ་ལ་ཁ་ལག་ལེགས་པོ་ཞིག་ཟས། ཆང་མང་ཐག་ཆོད་བཏུང་ དེ་ནས་འཇའ་ཡལ་ན་ཅི་བྱེད་ ཆོ་མེད། བྱེད་རྒྱུ་གང་ཡང་མེད།

  6. ཚེ་རིང་ says:
    2016-07-14 at 1:18 am

    སྤོབས་མཐའ་དང་ཅོ་རི་ཟེར་མཁན་རྣམས་ལ་དྲྭ་གྲོགས་ཚོས་ཟབ་ཟབ་གནང་དགོས་་་་་་རང་བཙན་ལ་ཤ་ཞེན་ཡོད་དོག་མང་པོ་བཤད་ནས་དོན་དངོས་དམིགས་ཡུལ་གང་ཞིག་འགྲུབ་ཐབས་བྱེད་ཀྱི་ཡོད་དམ་་་་་་་་་་་་རོང་པའི་མི་ལ་་་ཚ་བའི་གཡའ་ཟེར་བ་ཤིན་ཏུ་བདེན།

  7. དོན་ཡོད། says:
    2016-07-14 at 1:20 am

    བློ་གྲོས་རབས་བསྟན་ཞེས་པས་དཀྲོག་གཏམ་རྒྱུན་དུ་སྤེལ་གྱི་འདུག འདིར་གསལ་བཤད་ཐེངས་གཅིག་བྱེད། དབུས་གཙང་པ་ཚོ་དད་ཞེན་ཆེན་པོ་རེད་ལ། རིགས་ཞེན་ཡང་ཆེན་པོ་ཡིན་པ་མ་ཟད། ཐེངས་འདིའི་ནིའུ་ཡོག་ཚོགས་འདུའི་ཐོག་རོབ་རྩིས་བྱས་ན་དབུས་གཙང་མང་བ་ཡིན་པ་མ་ཟད། གོ་སྒྲིག་འགན་ཁུར་བ་གཙོ་གཉིས་ནི་དབུས་གཙང་རེད། ཨ་མདོ་ག་ཚོད་ཡོད་མ་ཤེས་ཀྱང་། བཙན་བྱོལ་ནང་གི་མི་གྲངས་དཔག་པས་ནམ་རྒྱུན་མང་པོ་འདུག
    ༢༠༡༢ ལོར་རྡ་སར་ཉིན་གཅིག་རིང་རང་བཙན་འཚོགས་འདུ་ཞིག་འཚོགས་འདུག སྐབས་དེར་མི་ལྔ་བཅུ་ཙམ་པའི་འཛོམས་པའི་ནང་ནས་མང་ཤོས་དབུས་གཙང་དང་། དེ་ནས་ཁམས་པ། དེ་ནས་ཨ་མདོ་རེད། བཙན་བྱོལ་ནང་གི་མི་གྲངས་མང་ཉུང་ཡང་དེ་འདྲ་རེད། སྐད་ཆ་འདི་དྲང་པོ་འདྲ་བཤད་ཐུབ་ན་ཡག་པོ་རེད་སྙམ་ནས་བྲིས།
    ཁ་བརྡ་དྲ་ཚིགས་འདི་ཕྱོགས་དང་དཀྲོག་གཏམ་རྐྱང་སྤེལ་ས་ལྟ་བུར་ངོས་འཛིན་མ་ཡོང་པ་བྱུང་ན་ཡག་པོ་རེད་་

  8. སྤྱན་ཆེན་པོ། says:
    2016-07-14 at 1:23 am

    སྟག་མཚེར་རིན་པོ་ཆེ་་དང་ཁོང་གི་སྲས་དག་ནི་ཁ་ཡོད་ལག་ཡོད་ཀྱི་བོད་རང་བཙན་རྒྱ་གཞུང་ལ་རྩོད་མཁན་ཞིག་རེད་ལ་ཉེ་སྔོན་ནེའུ་ཡོག་རང་བཙན་འདུ་ཚོགས་ལ་ཞུགས་མཁན་རྣམས་ནི་ཝ་མོ་དང་ཅེ་སྤྱང་བཞིན་རྒྱ་གཞུང་ལ་རྔ་མ་གཡུག་བཞིན་རང་བཙན་བོད་གཞུང་ལ་རྩོད་མཁན་རྣམས་ཡིན་པས་སྟག་མཚེར་རིན་པོ་ཆེ་དང་དམ་པ་ཁོང་གི་སྲས་སོགས་ཝ་མོ་དང་ཅེ་སྤྱང་། ཁྱི་ཕྲུག་སོགས་དང་བསྡུར་གིན་མ་འདུག

  9. ཞོལ་གཡག་འབྲོང་རྒྱུད། says:
    2016-07-14 at 3:42 am

    ཡང་ཡབ་གཞིས་ཚང་ལ་སྤྲེལ་ལད་འཁྲབ་ཞོར་གཞན་ལ་ཁ་བརྡུང་གཏོང་གིས། བོད་མི་རིགས་འདི་དད་པ་ལོག་སྤྱོད་དང་བྲན་གཡོག་གཤིས་ཀ་ག་དུས་འདོར་སྲིད་དམ།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-14 at 4:01 am

    རང་བཙན་རང་དབང་གང་བསམ་བརྗོད་མཁན་ཚོ་།
    རྒྱལ་ཁབ་མི་རིགས་རྩ་དོན་སྲུང་མཁན་རེད་།
    བོད་མི་གཅིག་པའི་ལར་ཞེན་མེད་ན་ཡང་།
    རྐྱོན་འཛུགས་ཟུར་ཟའི་མཆན་འདེབས་ཉུང་ན་དགའ་།

  11. སྤོབས་པ་མཐའ་ཡས། says:
    2016-07-14 at 4:45 am

    འདྲ་པར་ལ་བལྟས་ན་དབུས་གཙང་གི་མི་སྣ་གནད་ཡོད་མང་པོ་ཡོད་པ་འདྲ། དེ་ཡང་དཔེར་ན། རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་དང་། ཞྭ་སྒབ་ཚང་གི་བརྒྱུད་པ་སོགས་ཀྱང་འདུག མདོ་སྨད་ནས་བོད་རང་བཙན་སླར་གསོ་པ་ཞེས་འབོད་པའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་དང་སྟག་མཚེར་གདུང་སྲས་སོགས། མདོ་སྟོད་པ་བོད་མི་མང་སྤྱི་འཐུས་མཁས་དབང་བསྟན་པ་ཡར་འཕེལ་སོགས་དབུ་བཞུགས་མཛད་འདུག དེ་མིན་མི་རེ་ངོ་རེ་ནས་ངོ་མི་ཤེས་པས་ཞུ་ཐབས་བྲལ།

  12. སྨུག་པ། says:
    2016-07-14 at 5:20 am

    ད་ལྟ་བར་རང་བཙན་རྩོད་པའི་སྟོང་གཏམ་བར་སྣང་ལ་ཤུགས་ཀྱིས་སྒྲོག་མཁན་ཚོའི་ནང་ན་ཤེས་ཡོན་དང་། ཉམས་མྱོང་། ལྷག་བསམ་ལྡན་པའི་སྒོ་ནས་བོད་ཀྱི་སྤྱི་ཚོགས་ལ་ཕན་པའི་བྱ་གཞག་འདི་བསྒྲུབས་པ་རེད་ཅེས་སྟོན་རྒྱུ་ཡོད་མཁན་གཅིག་ཀྱང་མི་འདུག ཡིག་ཐོག་དང་ངག་ཐོག།ཡང་ན་ལས་འགུལ་སོགས་ཀྱི་ངོས་ནས་རྒྱ་གཞུང་ལ་ཁ་གཏད་བཅགས་ཏེ་གྲུབ་འབྲས་བླངས་པའི་ལོ་རྒྱུས་ནི་ད་བར་སྤུ་ཙམ་ཞིག་སྟོན་རྒྱུ་མི་འདུག ཚང་མ་འཇམས་དབྱངས་ནོར་བུ་ཟེར་བའི་སྐུ་དྲག་རྒྱུད་པ་གླེན་པ་དེའི་རྐུབ་ལ་རྒྱུག་རྐྱང་བྱེད་ཀྱི་འདུག འཇམ་ནོར་ཁོང་སྐུ་དྲག་ཡིན་པས་ཁག་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་སྙིང་ནན་ཡོད་པ་རེད། སྲིད་གཞུང་གི་ལམ་ལུགས་ལ་བསྒྱུར་བཅོས་བཏང་སྟེ་དམངས་གཙོའི་ལམ་དུ་ཞུགས་པས་སྐུ་དྲག་ཚོའི་བུ་རྒྱུད་ལ་ཕ་ཤུལ་བུ་འཛིན་གྱི་གོ་སྐབས་མེད་པར་གྱུར་བ་རེད། རྒྱལ་བ་དོན་གྱི་བདག་པོས་ལམ་ལུགས་རྙིང་པར་འགྱུར་བ་བཏང་མཐར་ཁོང་ཡང་རིམ་བཞིན་སྱིད་སྟེགས་ལས་མར་བབས་ཏེ། མང་ཚོགས་དཀྱུས་མ་ཚོའི་ནང་ནས་ཤེས་འཇོན་ལྷག་བསམ་ལྡན་མཁན་ཚོར་བོད་ཀྱི་སྲིད་དབང་སྐྱོང་བའི་འགན་དང་གོ་སྐབས་གཉིས་ཀ་ཡོད་པར་བཟོས་པ་རེད། ས་པཎ་མཆོག་གིས་ ” ཁྱི་རྒན་ཀུ་ཅོ་སྒྲོག་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུག། ། “གསུངས་བའི་དཔེ་བཞིན། འཇམ་ནོར་གྱིས་རྒྱ་ལ་ཁ་གཏད་མི་གཅོག་པར་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲུག་འཛུགས་ལ་ཁ་གཏད་གཅོག་པའི་སྐད་ཅོར་གང་སར་སྒྲོག་པའི་སྐབས། མགོ་རྨོངས་ཤིང་། ལྟ་བ་དང་ལངས་ཕྱོགས་ངེས་གཏན་མེད་པ། རྒྱལ་ཞེན་དང་ལྷག་བསམ་མེད་པའི་མི་དོན་གྲུབ་ལྷ་དར་ཟེར་བ་དེ་དང་། བསྟན་པ་ཡར་འཕེལ་ཟེར་བའི་གྲྭ་བའི་གཟུགས་ཅན། ཀླུ་མཁར་བྱམས་ཟེར་བའི་གླེན་པ་འགའ་འཇམ་ནོར་གྱི་ཁྱི་སྐད་དང་འགྲོགས་ནས་གང་སར་རྒྱུག་པ་ལ་ཡ་མཚར་རྒྱུ་ཅི་ཡོད། སྙིང་རྗེ།

  13. ཀརྡོ་གཉེར་ཕྱག་པ་་ says:
    2016-07-14 at 6:13 am

    དབུས་ལམ་སྔོན་གྱི་རང་བཙན་རྫུན། །
    དབུས་ལམ་རྗེས་ཀྱི་རང་བཙན་དངོས། །
    དབུས་ལམ་སྔོན་གྱི་རང་བཙན་གནོད། །
    དབུས་ལམ་རྗེས་ཀྱི་རང་བཙན་ཕན། །

  14. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-14 at 7:20 am

    རང་བཙན་གླེང་མཁན་རང་གི་ཐོབ་ཐང་རེད་།
    དབུ་མ་གླེང་མཁན་བོད་ནང་དཀའ་གསེལ་རེད་།
    རང་བཙན་དབུ་མ་གང་ལ་གླེང་འདོད་ཀྱང་།
    བཙན་བྱོལ་མ་དཀྲུགས་རྒྱ་ལ་རྩོད་རོགས་གནང་།

  15. ཀརྨ་བློ་གསལ་ says:
    2016-07-14 at 7:31 am

    མང་ཚོགས་ནས་ཤེས་དགོས་པ་ནི་ཡབ་གཞིས་ལའང་ལྟ་བ་མི་མཐུན་པས། བོད་མི་མང་ད་ཡིན་ད་ཡིན། ལྟ་བ་མ་འདྲ་བའི་རྩོད་གླེང་བརྒྱུད་ནས་ལམ་ཁ་གང་རུང་ཞིག་བརྙེད་ཐུབ་ངེས་ཡིན།

  16. གཡག་རྒོད says:
    2016-07-14 at 10:08 am

    ཡབ་གཞིས་སྟག་ལྷ་ཟེར་དགོས་བ་མིན་འགྲོ། དེང་སང་ཡབ་གཞིས་སྟག་མཚེར་ཞེས་བྲིས་བ་འདུག་ཀྱང་དོན་དུ་སྟག་ལྷ་ཡིན་པ་ཡོད། ཀུན་ཀྱིས་དཔྱོད་པར་འཚལ།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-07-14 at 10:12 am

    ལོ་ངོ་བརྒྱ་དང་བདུན་ཅུ་ཙམ་སྔོན་དུ། ལ་དྭགས་སིང་པའི་འོག་ཏུ་ཤོར། དམག་འཁྲུགས་སྐབས་སུ་བསམ་ཤེས་དམན་པའི་སིང་པའི་དམག་མི་གཞོན་པ་མང་པོས་གཏོར་ཤིག་ཚད་མེད་བྱས། དམག་འཁྲུགས་འཇམ་པའི་རྗེས་སུ་རྒྱ་གར་ཇམྨུ་རྒྱལ་པོའི་ཁྲིམས་འོག་ལ་དྭགས་ལེགས་པར་བསྐྱངས། ལ་དྭགས་རྒྱལ་པོའི་མངའ་འོག་ཏུ་ཁྲལ་ལྕི་བ་ཡོད་པ་རྨོ་ཞིག་གིས་བཤད་པ་ཐོས།
    དིང་སང་ལ་དྭགས་མི་མངས་རང་གིས་དབང་སྒྱུར།
    ༡༩༨༧ ལོར་༧པཎ ཆེན་སྐུ་གོང་མ་ལོ་མང་རྗེས་སུ། གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་བསུ་ཞུ་བར་ཡོད་པ་ན། བོད་པ་མི་ཞིག་གིས་བོད་ལ་རང་བཙན་འཐོབ་ཀྱི་མ་རེད། པཎ་ཆེན་གསུང་གི་ཡོད་རེད། ཅེས་ མ་མོས་པའི་བཤད་པ་གོ་བྱུང་།
    ༧ རྒྱལ་བ་པཎ་ཆེན་ཡབ་སྲས་རྣམ་གཉིས་ཀྱིས་དགོངས་པ་གཅིག་ཏུ། རྒྱ་ནག་མི་མངས་དང་མཉམ་འབྲེལ་གྱི་སྒོ་ནས་བོད་ལ་ཡར་རྒྱས་ལ་བརྩོན་དགོས་པར་དགོངས། རྒྱ་ནག་མི་མངས་ལ་རང་བཙན་འབྱུང་ན། བོད་མི་མངས་ལ་བཙན་ཡོད་པ་དེ་ཉིད་ལ་དྭགས་མི་མངས་ལ་རང་བཙན་ཡོད་པ་དང་འདྲ་བར་འགྱུར་རོ།

  18. གཡག་རྒོད says:
    2016-07-14 at 10:33 am

    རང་བཙན་དབུ་མ་གང་ཞིག་རྩོད་མིན་མི་བུ་སྒེར་གྱི་གདམས་ཀ་རེད།།
    རང་དབང་དེ་ཡང་ཐོབ་དང་མི་ཐོབ་རང་ལ་མ་ལྟོས་གཞན་དབང་རེད།།
    གཞན་རྟེན་རྐྱང་བས་ལས་ཤིག་སྒྲུབ་པ་གོར་མོ་ཆུ་ལ་འཕང་བ་འདྲ།།
    རེ་བས་སྟོང་བའི་རིགས་ཀྱི་ལས་འདི་སུ་ཡིས་བཟོས་སོང་དཀོན་མཆོག་ཡ།།

  19. འབྲོང་བུ་སོག་ཚ། says:
    2016-07-15 at 9:48 am

    ཡ་ཡ། བཙན་བྱོལ་བས་རང་བཙན་ལེན་མི་འདོད། རྒྱ་དམར་པོའི་རང་བཙན་སྤྲད་མི་འདོད། ཧ་ཧ། བོད་པ་ཚང་ལ་ཡག་པོ་ཞིག་ཡོང་ས་རེད།

  20. ཤར་མདའ། says:
    2016-07-15 at 9:54 am

    སྟག་མཚེར་རིན་པོ་ཡིན་ན་ཡང་༧གོང་ས་མཆོག་གི་སྐུ་ནུས་རེད་གཅིག་པ་རེད་མ་ཟད་སྤུན་གཉིས་རེད། དེ་བཞིན་རང་བཙན་དང་དབུ་མ་གང་ཡིན་རུང་བོད་མིའི་བདེ་སྡུག་གིས་ཆེད་དུ་རེད་ཡིན་ན་ཡང་ཡུལ་དང་དུས་གནས་བབས་སོགས་ལ་དུས་གསུམ་གསལ་གཟིགས་གནང་ནས་༧གོང་ས་མཆོག་གིས་ལམ་དབུ་མའི་ལམ་ཁ་བདོད་པ་རེད་འདི་དག་ཚང་མ་དོན་དམ་བཤད་ན་བོད་རང་གི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཡིན་དུས་འདི་གཉིས་འགལ་བ་འགྲོ་དགོས་པ་ཡོད་པ་མ་རེད་མ་ཟད་གཅིག་གིས་གཅིག་ལ་གུས་ཞབས་ཡོད་པའི་ཐོག་ནས་གཉིས་ཀྱིས་འབད་བརྩོན་གནང་བ་ཡིན་ན་སུ་ཞིག་གིས་ནུས་པ་ཐོན་པ་ཡིན་ན་དེ་མི་རིགས་འདི་རྩ་དོན་རེད་དེ་ཐུགས་ལ་འཛིན་དགོས་པ་དང་ལྷག་པར་༧གོང་ས་མཆོག་གིས་སུ་བ་དེ་ལ་རྒོལ་བ་བྱེད་པ་དེ་འདྲ་གནང་པར་རང་ཉིད་ཀྱིས་རྩ་དོན་སྒྲུབ་དགོས་པ་གལ་ཆེན་རེད། བོད་རང་བཙན་ཡིན་པར་སྒྲུབ་འདི་ཡང་ལོ་རྒྱུས་ཀྱི་བདེན་དོན་རེད། ལམ་དབུ་མ་འདི་ཡང་བོད་མིའི་གནས་སྟངས་ཛ་དྲག་ཅན་ལ་གཟིགས་ནས་གསུང་བ་ཞིག་ཡིན་དུས་གང་ཡིན་རུང་འགལ་བ་མེད་པ་གསལ་བོ་རེད་དེ་འདྲ་ཡིན་ཙང་མཐུན་ལམ་ཐོག་ནུས་པ་གཅིག་ཏུ་འདོན་དགོས་པ་གལ་ཆེན་རེད།

  21. ཤར་མདའ། says:
    2016-07-15 at 9:56 am

    སྐུ་གཅེན་པོ་རེད།

  22. གཅན བཟོད་རྒྱམ། says:
    2016-07-15 at 1:47 pm

    “ང་ཚོ་རང་ཉིད་ཀྱིས་ཅི་ཡང་བྱས་མེད་པ་དང་གཞན་གྱིས་འབད་བརྩོན་བྱེད་པར་བསྟན་བཤིག་བྱེད་ཀི་ཡོད། དེ་ནི་ཕལ་ཆེར་ང་ཚོའི་རྒྱལ་ཁབ་ཉམས་པར་འཇིག་རྐྱེན་ཁྱེར་ཡོང་བ་དང་མཚུངས།”
    སི་ཝ་མེ། ཝེ་ཝ་ཀ་ཨ་ནན་དས། By Swami Vivekanand

  23. གངས་སེང། says:
    2016-07-16 at 12:48 pm

    འཇོན་ཐང་ཡོད་ན་གཞོན་ནུ་ལྷན་ཚོགས་སྐྱོངས།

  24. བསེ་རུ་ཟང་ཐལ། says:
    2016-07-17 at 10:33 am

    ད་ལྟའི་དུས་སྐབས་སུ་རང་བཙན་དང་དབུ་མའི་ལངས་ཕྱོགས་དང་འབྲེལ་བའི་དོན་སྙིང་འདི་ལ་སོམས་དང་།།
    As of current trends let us think on MW and RZ this way:

    ལམ་དབུ་མ་ནི་སྲིད་བྱུས་བཟང་ལ་ལོ་རྒྱུས་ངན།།
    MW is a good diplomacy but bad history.
    རང་བཙན་ནི་ལོ་རྒྱུས་བཟང་ལ་སྲིས་བྱུས་ངན།།
    RZ is a good history but bad diplomacy.
    རེག་རྒྱུ་གཅིག་ཡོད་ནའང་གཉིས་ཀ་འདོད།།
    If either is achievable I want both.
    རེག་རྒྱུ་གཅིག་མེད་ནའང་གཉིས་ཀ་འདོད།།
    If either is unachievable still I want both.

    WHAT WE CANNOT SEE IS THE REAL HISTORY OF TIBET.
    ང་ཚོས་གང་མཐོང་མི་ཐུབ་པ་ཞིག་ནི་བོད་ཀྱི་ལོ་རྒྱུས་དངོས་གནས་དེ་རེད།།
    WHAT WE CANNOT SEE IS ALSO A TAX LEVIED BY OUR OWN HISTORY.
    ང་ཚོས་གང་མཐོང་མི་ཐུབ་པ་ཞིག་ནི་ང་ཚོ་ང་རང་ཚོའི་ལོ་རྒྱུས་ཀྱིས་བཅད་པའི་ཁྲལ་དེ་ཡང་རེད།།

  25. བསྟན་འཛིན་པདྨ། says:
    2016-07-18 at 10:40 am

    བསེ་རུས་གསུངས་པ་དེ་བདེན་ཐལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme