Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (28)

Posted on 2019-06-122019-06-12 By ཁ་བརྡ 3 Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (28)

རོང་པོ་བློ་བཟང་རིན་ཆེན།

ལོ་ངོ་འདི་དག་ལ་ངས་རྩོམ་ཡིག་དང་ཟིན་བྲིས་གང་མང་ཞིག་iPadཡི་ནང་ལ་བྲིས་པ་ལས་ཤོག་ཐོག་ཏུ་བྲིས་པ་ཧ་ཅང་ཉུང་། དེའི་རྐྱེན་གྱིས་ཟིན་བྲིས་དང་རྩོམ་ཡིག་རེ་འབྲི་བའི་སྤྲོ་སྣང་བྱུང་ཚེ། iPadལག་ཏུ་མེད་སྐབས་སྔར་གྱི་སྤྲོ་སྣང་དེའང་ཡལ་འགྲོ་བ་དེའོ།། ཉིན་འདི་དག་ལ་ངའི་iPad གྲོགས་པོ་ཞིག་གིས་གཡར་ཏེ་ཁྱེར་སོང་བས་རྩོམ་ཡིག་འབྲི་རྒྱུ་མ་བྱུང་། མ་གཞི་ཁ་པར་དུ་བྲིས་པས་ཆོད་མོད། འོན་ཀྱང་ངའི་ཁ་པར་ནི་vivoརྟགས་ཅན་ཞིག་ཡིན། དེ་ནི་ཀུ་ཤུ་ཁ་པར་དང་iPad ནང་བཞིན་བོད་ཡིག་འབྲི་སར་སྟབས་བདེ་པོ་མེད་པས་དེ་ཙམ་སྤྲོ་སྣང་མ་བྱུང་།

དེ་རིང་iPad རང་ལག་ཏུ་འབྱོར་བ་དང་བསྟུན་རྩོམ་ཐུང་ཞིག་འབྲི་བའི་ངལ་བ་བསྟེན་འདོད་བྱུང་སྟེ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<ཨཱ་ཡྱ་མི་རིགས་རྒྱ་གར་ལ་སླེབས་པ་>>ཞེས་པའི་ཚན་པ་འདི་བཀླགས་ཏེ་རྩོམ་ཡིག་ཅིག་འབྲི་བའི་ལས་ལ་ཞུགས།

ཚན་པ་འདིར་ཨཱཡྱ་མི་རིགས་རྒྱ་གར་དུ་འབྱོར་ཚུལ་བསྙད་འདུག ཨཱཡྱ་མི་རིགས་འདི་ཉིད་མི་རིགས་གཞན་དང་ཁྱད་ཆོས་འབུར་ཐོན་ཞིག་མངའ་བས་འདིར་བསྙད་པ་ཨེ་ཡིན་སྙམ་བྱུང་། ཚན་པ་འདིར་“ཨཱཡྱ་མི་རིགས་ནི་འཐབ་འཛིངས་ལ་མཁས་པའི་མི་རིགས་ཤིག་ཡིན་པས་”ཟེར་བ་མ་འདྲ་གཏོགས་ཁོ་ཚོའི་ཁྱད་ཆོས་དམིགས་བསལ་དུ་བྲིས་མི་འདུག འོན་ཏེ་ཚན་པ་ཕྱི་མའི་ཁ་བྱང་(རྒྱ་གར་ནང་གི་ཨཱཡྱ་མི་རིགས་ཇི་ལྟ་བུ་ཞིག་རེད་)ལ་བལྟས་ན། དེར་ཁོང་ཚོའི་ཁྱད་ཆོས་འབུར་ཐོན་ཞིག་བརྗོད་ཡོད་པ་གདོན་མི་ཟའོ་སྙམ།

ཚན་པ་འདིར་རང་གི་བུ་མོར་དཔེ་ཀློག་གི་ལམ་སྟོན་དང་། ཉམས་ཞིབ་ཀྱི་རྒྱུ་ཆ་བསགས་ཚུལ་སོགས་ངོ་སྤྲོད་གནང་ཡོད་པ་ནི་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་ཞིག་རེད། ནེ་རུ་ཁོང་གིས་“ཨཱཡྱ་མི་རིགས་རྒྱ་གར་ལ་ཇི་ལྟར་སླེབས་སྐོར་ཉམས་ཞིབ་བྱེད་པ་འདི་ནི་ཆེས་སྤྲོ་བ་འཁོར་སའི་གནས་གཅིག་རེད། ཁྱོད་ཀྱིས་ལེགས་སྦྱར་དཔེ་ཆ་རྙིང་པ་དག་གི་ཁྲོད་ནས་ཨཱཡྱ་མི་རིགས་སྐོར་གྱི་མང་པོ་ཞིག་གསར་རྟོགས་ཐུབ་ངེས། རྒྱ་གར་གྱི་གནའ་བོའི་ཤེས་བྱའི་རིག་མཛོད་(vedas)་ལས་སྐབས་དེའི་གནས་ཚུལ་འཁོད་ཡོད་པའི་བསྟན་བཅོས་མང་པོ་ཡོད་ངེས། རིག་མཛོད་ལས་ཆེས་རྙིང་བའི་བསྟན་བཅོས་ནི་བསྟོད་པའི་བསྟན་བཅོས་(Rig Vada)ཟེར་བ་དེ་ཡིན་ལ། དེའི་ནང་ནས་ཁྱོད་ཀྱི་རྒྱ་གར་གྱི་ཆ་ཤས་ཤིག་ཨཱཡྱ་མི་རིགས་ཀྱིས་དབང་བསྒྱུར་བྱས་ཡོད་པའི་གོ་རྟོགས་འགའ་རྙེད་ཐུབ”ཅེས་བསྙད་ཡོད། ད་དུང་<<རྩིས་རྙིང་བསྟན་བཅོས་>>ལས་ཨཱཡྱ་མི་རིགས་ཇི་ལྟར་དར་ཁྱབ་སོང་བའི་གནས་ཚུལ་དང་། <<རཱ་མ་ཡ་ནཱ་>>དང་<<མ་ཧཱ་བྷ་རཱ་ཏཱ་>>སོགས་ལས་ཨཱཡྱ་མི་རིགས་དང་རྒྱ་གར་གྱི་ལོ་རྒྱུས་མང་པོ་ཞིག་རྟོགས་པའི་ལམ་སྟོན་གནང་ཡོད། ཁོང་གིས་ངག་འཇམ་པོའི་ངང་ནས་“གཅིག་བྱས་ན། ཁྱོད་ཀྱིས་དཔེ་རྙིང་དེ་དག་གི་སྐོར་ཆེན་པོ་ཞིག་མི་ཤེས་ཅིང་སྲིད། འོན་ཀྱང་ཁྱེད་རང་ནར་སོན་པའི་སྐབས་སུ། དེའི་སྐོར་ནས་མང་པོ་ཞིག་ཤེས་ཡོང་གི་རེད་”ཅེས་བསྙད་པ་དེས་ཅིང་། ཁོང་ནི་བྱིས་པའི་སེམས་ཁམས་དང་བསྟུན་པའི་སློབ་གསོ་སྨྲ་བ་ཞིག་ཡིན་པའི་ངེས་པ་མི་སྟེར་རམ།

2019/6/10 རང་ཤག་ཏུ་བྲིས།

སྣ་ཚོགས།

Post navigation

Previous Post: དབུ་མའི་ལམ་ནི་ཐབས་ལམ་ཞིག་ཡིན།
Next Post: རང་བཙན་འཐབ་རྩོད་མུ་མཐུད་གནས་དགོས།

Comments (3) on “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (28)”

  1. རྭ་རྒྱ་དཔལ་ལྡན། says:
    2019-06-12 at 1:17 pm

    མ་རབས་ཤིག་གིས་ཁྱེད་ཀྱི་ཨ་ཕེ་ཌི་ཁྱེར་བའི་གོ་སྐབས་དང་བསྟུན་ནས་ངས་ཀྱང་དཔེ་ཀློག་གི་སྐོར་ཞིག་འབྲི་བསམ་མོད། ལས་བྲེལ་གྱིས་མ་བ་ཐ། ཧ་ཧ་ཧ། ཁྱེད་ཀྱིས་ཀྱང་ཨཱར་ཡ་མི་རིགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་ན་རྒྱ་གར་གྱི་རྒྱལ་རབས་ལེགས་བཤད་ཟླ་འོད་གསར་པའི་ལེའུ་དང་པོ་ཀློག་དང་དེ་ནས་ཅུང་ཙམ་རྙེད།

  2. ཀརྡོ་རབ་འབྱམས་པ་ says:
    2019-06-12 at 11:26 pm

    དིང་སང་། རཱ་མ་ཡྰན་དང་མ་ཧཱ་བྷ་རཱ་ཏ་ཀྱི་ལོ་རྒྱུས་སམ། རྩོམ་རྒྲུང་འདི་ལ། ཇི་མ་ཇི་བཞིན་བྲིས་པ་ལྟར་ཡིད་ཆེས་བྱེད་མཁན་ཇི་ཙམ་ཡོད་དམ། ངས་ནི། ལྷ་སྒྱུང་འདི་གཉིས་གླིང་གེ་སར་གྱི་སྒརུང་དང་ཆ་འདྲ་བར་རྩི་བཞིན་ཡདོ་པས། གཅིག་བྱས་ན་ང་ནོར་བའང་སྲིད།
    ང་རང་ཚོའི་ནང་ཆོས་ནང་གི་མདོ་མཛངས་བླུན་གྱི་ལས་འབྲས་རྣམ་གཞག་བསྟན་ཕྱིར་སྐྱེ་བ་སྔོན་མ་མང་པོའི་ལོ་རྒྱུས་སམ། རྣམ་ཐར་དེ་ཚོ་ལ་ཡང་དག་ཐེར་ཅུང་ཟད་བྱེད་ཐུབ་ཕན་ཐོགས་ཆེན་པོ་འོངས་པ་འདུག་ཀྱང་་་་་་་་་་

  3. གཞུང་པ་ཚེ་དབང་བསོད་ནམས says:
    2019-06-13 at 10:26 pm

    ཕོ་རྒོད་སྲིད་བློན་ནེ་རུའི།
    རླབས་ཆེན་ཆབ་དཔལ་འཛིན་སྐྱོངས།
    ལོ་རྒྱུས་མ་ནོར་ལམ་སྟོན།
    ཡིག་ཐོག་དེབ་ཏུ་བཀོད་ནས།
    འཛམ་གླིང་སྐད་ཡིག་འདྲ་མིན།
    མི་རིགས་ཀུན་གྱི་ཀློག་བདེ།
    དོན་གཉེར་ཆེ་བའི་མི་ལ།
    མ་ནོར་ལམ་སྟོན་ནོར་བུ།
    ཕོ་རྒོད་སྲིད་བློན་ནེ་རུ།
    གནམ་ས་བར་ལ་གྲགས་བྱུང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme