Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།

Posted on 2019-01-062019-01-06 By ཁ་བརྡ 2 Comments on ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།

རོང་པོ་བློ་བཟང་རིན་ཆེན།

རྒྱ་གར་སྲིད་བློན་ནེ་རུ་ཡིས་བརྩམས་ཤིང་། མུར་སྤྱན་ཆབ་ཀྱིས་དབྱིན་ཡིག་ནས་བསྒྱུར་བའི་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>ཞེས་པའི་དེབ་ཆུང་འདི་ཉིད་སྔར་ཁོ་བོས་ཚར་གཅིག་བཀླགས་མྱོང་ཞིང་། སྐབས་དེར་ཟིན་བྲིས་སམ་བཀླགས་བྱང་གང་ཡང་འབྲི་རྒྱུ་མ་བྱུང་བས། དེབ་ཆུང་དེའི་ནང་གི་རྩ་ཆེ་བའི་ལམ་སྟོན་དང་། སྙིང་རྗེ་བའི་ཁ་ཏ། གོ་སླ་བའི་དཔེར་བརྗོད་སོགས་དེབ་ཆུང་འདི་ཉིད་བཀླགས་པའི་ཟླ་གཅིག་ཙམ་ནས་དྲན་འཛིན་གྱི་ཡུལ་ལས་ཡལ་སོང་བས་ཕངས་སེམས་རབ་ཏུ་སྐྱེས། དེ་ནས་བསྐྱར་དུ་ཚར་གཅིག་ཀློག་འདོད་ཀྱི་འདུན་པ་རབ་ཏུ་ཆེ་ཡང་ལེ་ལོ་དང་རྣམ་གཡེང་གི་གཞན་དབང་དུ་གྱུར་ནས་ད་ལྟ་བར་དུ་ལྷག ད་ལན་ངལ་གསོའི་གོ་སྐབས་དང་བསྟུན་ནས་ཚར་གཅིག་ཀློག་འདོད་བྱུང་བ་མ་ཟད་བཀླགས་བྱང་ཞིག་ཀྱང་ཞོར་དུ་འབྲི་འདོད་བྱུང་། དེའི་ཕྱིར། དེ་རིང་ནས་འགོ་བརྩམས་ཏེ་ཚན་པ་རེ་རེ་བཀླགས་པའི་མྱོང་ཚོར་རམ། བསམ་གཞིག བློ་བསྐྱེད་སོགས་རང་གི་སྨྱུག་རྩལ་གྱིས་ཅི་འཇོན་ཞིག་ཡིག་ཐོག་ཏུ་ཕབ་སྟེ་བརྩེ་བའི་གྲོགས་པོ་རྣམས་ལ་ལེགས་སྐྱེས་སུ་འབུལ་ཆོག

མ་གཞི་དེབ་ཆུང་འདི་ཉིད་གླེང་བརྗོད་དུ་གསལ་བ་བཞིན་རྒྱ་གར་གྱི་སྲིད་བློན་ནེ་རུ་ཡིས་རང་གི་བུ་མོར་སྤྲིངས་པའི་འཕྲིན་ཡིག་གྲངས་མེད་ཅིག་ཡོད་པ་ལས་རང་བྱུང་ཚན་རིག་སྐོར་གྱི་མུ་འབྲེལ་འཕྲིན་ཡིག་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>ཞེས་པ་དེ་རེད། དེབ་ཆུང་འདི་ཉིད་གླེང་བརྗོད་ཕུད་པའི་ལེ་ཚན་སུམ་ཅུའི་བདག་ཉིད་ཅན་གྱི་དཔེ་དེབ་ཆུང་ཆུང་ཞིག་རེད། འདིའི་བརྗོད་བྱའི་གཙོ་བོ་ནི་སྣོད་བཅུད་འཇིག་རྟེན་ཁམས་ཀྱི་འཕེལ་འགྲིབ་རྩལ་དུ་བཏོན་ནས་བསྙད་པར་མ་ཟད་གོ་ལ་གཅིག་གྱུར་དང་། རྨོངས་དད་ཀྱི་གཉིད་ལས་སད་ཅིང་བློ་གྲོས་ཀྱི་རང་ཚུགས་བརྟན་པ། ཕན་ཚུན་སྤུན་ཟླའི་འདུ་ཤེས་དང་འཛམ་གླིང་ཞི་བདེ་བསྐྲུན་པ་སོགས་ནི་དེབ་ཆུང་འདིས་བུ་མོར་གདམས་པའི་བརྗོད་བྱའི་གཙོ་བོ་དང་། ཕྱི་རབས་གཟུར་གནས་དོན་གཉེར་ཅན་དག་གིས་ངེས་པར་ཉམས་སུ་ལེན་དགོས་ཤིང་བསམ་གཞིག་གཏོང་རིན་ཡོད་པའི་གླེགས་བམ་ཡིད་དུ་འོང་བ་ཞིག་ཡིན་པར་འདོད།

དེ་རིང་ཁོ་བོས་རྣམ་གཡེང་གི་བྱེད་སྒོ་ཅུང་ཙམ་བཞག་སྟེ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>ཞེས་པའི་དེབ་ཆུང་དེའི་<<རང་བྱུང་ཁམས་ཀྱི་གླེགས་བམ་>>ཞེས་པའི་ཚན་པ་དེ་བཀླགས་ཡིན། ཚན་པ་དེའི་འགོ་ལ་“ངེད་གཉིས་མཉམ་དུ་ཡོད་དུས། ཁྱོད་ཀྱིས་རྒྱུན་དུ་ང་ལ་བྱ་དངོས་མང་པོ་ཞིག་གི་སྐོར་ནས་དྲི་བ་བཀོད་མྱོང་བ་དང་། ངས་དེ་དག་ལ་ཅི་ཐུབ་ཀྱིས་ལན་བཏབ་པ་ཡིན།”ཞེས་ཚིག་གི་བརྗོད་པ་ཧ་ཅང་དཀྱུས་མ་ཞིག་གིས་འགོ་བཙུགས་ཏེ་རང་གི་བུ་མོར་ཡིད་ཆེས་དང་བློ་སྤོབས་སྩོལ་བཞིན་འདུག བརྗོད་པ་ཐུང་ཐུང་འདི་ནས་ཅི་ཞིག་མཐོང་ཐུབ་ཟེར་ན། སྲིད་བློན་ནེ་རུ་ནི་སྤྱིར་སྟངས་ཀྱི་ཕ་མ་དང་། དགེ་རྒན་ག་གེ་མོ་ཞིག་གི་བྱ་སྤྱོད་ལས་ཡོངས་སུ་བརྒལ་ཏེ་རང་གི་ཕྲུ་གུ་ལ་དྲི་བ་སྣ་ཚོགས་འདོན་པའི་རང་དབང་སྟེར་མཁན་ཞིག་ཏུ་མ་ཟད། བྱིས་པའི་དྲི་བ་རེད་ཟེར་ནས་སྣང་མེད་དུ་ཁྱོན་ནས་མི་གཏོང་བར་གང་ནུས་ཀྱིས་ལན་འདེབས་ཕོད་པའི་དགེ་རྒན་བཟང་པོ་ཞིག་གམ། ཡབ་ཆེན་བཟང་པོ་ཞིག་གི་ཐུགས་གཤིས་མངའ་བ་འབད་མེད་དུ་མཐོང་ཐུབ།

ནེ་རུ་ཁོང་གིས་རྒྱུན་དུ་རང་གི་བུ་མོར་མཐོ་དམན་རན་པའི་བསྟོད་བསྔགས་ཤིག་གནང་ཞོར། གང་ཞིག་གདམས་པར་འདོད་པའི་གདམས་ངག་རྣམས་ལྷུག་ལྷུག་ཏུ་བརྗོད་ཡོང་དུས་ཁོང་གི་བུ་མོ་ཨིན་ངྷི་ར་གྷན་དྷེ་མ་ཟད་ངས་ཀྱང་ཡིད་སེམས་དབང་མེད་དུ་བཀུག་སྟེ་དེབ་ཆུང་འདི་ཀློག་མཚམས་འཇོག་པ་ཤིན་ཏུ་དཀའ།

ཚན་པ་འདིའི་ནང་ལ་ཁོང་གིས་བུ་མོར་སྔོན་ཆད་ཀྱི་ལོ་རྒྱུས་དང་རང་བྱུང་ཁམས་ཀྱི་འཕེལ་འགྲིབ གོ་ལ་འདིར་འགྲོ་བ་མི་མ་བྱུང་བའི་ཡར་སྔོན་དུ་ཇི་ལྟར་ཡིན་པ་དང་སོགས་ཚན་རིག་པ་དང་དེའི་སྐོར་ལ་སློབ་སྦྱོང་བྱེད་མྱོང་ཡོད་པ་དག་གིས་ང་ཚོར་གསལ་བོར་བསྟན་ཡོད། ང་ཚོས་དེ་དག་ལ་སློབ་སྦྱོང་དང་དཔེ་ཀློག་བྱས་ན་འབྱུང་གྱུར་རང་ཉིད་ངོ་མའི་ལྟ་ཚུལ་ཞིག་རྙེད་ཡོང་ཞེས་གདམས་ཡོད།

ང་ཚོས་རང་བྱུང་ཁམས་ཀྱི་འཕེལ་འགྲིབ་ལེགས་པོར་ཤེས་པ་ལ་ཚན་རིག་པ་ཚོས་བྲིས་པའི་དཔེ་དེབ་དག་ལ་མིག་ཚ་ཚ་བར་དུ་བལྟས་ཏེ་ཨུ་ཚུགས་ཀྱིས་གོ་རྟོགས་སྤེལ་མི་དགོས་པར། ཁྱེད་རང་གི་མིག་མདུན་དུ་གསལ་བའི་བྲག་དང་རི་བོ། མཚོ་དང་སྐར་མ། གཙང་པོ་དང་བྱེ་ཐང་། ད་དུང་གདོད་མའི་སྲོག་ཆགས་ཀྱི་འགྱུར་རྡོ་སོགས་ཚང་མ་རང་བྱུང་ཁམས་ཀྱི་འཕེལ་འགྲིབ་དང་མཛེས་སྡུག དཀའ་གནད་མང་དག་ཅིག་ཤེས་བྱེད་ཀྱི་གླེགས་བམ་ངོ་མ་དེ་ཡིན་ཞེས་བསྙད་འདུག དེའང་ལྐུག་པའི་ཨུ་ཚུགས་ལྟ་བུ་མ་ཡིན་པར་དཔེ་དང་རྒྱུ་མཚན་གྱི་སྒོ་ནས་མཛུབ་ཁྲིད་གནང་འདུག

མ་གཞི་ཁོང་གི་མཛུབ་ཁྲིད་དེས་རང་གི་བུ་མོའི་གོ་རྟོགས་ཡོངས་སུ་སད་དེ་དོགས་སློང་གང་ཡང་མེད་པར་བཟོ་རྒྱུ་མ་ཡིན་པར། དོགས་པ་མང་པོ་བསླངས་ཏེ་རང་གི་བུ་མོའི་མིག་རྒྱང་རིང་དུ་གཏོང་བ། སྤྱི་སེམས་ཅན། འཛམ་གླིང་ཡོངས་ལ་བསམ་གཞིག་གཏོང་མཁན། དེར་གནས་པའི་མི་དམངས་ཡོངས་ལ་ཕུ་ནུ་མིང་སྲིང་ཡིན་པའི་ལྟ་ཚུལ་ཡང་དག་ཅིག་རྙེད་རྒྱུ་ནི་ཡབ་ཆེན་ཁོང་གིས་བུ་མོར་བཅངས་པའི་ཕུགས་རེ་གལ་ཆེན་དེ་ཡིན་པ་ཚན་པ་འདི་བཀླགས་པ་ཙམ་གྱིས་ཤེས་ཐུབ།

ཁོང་གིས་“མདུན་ངོས་ཀྱི་ལམ་དང་ལུང་གཤོང་ན་གན་རྐྱལ་དུ་ཉལ་བའི་རྡེའུ་སོགས་ཡོད་ཚད་རང་བྱུང་གླེགས་བམ་ཁྲོད་ཀྱི་ཤོག་ལྷེ་ཆུང་ཆུང་རེ་ཡིན་པ་ངོ་ཤེས་པའི་དུས་སུ། དེ་དག་གིས་ཁྱོད་ཁོ་ནར་རང་བྱུང་གླེགས་བམ་དེ་དག་ཀློག་ཐུབ་པའི་ཤེས་རབ་ཀྱི་རྩལ་བསྟན་པ་ཡིན་སྲིད།”ཅེས་པ་དང་། “ཁྱོད་ཀྱི་མཐའ་འཁོར་ན་ཡོད་པའི་རྡེའུ་ཧྲུག་དེ་དག་གིས་ཁྱོད་ལ་གནད་དོན་ཞིག་འཆད་ཀྱིན་མི་འདུག་གམ། དེ་དག་ལ་ཟུར་དང་གྲུ་སོ་གང་ཡང་མེད་པར་འཇམ་ཞིང་འོད་འཚེར་ལ། དབྱིབས་གོར་གོར་གྱི་རྣམ་པ་དེ་ཇི་ལྟར་ཆགས་པ་རེད། ”ཅེས་རང་གིས་དོགས་པ་བསླངས་ཤིང་རྨོངས་པ་སེལ་བའི་ལན་འདེབས་ཀྱང་རང་གིས་བྱས་ཡོད། ཁོང་གིས་ད་ལྟར་ང་ཚོའི་མིག་སྔུན་དུ་ཡོད་པའི་རྡེའུ་དག་སྔོན་ཆད་རྡོ་ཕ་བོང་ཆེན་པོ་ཆེན་པོ་རེ་ཡིན་ཞིང་། རིམ་གྱིས་རླུང་གིས་གཡོ་འགུལ་དང་། ཆུ་དང་ཆུ་ཕྲན། གཙང་པོ་དང་རྒྱ་མཚོ་བརྒྱུད་ནས་མཐར་འུ་ཅག་གི་མིག་སྔར་ཡོད་པའི་རྡེའུ་དང་མཛེས་སྡུག་ཡིད་དུ་འོང་བའི་མཚོ་འགྲམ་གྱི་བྱེ་གླིང་བསྐྲུན་པ་རེད་ཅེས་བཤད།

ཡང་ཁོང་གིས་ང་ཚོའི་མིག་སྔར་ཡོད་པའི་བྲག་དང་རི་བོ། མཚོ་དང་འགྱུར་རྡོ་སོགས་རང་བྱུང་ཁམས་ཀྱི་འཕེལ་འགྲིབ་གསལ་བའི་གླེགས་བམ་ངོ་མ་དེ་ཡིན་ཞེས་བསྙད་པ་མ་ཟད། དེ་དག་གིས་འུ་ཅག་ལ་འཇིག་རྟེན་གྱི་དཀའ་གནད་མང་དག་ཅིག་སློབ་ཁྲིད་བྱེད་བཞིན་ཡོད་ཅེས་གདམས་དུས། ངའི་ཡིད་ལ་ལྗོན་ཤིང་རླུང་གིས་བསྐུར་བ་ལས་སྒྲ་མི་རྟག་པར་སྟོན་པའི་མདོ་དང་། རྗེ་གུང་ཐང་པའི་མི་རྟག་པ་སྒོམ་ཚུལ་དུ་གྲོགས་ཉེ་དུ་འདུས་ནས་གྱེས་པ་དང་། དུས་དབྱར་དགུན་སྟོན་གྱི་མཛེས་སྡུག་རྣམས་ཞགས་བཅུ་གྲངས་ཙམ་ནས་འགྱུར་འགྲོ་བ་སོགས། བསམ་ཤེས་ན་མི་རྟག་པ་སྟོན་པའི་སློབ་དཔོན་དངོས་གནས་དེ་ཡིན་ཞེས་གསུངས་པ་སོགས་ལྷང་ངེར་དྲན་བྱུང་། མདོར་ན་ཁོང་ཚོས་འུ་ཅག་ལ་བསླབ་བྱ་ཅི་ཞིག་གནང་གིན་འདུག་ཟེར་ན། གཙོ་བོ་རང་ཉིད་ཀྱིས་བསམ་གཞིག་དང་བློ་གྲོས་ལ་བརྟེན་ནས་རང་རྒྱུད་སྨིན་པར་བྱེད་དགོས་ཤིང་། དེའང་པོ་ཏི་མཐུག་པོ་རེ་ལག་ལ་བཟུང་ནས་མ་ཤི་བར་དུ་དེ་ལ་ཅེར་བ་ཙམ་མ་ཡིན་པར། རང་བྱུང་ཁམས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ལ་བལྟས་ནས་སྒོམས་དང། དཔྱོད་དང་། སོམས་དང་། དེ་དག་ཐམས་ཅད་རང་ཉིད་ལ་གནས་ལུགས་དམར་རྗེན་དུ་ཁྲིད་པའི་སློབ་དཔོན་རེ་རེ་ཡིན་ཞེས་གདམས་བཞིན་ཡོད་པ་འདྲ།

2019/1/3སྡོད་ཤག་ཆུང་ཆུང་ཞིག་ཏུ་བྲིས།

སྣ་ཚོགས།

Post navigation

Previous Post: རྒྱ་གར་ནས་གཟབ་དགོས་ས་བཅུ།
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (2)     

Comments (2) on “ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-01-06 at 7:11 pm

    རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུའི་བུ་མོར་སྤྲིངས་པའི་དེབ་དང་
    ནེ་རུའི་བསམ་ཚུལ་ ( Thought of Nehru ) སོགས་ཁོང་གི་
    རྩམ་དེབ་མང་པོ་ཀློག་མྱོང་བའི་དྲན་པའི་རི་མོ་གསལ་ལ་མ་
    གསལ་ཞིག་ཤར་བའི་སྐབས་འདིར་ཁྱེ་ཀྱི་དྲན་གསོས་བསྐུལ་བ་
    བཀྲིན་ཆེ་ཐུགས་རྗེ་ཆེ།

  2. རྟ་དབྱངས། says:
    2019-01-25 at 1:00 am

    ཧ་ཅང་སྙན་པོ་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme