Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (9 )

Posted on 2019-02-17 By ཁ་བརྡ No Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (9 )

རོང་པོ་བློ་བཟང་རིན་ཆེན།

མདུན་གློག་བབ་ཆགས་ཤིག་གི་གཤམ་ནས། ཁོ་བོས་མཚན་མོའི་ལྷིང་འཇགས་ལ་རོལ་བཞིན་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་ཁ་རྩང་གི་འཕྲོ་ནས་ཀློག་འགོ་བརྩམས། དེ་རིང་གི་ཚན་པ་འདིའི་ཁ་བྱང་ལ་<<མིའི་རིགས་ཀྱི་སྐད་ཡིག་དང་རིགས་རྒྱུད་>>ཅེས་བཏགས་འདུག

ལེ་ཚན་སྔོན་མ་དག་གི་ནང་དུ་བཤད་པ་བཞིན་ས་སྒང་ཧྲིལ་པོ་འདིར་སྲོག་ཆགས་རྣམས་ཀྱི་ཐོག་མར་རྣག་ཉ་ལྟ་བུའི་ཉ་སོབ་ཀྱི་རིགས་བྱུང་ཞིང་། དེ་ནས་རིམ་གྱིས་ཕྱི་ཤིན་མཁྲེགས་པའི་དུད་འགྲོ་དང་འདབ་ཆགས་ཀྱི་རིགས་འཕེལ་འགྲིབ་ལ་བརྟེན་ནས་འགྲོ་བ་མི་བྱུང་། དེའང་གནམ་གཤིས་དང་ཁོར་ཡུག་གི་རྐྱེན་པས་རིགས་རྒྱུད་མི་འདྲ་བ་དུ་མར་གྱུར་ཅིང་།
འཚོ་གནས་དང་གོམས་གཤིས་སོགས་རྦད་དེ་ཁ་ཁར་གྱུར་བ་རེད་འདུག

རིགས་རྒྱུད་དེ་དག་ལས་ཆེས་སྔ་བའི་རིགས་རྒྱུད་གང་ཡིན་བཤད་དཀའ་ན་ཡང་། རྒྱ་གར་ནང་ལ་མཚོན་ན་ཆེས་སྔ་བའི་རིགས་རྒྱུད་ནི་ཌྷི་རཱ་ཝེ་ཌྷིན་མི་རིགས་ཁོ་ན་ཡིན་འདུག དེའི་རྗེས་སུ་ཨཱརྱ་མི་རིགས་དང་སོག་པོ། ནེག་རཱོའོ་སོགས་ཀྱི་རིགས་རྒྱུད་བྱུང་བ་རེད། དེ་ལས་ཨཱརྱ་མི་རིགས་ནི་“ཡ་གླིང་བྱང་ཕྱོགས་དང་ཨོ་གླིང་གི་མཐའ་ཡས་པའི་སྤང་ཐང་ཆེན་མོ་ཡོངས་ལ་འཁྱམས་ཉུལ་བྱས་ནས་བསྡད་མྱོང་བ་རེད། འོན་ཀྱང་ཁོང་ཚོའི་མི་འབོར་གྱི་གྲངས་ཇེ་མང་ལ་སོང་བ་དང་བསྟུན་ནས་གནམ་གཤིས་འགྱུར་ཏེ་ཆར་ཆུ་མེད་ལ་རྩྭ་ཡང་མི་སྐྱེ་བའི་ས་སྐམ་རྡོ་གྱོང་དུ་གྱུར་སོང་བའི་དབང་གིས། མི་ཚང་མར་ཁ་ཟས་ཀྱིས་མི་འདང་བའི་དཀའ་ཁག་བྱུང་བ་རེད། དེ་འདྲ་ཡིན་ཙང་། ཁོང་ཚོ་ཟས་འཚོལ་བར་འཛམ་གླིང་འདིའི་ས་ཆ་གཞན་དག་ལ་གནས་སྤོར་བའི་ལུགས་སྲོལ་ཤུགས་ཆེན་དར་”ཏེ་ས་ཆ་གང་ཡིན་དུ་ཁྱབ། དེ་ནས་ལོ་ཟླའི་འཕེལ་རིམ་དང་བསྟུན་ནས་རིགས་རྒྱུད་བསྲེས་སླད་སྣ་ཚོགས་ཤིག་བགྱིས་ནས། ད་ཆ་ཨཱརྱ་མི་རིགས་ནི་གོ་ལ་འདིའི་མིའི་རིགས་ཀྱི་མེས་པོའི་མཆེད་ཁུངས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་འདྲ།

རིགས་རྒྱུད་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པ་བཞིན། དེ་དག་རེ་རེར་ཕན་ཚུན་བརྡ་སྤྲོད་པའི་རང་གི་གཉུག་མའི་སྐད་ཡིག་གྲངས་ལས་འདས་པ་ཞིག་ཡོད་ནའང་། དུས་ཚོད་ཀྱི་འགྱུར་འགྲོས་དང་། བེད་སྤྱོད་དང་དགོས་དབང་གི་རྐྱེན་པས་འཕེལ་འགྲིབ་རིམ་པར་བརྒྱུད་དེ། ད་ཆ་སྐད་ཡིག་གི་ཁྱིམ་རྒྱུད་ཆེན་པོ་གསུམ་དང་དེ་དག་གི་ཁྱིམ་རྒྱུད་དུ་གཏོགས་པའི་སྤུན་མཆེད་ལྟ་བུའི་སྐད་ཡིག་བཅུ་ཕྲག་འགའ་ད་དུང་འཛམ་གླིང་འདིར་གཅེས་ནོར་དུ་ལྷག་ཡོད་པའི་སྡོམ་ཚིག་བཀོད་འདུག

ཁོང་གིས་ཀྲུང་གོ་བའི་སྐད་ཡིག་ནི་སྐད་ཡིག་གི་ཁྱིམ་རྒྱུད་ཆེན་མོ་གཅིག་ཏུ་བརྩིས་ཤིང་། དེར་གཏོགས་པ་འབར་མ་དང་། བོད། ཐེ་ལན་དྷིའི་སྐད་ཡིག་བཅས་བགྲངས་ཡོད། ཁོ་བོར་མཚོན་ན་སྐད་ཡིག་གཞན་དག་ལ་ཆ་རྒྱུས་གང་ཡང་མེད་པས་གང་ཞིག་སྐད་ཡིག་གི་ཕ་མ་དང་། ཅི་ཞིག་དེ་དག་གི་ཁྱིམ་རྒྱུད་གཏོགས་མིན་བཤད་པའི་རྔོ་མི་ཐོགས། འོན་ཀྱང་ཀྲུང་གོ་བ་དང་བོད་ཀྱི་སྐད་ཡིག་ལ་ཅུང་ཙམ་ཆ་རྒྱུས་ཡོད། རེད་དེ་ཀྲུང་གོ་བའི་སྐད་ཡིག་ནི་སྐད་ཡིག་གི་ཁྱིམ་རྒྱུད་ཆེན་མོ་ཞིག་དང་། བོད་ཀྱི་སྐད་ཡིག་ནི་དེར་གཏོགས་པའི་སྐད་ཡིག་ཏུ་བགྲངས་པའི་རྒྱུ་མཚན་ཁྱོན་ནས་ཤེས་མ་སོང་། མ་ཟད་སྒྲ་གདངས་དང་ཡིག་གཟུགས་གང་གི་ཆ་ནས་ཀྲུང་གོ་བའི་སྐད་ཡིག་གི་ཁུངས་སུ་གཏོགས་པའི་རྒྱུ་མཚན་ཞིག་ལར་ནས་མེད་པར་སེམས།

ཡང་སྐད་ཡིག་གི་ཁྱབ་ཚད་ཀྱི་སྟེང་ནས་ཁྱིམ་རྒྱུད་ཆེན་མོ་དང་། དེ་ལས་བྱུང་བའི་སྤུན་མཆེད་ཀྱི་ཐ་སྙད་སྦྱོར་བཞིན་ཡོད་ན། དབྱིན་ཇིའི་སྐད་ཡིག་དེ་ཉིད་ཨཱརྱ་སྐད་ཡིག་གི་ཁྱིམ་རྒྱུད་དུ་གཏོགས་ཚུལ་ཇི་ལྟར་ཡིན་ནམ། གང་ལྟར་སྐད་ཡིག་གི་ཁྱིམ་རྒྱུད་ཆེན་མོ་དང་། དེ་ལས་བྱུང་བའི་སྤུན་མཆེད་ཀྱི་ཐ་སྙད་སྦྱོར་ཚུར་སོགས་ཁོ་བོར་མཚོན་ན་ཤེས་བྱ་གསར་པ་ཞིག་རེད་དོ།།

2019/2/11ཉིན་རང་ཤག་ཏུ་བྲིས།

བསམ་ཚུལ།

Post navigation

Previous Post: ཇཱ་ནེ་སར། ཨཁ་ཏར་(Jan Nisar Akhtar)གྱི་གླུ།
Next Post: ང་ཚོར་འཚོ་རླུང་དགོས་སམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme