Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (21)

Posted on 2019-04-04 By ཁ་བརྡ 1 Comment on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (21)

རོང་པོ་བློ་བཟང་རིན་ཆེན།

ཞོགས་པའི་སྐྱ་རེངས་ཤར་ཏེ་ངའི་སྡོད་ཁང་གི་མུན་པ་ཡོངས་སུ་བསལ་ནས་དཀར་ཐིང་ཐིང་དུ་གྱུར། འོན་ཀྱང་ངས་དེ་རིང་ངལ་གསོ་ཡིན་པར་བསམས་ནས་སླར་ཡང་ཉལ་ཐུལ་མགོ་ལ་འཐེན་ནས་རྨི་ལམ་གྱི་ཞིང་ལ་བསྐྱོད་འགོ་བརྩམས། རེད་དེ་སྒེའུ་ཁུང་ནས་ཡོང་བའི་ཞོགས་པའི་བསིལ་རླུང་དང་། སྐད་ཅོར་འདྲ་མིན་སྒྲོགས་པའི་བྱ་བྱེའུ་ཡི་ཚོགས་ཀྱིས་ངའི་ལྷིང་འཇགས་ཀྱི་རྨི་ལམ་ཡོངས་སུ་དཀྲོགས་སོང་། དེ་ནས་ངས་བོད་གཞས་སྙན་མོ་ཞིག་ཁ་པར་དུ་གྲགས་སུ་བཅུག གཙང་ཆུ་དྭངས་མོ་ཕོར་གང་འཐུང་ཞོར་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<རྒྱ་ནག་དང་རྒྱ་གར་>>ཞེས་པའི་ཚན་པ་འདི་བཀླགས་པ་ཡིན།

ཚན་པ་ཐུང་ངུ་འདིར་རྒྱ་དཀར་ནག་གཉིས་ཀྱི་སྐོར་ནས་མདོ་ཙམ་བྲིས་འདུག མ་གཞི་རྒྱ་དཀར་ནག་གཉིས་ལོ་རྒྱུས་ཁྲོད་དུ་ཤེས་དཔལ་སྲིད་གསུམ་ཧ་ཅང་དར་མྱོང་བའི་རྒྱལ་ཁབ་གཉིས་ཡིན་མོད། འོན་ཀྱང་དེ་དག་གི་གཏིང་ཟབ་ས་དང་རྒྱ་ཆེ་ས་ནས་གང་ཡང་གླེང་མི་འདུག་ཟེར་ན་ཡང་ཐལ་མི་ཆེ། གཅིག་བྱས་ན་དེབ་ཆུང་འདི་ཉིད་བུ་མོ་ཆུང་ཆུང་ཞིག་གི་ཤེས་ཚད་དང་བསྟུན་ནས་བྲིས་པས་ཡིན་ཡང་སྲིད། གང་ལྟར་རྒྱ་ནག་གི་སྐོར་བཤད་སྐབས་ཤེས་དཔལ་སྲིད་གསུམ་གྱི་གལ་ཆེན་རང་བཞིན་གང་ཡང་མ་བཤད་པར། རྒྱ་ནག་གི་ཡི་གེ་འབྲི་ཐབས་སྐོར་ནས་ཉུང་ཙམ་བྲིས་འདུག རྒྱ་ནག་གི་ཡི་གེ་ནི་དང་ཐོག་ཧིན་རྡི་་དང་དབྱིན་ཡིག་སོགས་དང་གཏན་ནས་མི་འདྲ་བར་རི་མོའི་རྣམ་པས་གཟུགས་དབྱིབས་འབྲི་བཞིན་ཡོད། དེའང་ཧིན་་རྡི་དང་དབྱིན་ཡིག་སོགས་ནང་བཞིན་གཡས་ནས་གཡོན་དུ་འབྲི་རྒྱུ་དང་། ཡང་ན་ཁ་ཆེའི་ཡི་གེ་ནང་བཞིན་གཡོན་ནས་གཡས་སུ་འབྲི་རྒྱུ་མ་ཡིན་པར་རྩེ་ནས་མཇུག་བར་དུ་འབྲི་དགོས་པ་རེད་ཟེར་བ་སོགས་ལས་གཞན་མང་པོ་ཞིག་བྲིས་མི་འདུག་གོ །

རྒྱ་གར་གྱི་སྐོར་ནས་འབྲི་སྐབས་ཀྱང་དངོས་གནས་རིན་ཐང་ལྡན་པའི་རྒྱ་གར་གྱི་ཤེས་དཔལ་སྲིད་གསུམ་སྐོར་ནས་མ་གླེང་བར། གནའ་བོའི་ཚོང་ལས་ཀྱི་སྐོར་ནས་རོབ་ཙམ་གླེང་འདུག མ་གཞི་ནེ་རུ་ཁོང་ནི་རྒྱ་གར་གྱི་གནའ་དེང་གི་ཤེས་བྱ་ཡོངས་ལ་རྒྱུས་མངའ་ཆེ་བའི་པཎ་ཌི་ཏ་ཞིག་རེད། འོན་ཀྱང་ཁོང་གིས་བུ་མོར་རྒྱ་གར་སྐོར་ནས་འཕྲིན་ཡིག་འདི་འབྲི་སྐབས་ཅིའི་ཕྱིར་ཚོང་ལས་སྐོར་ནས་འབྲི་དགོས་པའི་རྒྱུ་མཚན་མ་ཤེས།
ཕྱོགས་གཅིག་ནས་བཤད་ན་དེ་ནི་རང་གི་བུ་མོར་གནའ་བོའི་རྒྱ་གར་གྱི་ཚོང་ལས་སྐོར་ལ་མི་རྨོངས་པ་ཙམ་བྱ་འདོད་ལས། ཚོང་ལས་རིག་པའམ་དཔལ་འབྱོར་རིག་པ་རྒྱ་གར་གྱི་ཤེས་དཔལ་སྲིད་གསུམ་ལས་ཆེས་གལ་ཆེན་དུ་མཐོང་ནས་འཆད་པ་མ་ཡིན་སྙམ།
ང་ཚོས་མ་མཐོང་བ་ཙམ་ལས་ནེ་རུས་རང་གི་བུ་མོར་བསྐུར་བའི་འཕྲིན་ནི་<<ཡབ་ཀྱིས་བུ་མོར་བསྐུར་བའི་འཕྲིན་>>གཅིག་བུ་མ་ཡིན་པར་ཧ་ཅང་མོད། དེ་དག་ཏུ་ཤེས་རིག་སྐོར་ནས་བཤད་མེད་པའི་ངེས་པ་ལར་ནས་མེད་པས་རྗེས་སུ་དབྱིན་ཡིག་གི་རྨོངས་པ་སད་སྐབས་དོ་སྣང་བྱ་ཆོག མ་ཟད་ཁོང་གིས་བརྩམས་པའི་དཔེ་དེབ་བཞི་བཅུ་ལྷག་ཡོད་སྐད་ཐོས། དེ་དག་ལས་རྒྱ་གར་ཤེས་རིག་སྐོར་གྱི་དཔལ་ཡོན་མང་པོ་ཞིག་ལོངས་སུ་སྤྱོད་ཐུབ་པའི་རེ་འདུན་གཙང་མ་ཡོད་དོ།།

2019/4/1ཉིན་རང་ཤག་ཏུ་བྲིས།

སྣ་ཚོགས།

Post navigation

Previous Post: བཙན་འཛུལ་བ་དགྲ་བོ་རྒྱ་ནག་ལ་ལན་བཏབ་པ།
Next Post: རྒྱ་གར་གྱི་གློག་བརྙན་གླུ་གཞས་ཁག་གཉིས།

Comments (1) on “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (21)”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-05 at 11:52 am

    རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུའི་རྩམ་དེབ་ལྔ་བཅུ་དྲུག་བཅུ་
    ལྷག་ཙམ་ཡོད་པ་དེ་བལྟ་འདོད་དང་ཀློག་འདོད་ཡོད་མཁན་ཚོ་
    ཨི་ལ་སྦད་ཏི་ནེ་རུའི་དཔེ་མཛོད་ལ་གཟིགས་ན་དེ་ནས་ཆ་ཚང་
    ཤེས་ཐུབ་པ་དང་ནེ་རུའི་ཚོང་ལས་སྐོར་བུ་མོར་རྒྱུས་སྟོན་གནང་
    བ་ནི་འཛམ་གླིང་འདི་ཚོང་ལས་ཡར་རྒྱས་ཐོག་ནས་མཐུན་འབྲེལ་
    དང་སྤྱི་ཚོགས་འཚོ་བར་ཚོང་ལས་ཐོག་ནས་བསྲ་བརྟན་དང་མཐུན་
    འབྲེལ་བཟོ་ཐུབ་པའི་ཁྲོམས་རའི་དཔལ་འབྱོར་ ( Marketing Economey ) ལ་འགན་སྲུང་ཐུབ་པའི་ལམ་སྟོན་གནང་བ་ཞིག་ཀྱང་ཡིན་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme