Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡང་བསྐྱར་ངས་ཁྱེད་ལ་སྙན་ངག་འབྲི།

Posted on 2014-03-062014-03-06 By ཁ་བརྡ་ 5 Comments on ཡང་བསྐྱར་ངས་ཁྱེད་ལ་སྙན་ངག་འབྲི།

འབའ་སྲས།

དཀར་གསལ་ཟླ་བ་ཞིག་འཛུམ་སོང་།།
དེ་ནི་ཡིད་འོང་ཁྱོད་མ་རེད།།
མཛེས་པའི་མེ་ཏོག་ཅིག་བཞད་སོང་།།
དེ་ཡང་རོགས་ལོ་ཁྱོད་མ་རེད།།

བདག་གི་སེམས་པ་ཡི་གཡས་ངོར།།
ཉ་གང་ཟླ་བ་ཞིག་ཤར་བྱུང་།།
ཟླ་བའི་དཀྱིལ་འཁོར་ལ་ཅེར་ན།།
ཁྱེད་ཀྱི་ཞལ་རས་དེ་དྲན་ཡོང་།།

གུས་པའི་སྙིང་རྡོག་གི་གཡོན་ན།།
དྲི་ཞིམ་མེ་ཏོག་ཅིག་བཞད་བྱུང་།།
མངར་བའི་དྲི་མ་ཡི་གསེབ་ནས།།
ཁྱེད་ཀྱི་མཛའ་བརྩེ་ལ་རོལ་ཡོད།།

དགུང་གི་ཟླ་བ་དེ་མི་དགོས།།
ས་ཡི་མེ་ཏོག་ཀྱང་མི་མཁོ།།
སེམས་ཀྱི་རྒྱ་མཚོ་ལ་འཛུམ་པའི།།
ཟླ་བ་པདྨ་དེས་ཆོག་ཨང་།།

ཁྱེད་རང་ཕར་ཕར་ལ་མ་ཕེབས།།
ང་ཡང་རིང་རིང་དུ་མི་གྱེས།།
ཁྱོད་དང་ང་རང་གི་གནས་སུ།།
མཛེས་པའི་འཛུམ་མདངས་ཤིག་ལྷག་ཡོད།།

མཛེས་པ་ཚེམས་ཕྲེང་ལ་སྤྲས་ནས།།
ཁ་ཡག་ངོ་དགའ་དེ་མི་དགོས།།
སྙིང་གི་དཀྱིལ་དབུས་སུ་གནས་པའི།།
མཛེས་པའི་མེ་ཏོག་དེ་ཕུལ་རོགས།།

ང་ཡི་ལུས་སྟེང་ན་ཡོད་པ།།
ཤ་ཁྲག་རུས་གསུམ་གྱི་རྟེན་ཡིན།།
གུས་པའི་སེམས་ཁོངས་སུ་འཕྱར་བ།།
བརྩེ་བའི་རྒྱ་མཚོ་ཡི་རླབས་ཡིན།།

མི་ལས་ལུས་རྟེན་གྱི་བདག་པོ།།
ཁྱེད་རང་ཡིན་པ་ཡིས་དགའ་ཡོད།།
ཐང་ཆད་སེམས་པ་ཡི་ནད་ཀྱི །།
སྨན་པ་ཁྱེད་རང་ཡིན་སྤྲོ་ཡོད།།

མཚན་མོའི་གཉིད་དུས་ཀྱི་སྔས་སུ།།
མིག་ཆུས་མཚོ་མོ་ཞིག་བསྐྱིལ་ཡོད།།
མཚོ་སྐྱེས་མེ་ཏོག་ཁྱོད་མིན་ན།།
ཡངས་པའི་རྒྱ་མཚོ་ང་སྐམ་ཆོག །

མཐོན་པོའི་རི་རབ་ཀྱི་རྩེ་ན།།
གསེར་གྱི་ཅོ་ཏོག་ཅིག་བཞེངས་ཡོད།།
གསེར་ལ་འོད་སྣང་ཞིག་ཡོད་ན།།
ནམ་ཡང་བདག་ཕྱོགས་སུ་འཕྲོ་རོགས།།

ལྷ་དར་ལྷ་མཆོག་ལ་འཐེན་ཡོད།།
ལྷ་ལ་རྒྱང་འབོད་ཅིག་བྱས་ཡོད།།
ལྷ་ཁྱོད་བྱིན་རླབས་ཤིག་མཆིས་ན།།
གཡོལ་མེད་བདག་ཉིད་ལ་སྩོལད་ཅིག །

༠༦/༠༣/༠༤ དགོང་མོར།

སྙན་ངག

Post navigation

Previous Post: བོད་འབངས་ཡོངས་ལ་གདམས་ངག་སོར་མོ་དོ་ཞེས་བྱ་བ།
Next Post: རང་མདོག་ཕྱི་ལ་སྟོན་པའི་དུས་ཤིག་ཡིན།

Comments (5) on “ཡང་བསྐྱར་ངས་ཁྱེད་ལ་སྙན་ངག་འབྲི།”

  1. དཔལ་དོན། says:
    2014-03-07 at 2:19 am

    སྙན་པོ་ཞིག་རེད། སྙན་ངག་ཡིན་རྒྱུ་རེད།

  2. ཆུ་ཐིགས་སྔོན་མོ says:
    2014-03-07 at 3:26 am

    ཡང་བྲིས་ཡོད་ཀ་་་་་བཟང་གི་

  3. ཀརྡོ་གཉེར་ཕྱག་པ་ says:
    2014-03-07 at 4:03 am

    མཛེས་མར་ཁ་བཏགས་ཅིག་འཐེན་ཡོད། །
    མཛེས་མར་རྒྱང་འབོད་ཅིག་བྱས་ཡོད། །
    མཛེས་མར་བརྩེ་སེམས་ཅིག་ཡོད་ན། །
    མཛེས་མས་འཕྲིན་ལོན་ཅིག་སྐུརད་ཤོག །

  4. གནམ says:
    2014-03-07 at 8:09 am

    ཟླ་བ་ལྟ་བའི་ཁ་ངོ་ནི།
    དགྱ་མོའི་སྐྱི་ཤ་དཀར་པོའི་དཔེ།།
    བོད་ཤ་སྨུག་པོའི་གདོང་མདངས་ལ།།
    སྙན་ངག་པ་ཆོར་དཔེ་རྒྱན་མེད།

    ཧ་ཧ་ཧ།

    དགའ་མོར་མེ་ཏོག་སྟེར་བ་ནི།
    བོད་མིན་ལུགས་ཀྱི་ལད་ཟློས་ཙམ།
    འོད་ལོ་དར་ཆེན་གཡུ་བྱུར་དག།
    སྙན་ངག་པ་ཆོར་གཏོང་ཕོད་མེད།

    ཧ་ཧ་ཧ།

    ཕར་ལ་བཙན་གྱིས་དགའ་བ་ནི།
    བརྩེ་ཆུ་སྣོད་ཕྱེད་གང་བ་འདྲ།
    ཚུར་ལ་དུང་བའི་བུ་མོ་དེར།།
    བརྩེ་སེམས་བཅོལ་ན་རྩེ་གྲ་ཡིན།

    དགའ་འི་ཟེར་ཞོར་རྒས་ནི་མང་།།
    རྒས་ཤུལ་གཞུག་གི་སྙན་ངག་ཚོ།།
    རྒན་གསོ་ཁང་གི་ཉིན་ཁ་ནས།།
    མྱིག་གི་རིག་ན་ཀློག་རྒྱུ་བྱེད།།

    ཧ་ཧ་ཧ།

  5. འདྲེ་རྐང་ཐོ། says:
    2014-03-07 at 11:22 pm

    སྙན་པ་ལ་ཚོད་ཅིག་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme