Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡང་བསྐྱར་ཁོ་མོ་དང་འཕྲད་པ།

Posted on 2012-09-25 By ཁ་བརྡ་ 20 Comments on ཡང་བསྐྱར་ཁོ་མོ་དང་འཕྲད་པ།

རེབ་ཐོག་མདའ།

དྲོད་འཇམ་ཉི་མ་ཡ་གིའི་རི་ནས་འཛུམ་དུས།།
བདག་དང་གྲོགས་པོ་རྨི་ལམ་ཞིང་ནས་འདྲེན་པའི།།
ལག་འཁྱེར་ཁ་པར་འབྱོར་བརྡ་ལྷང་ལྷང་གྲག་སོང་།།
སུ་ཡིན་མ་བལྟས་འཚམས་འདྲིའི་ཚིག་ཅིག་འཕངས་དུས།།
སྐད་ངག་འཇམ་པའི་ངང་ནས་བདག་ཡིན་ཟེར་བས།།
ན་ཆུང་བུ་མོ་ཞིག་གི་གསུང་སྐད་སྙན་མོ།།

གར་ཡོད་ཅི་བྱེད་དུས་ཚོད་ཡོད་མེད་དྲིས་ནས།།
ཁོ་མོའི་མཉམ་ཏུ་ནངས་ཇ་འཐུང་བར་བསྐུལ་སོང་།།
གྲོགས་པོར་ཅི་ཡིན་མ་བཤད་བྲེལ་བའི་ངང་ནས།།
གདོང་དང་སྐྲ་ལོར་གཙང་མ་ཁྲུས་ཤིག་བརྒྱབ་སྟེ།།
ཁ་སང་བཀྲུས་པའི་སྟོད་ལ་མགྱོགས་པོར་གོན་ནས།།
གོམ་པའི་འདེགས་འཇོག་རྡ་སའི་རི་ལ་སྤོས་ཡིན།།

དུས་ཡུན་ཅི་ཙམ་འགོར་བ་བདག་གིས་མ་ཤེས།།
ལུས་དང་མགོ་ནས་རྔུལ་ནག་ཁྲོམ་ཁྲོམ་བཞུར་བཞིན།།
རྒྱུགས་མ་འདུར་གྱིས་ཁོ་མོའི་ཕྱོགས་སུ་བསྐྱོད་ཡིན།།
གདོང་ལ་འཛུམ་གྱིས་ཁེངས་པའི་ན་ཆུང་བུ་མོས།།
ཚིག་ཇ་བཏུང་བཞིན་དབྱིན་ཡིག་དེབ་ཅིག་ཀློག་བཞིན།།
བདག་ལ་རེ་སྒུག་ཁྲོད་ན་འདི་ལྟར་བསྡད་འདུག།

སྐྲ་ལོ་བཀྲུས་པ་ད་དུང་རློན་པ་རེད་འདུག།
མྱོས་བུམ་ཆ་དེ་ཅུང་ཙམ་ཕྱི་ལ་མངོན་པའི།།
ནུབ་ལ་རིང་བོ་ཞིག་གིས་ལུས་པོ་སྤྲས་འདུག།
ཁ་སང་མཐོང་དུས་འདི་འདྲ་མཛེས་པ་མིན་ཡང་།།
དེ་རིང་སྐྲ་ལོའི་འོག་གི་ཞལ་རས་དཀར་བོ།།
བདག་གིས་བསམ་པའི་བུ་མོ་མིན་པ་འདྲ་གི།།

སྒེའུ་ཁུང་ཕྱི་ནང་བརྒྱུད་དེ་ཞིབ་ལྟ་བྱེད་དུས།།
ཁོ་མོ་ང་རང་བསུ་བར་ཕྱི་ལ་སླེབས་ཐལ།།
ནང་ལ་འགྲོ་དགོས་བསམ་ཡང་འཚབ་བ་འཚུབ་བེ།།
ཚིག་གཅིག་ལབ་དགོས་བསམ་ཡང་ད་ག་དིག་གེ།
ཁོ་མོ་ཕྱི་ལ་ཐོན་ནས་ཡར་ལ་ཕེབས་ཏེ།།
ཞལ་རུས་འཛུམ་ཀྱིས་ཁེངས་བཞིན་འཁྲིས་ནས་བསྡད་སོང་།།

བདག་གི་རྣམ་ཤེས་དེ་ཡང་རེ་ཞིག་བོར་སོང་།།
ཁོ་མོས་བདག་ལ་བལྟ་བཞིན་གད་མོ་ཤོར་བཞིན།།
ཁུག་མས་ནང་ནས་དྲི་གཙང་ཤོག་བུ་བླངས་ཏེ།།
ལག་ཟུང་དལ་གྱིས་བསྲིངས་བཞིན་བདག་ལ་སྤྲད་སོང་།།
ཁྱོད་ཀྱིས་ཅི་མཆོད་ཞེས་ནས་ཞབས་ཞུ་བྱས་ཀྱང་།།
བདག་གིས་ཅི་ཞིག་བྱེད་འདོད་ངག་དེ་ལྐུག་ཐལ།།

སེམས་པ་བློང་བློང་ཞིག་གི་ཕ་རོལ་དེ་ནས།།
དེ་ཟ་འདི་འཐུང་ཁོ་མོས་མ་བཤད་བར་དུ།།
འདི་དང་དེ་ཞེས་བདག་གིས་མ་བཤད་ཁ་རོག།།
མགོ་བོ་སྨད་དེ་ཅུང་ཙམ་ལུས་དེ་བསྡད་དུས།།
མ་དྲིས་བདག་ལ་དྲི་བ་འདི་ལྟར་བཏང་སོང་།།
མདང་དགོང་ཉལ་ས་བདེ་བ་ཨེ་བྱུང་ཟེར་གི།

ནང་ལ་བདག་མིན་ད་དུང་སུ་ཡོད་གསུང་གི།།
དགུང་ལོ་ག་ཚོད་ཕ་ཡུལ་གང་ཡིན་ཟེར་དུས།།
བདག་གིས་མགོ་བོ་མཐོན་པོ་ཡར་ལ་བཏེགས་ཏེ།།
སྤོབས་པའི་ངང་ནས་མ་གསང་ལན་རྣམས་བཏབ་ཡིན།།
ཉལ་ས་བདེ་རབས་ད་དུང་ཁེར་རྐྱང་ཡིན་པའི།།
གཏམ་རྒྱུད་བདེན་རྫུན་གཉི་ཀ་མཉམ་དུ་བསྲེས་ཡིན།།

རང་ལོ་ཉེར་དགུ་ཕ་ཡུལ་ཨ་མདོ་ཡིན་སོགས།།
ཕྱེད་བདེན་ཕྱེད་མི་བདེན་པའི་ལན་འདེབས་བྱས་པར།།
ཕ་མ་སྤུན་མཆེད་དུ་ཡོད་གང་ན་བཞུགས་སོགས།།།
བདག་གི་ལོ་རྒྱུས་མཐའ་དག་བསྔོག་མགོ་ཚུགས་སོང་།།
མ་དྲིས་ཁོ་མོའི་མི་ཚེའི་རྒྱབ་ལྗོངས་མདོར་བསྡུས།།།
མགོ་རྔ་མཐུན་པོའི་ངོ་སྤྲོད་འདི་ལྟར་བྱེད་གི།

ཨ་ཕ་བོད་པ་ཨ་མ་དབྱིན་ཇི་ཡིན་ལ།།
ཁོ་མོས་གསར་འགོད་ལས་ཀ་གཉེར་རབས་ལ་སོགས།།
མདང་དགོང་ལས་མང་གསང་བའི་དོན་དག་མང་པོ།།
ཁ་དང་སེམས་པའི་བར་ནས་དྲང་པོར་བཤད་སོང་།།
ཟླ་བ་གཉིས་དང་ཉིན་ཞག་བཅོ་ལྔའི་རིང་ལ།།
རྡ་སའི་རི་གྲོང་་ན་གནས་ཚང་གཡར་ཡོད་ཟེར་གི།།

བོད་པའི་སྐོར་ལ་རྒྱུས་ལོན་བྱེད་འདོད་ཟེར་གི།
བོད་པ་ཕོ་གསར་སྣང་བ་འགྲོ་རབས་ཟེར་གི།།
ཁྱོད་ཀྱི་གཤིས་ཀ་བློ་ལ་འབབ་རབས་ཟེར་གི།
ཁོ་མོའི་མིང་ལ་འདི་ཡིན་ཚང་མ་བཤད་ནས།།
དུས་ཡིན་ཅི་ཙམ་འགོར་བ་བདག་གི་མ་ཤེས།།
བུ་མོ་འདིར་འཕྲད་དུས་ཚོད་མགྱོགས་པ་ལ་ཨང་།།

ངེད་གཉིས་འདི་ལབ་དེ་ལབ་མང་པོ་ལབ་པས།།
ཁོ་མོ་དལ་ཀྱིས་བདག་གི་ཉེ་སར་བཅར་སོང་།།
ལག་ཟུང་དལ་གྱིས་བདག་གིས་ལག་ལ་འཇོག་ཞོར།།
ཁོ་མོ་ཁྱོད་དང་གྲོགས་པོ་བསྒྲིག་འདོད་ཟེར་གི།།
དེ་ནས་བདག་གིས་ངོ་ཚ་རྒྱབ་ལ་གཡུག་ནས།།
ཁོ་མོར་བལྟ་བཞིན་འོ་མཆུ་སྦྱོར་འདོད་བྱུང་སོང་།།

ཁོ་མོའི་མགོ་བོ་ཅུང་ཙམ་སྨད་ནས་བུད་ཐལ།།
དེ་ནས་བདག་གིས་ཁོ་མོའི་མ་ནེ་འཇུ་བཞིན།།
དལ་གྱིས་ཡར་ལ་བཀྱགས་ནས་འོ་ཞིག་བྱས་ཡིན།།
མྱོས་བུམ་དལ་གྱིས་ཕུར་ཕུར་ཅུང་ཙམ་བྱས་ཡིན།།
དེ་ནས་མགོ་བོ་བདག་གིས་ཕྲག་ལ་ཁེན་བཞིན།།
མགྲོན་ཁང་ཨང་གྲངས་མ་གསང་བདག་ལ་སྤྲད་སོང་།།

བདག་གིས་ཁོ་མོར་དགོང་ཇའི་མགྲོན་དུ་ཤོག་དང་།།
ངེད་གཉིས་མཉམ་དུ་སོང་ཆོག་ལན་དེ་བརྒྱབ་ཡིན།།
དགོང་ཟས་མཉམ་དུ་ཟས་པའི་ཞིམ་སྣང་དེ་ནི།།
ཡི་གེའི་ལམ་ནས་མཚོན་ཐབས་དཀའ་བར་འདུག་ལ།།
མགྲོན་ཁང་ནང་གི་འཐམ་འཁྱུད་རྩེད་འཇོའི་གར་སྟབས།།
ད་དུང་བདག་གི་སེམས་ལ་འགུལ་གྱིན་འདུག་གོ།

འདིའི་རྗེས་ཀྱི་གནས་ཚུལ་དག་འབྲི་དགོས་མིན་རྗེས་མར་བསམ་བློ་གཅིག་བཏན་ནས་བཤད་ཨ། དངོས་བྱུང་དོན་དག་ཡིན།

སྙན་ངག

Post navigation

Previous Post: དམིགས་བསལ་ཚོགས་ཆེན། བོད་ནང་གི་ཛ་དྲག་གནས་སྟངས་ལ་འགན་ཁུར་ཆེད་རེད་དམ་ཁྱབ་བསྒྲགས་བྱེད་ཆེད་རེད།
Next Post: རྗར་མེ་ནི་བོད་ཀྱི་ཁང་པའི་གསལ་བསྒྲགས།

Comments (20) on “ཡང་བསྐྱར་ཁོ་མོ་དང་འཕྲད་པ།”

  1. ཀུན་དགའ་རྒྱལ་པོ། says:
    2012-09-25 at 5:15 pm

    ལགས་སོ་ལོ་རྒྱུས་དངོས་བྱུང་ཡིན་མིན་མི་ཤེས་མོད། དང་པོ་ཐུག་དུས་ནས་འོ་དང་འཐམ་འཁྱུད་བྱེད་པ་ནི་ཕལ་ཆེར་དབྱིན་མོ་ཞིག་ལ་མི་སྲིད་པ་འདྲ་བོ་རེད། གལ་ཏེ་ཧྥན་རན་སི་ཡུ་རོབ་པ་ཞིག་ཡིན་ན་མ་གཏོགས་དབྱིན་ཇི་དང་ཨ་རི་བ་རྣམས་ལ་ལུགས་སྲོལ་དེ་འདྲ་ཞིག་མེད་པ་གསལ་བོ་རེད་འདུག

  2. སྤྲུལ་སྐུ་དབང་ཆེན says:
    2012-09-25 at 7:44 pm

    སྙན་ཆ་དང་སྡེབ་སྦྱོར་ཡག་པོ་མེད་རུང་ནང་དོན་ཅུང་དམར་ཧྲེང་དུ་ཡོད་པས་བཟང་། ཡིན་ནའང་རྫུན་དག་ཙམ་ཞིག་ཡོད་པ་འདྲ།

  3. རིན་ཆེན་སྒྲོལ་མ། says:
    2012-09-26 at 12:28 am

    སྙན་ངག་འབྲི་བར་བྱེད་པ་ལ་ངེས་པར་སྒྱུ་རྩལ་གྱིས་བྲོ་བ་གཏམས་པ་ཞིག་དགོས། དེ་ཡང་སྙན་ངག་གི་དཔེ་དོན་ཕུན་སུམ་ཚོགས་པས་བརྒྱན་པ་ཞིག་ཡིན་ན། སྙན་ངག་ཟེར་བའི་དོན་སྙིང་ཡོངས་སུ་ཚང་སྙམ། གོང་འཁོད་སྙན་ངག་ནི་བརྗོད་དོན་ཤིན་ཏུ་གསལ་བའི་རྐྱེན་གྱིས་རྗོད་བྱེད་ཀྱི་ཚིག་ལ་རང་བཞིན་གྱིས་སྒྱུ་རྩལ་དབེན་པར་གྱུར།
    ངེས་པར་སྙན་ངག་འབྲི་བ་ལ་བརྗོད་བྱ་རྗོད་བྱེད་གཉིས་ཐད་ནས་སྒྱུ་རྩལ་གྱི་ལས་སྣོན་ཅུང་ཟད་དགོས་པར་འདོད།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-09-26 at 12:54 am

    རེབ་ཐོག་མདའ་ལ་མདང་དགོངས་མཇལ་བའི། །
    བོད་ཕྱེད་མོ་དེ་མདང་ནུབ་ཕྲ་དུས། །
    མོ་ལ་ཁོ་མོ་ཟེར་བའི་བོད་སྐད། །
    ད་དུང་དངོས་བྱུང་གསུངས་པ་ཨེ་བདེན། །

  5. ཀརྡོ་གཉེར་ཕྱག་པ་ says:
    2012-09-26 at 1:02 am

    ཁོ་དང་མོ་ཡི་བསྡུས་ཚིག་ཡོད་ན། །
    ཁོ་མོ་མ་གཏོགས་འགྲོ་ས་མེད་པས། །

    ཁོ་ཕོ་ཁོ་མོ་ཚིག་ནོར་མེད་དམ། །
    མོ་དང་ཡང་བསྐྱར་ཁོ་དང་འཕྲད་སོང་། །

    མོ་དང་ཡང་བསྐྱར་ང་དང་འཕྲད་བྱུང་། །
    བོད་སྐད་བཤད་ན་མི་འགྲིག་ཨེ་འདུག །

  6. ཉི་འོད་གྲོངས says:
    2012-09-26 at 1:03 am

    ཁྱེད་ཀྱི་འདི་ངོ་མ་ཡིན་ནམ་བརྫུན་པ་ཡིན་མི་ཤེས་ཀྱང་། དོན་དག་་ངོ་མ་སྨད་ཚོང་མ་ཞིག་ལ་རྐུབ་་ལྡག་ཡག་་ལ་དེ་འདྲའི་ངོ་མཚར་དོགས་ཤིག་བཤད་ཨེ་དགོས། ཡང་ན་དཔེ་ཤག་མང་པོ་ཡོད་མཁན་ཞིག་གིས་ཕོ་གསར་མཚར་པོ་དེ་འདྲ་མཐོང་དབང་བསྐུར་ཞུ་ཡག་གི་དོན་བསླ་ཆའདྲ་སྤྲད་ནས་ང་ཚོར་བེད་སྤྱོད་གཏང་ཡང་ཧ་མ་གོ་ཞིང་རྐུབ་བལྡག་བཅུག་པ་ཡིན་སྲིད་པ་ལས། མཐོང་བ་ཙམ་གི་དེ་ལྟར་མི་ངོ་ཐག་གི་ཆོད་།

  7. གནམ says:
    2012-09-26 at 2:03 am

    ལས་ཅན་ལས་དེ་རེག་པའི་ཉིན་མོར།།
    འོ་མཆུ་སྦྱོར་བ་ཁྱེད་དགའི་བསོད་ནམས།།
    ཐུགས་བློར་བབ་པ་མོ་དགའི་ལས་དབང་།།
    ཁྱེད་གཉིས་རྟེན་འབྲེལ་མ་སྒྲིག་རང་འགྲིག།

    ཕོ་ལོ་ཉེར་དགུ་མི་ཆེ་མི་ཆུང་།།
    ཕར་དགའ་ཚུར་དགའི་རོགས་ལ་ཐུག་ལུགས།།
    འཇིག་རྟེན་འདི་ན་མང་པོ་མེད་པས།།
    ད་ལན་ཨམ་ཕྲུག་འཆོར་གི་མ་འཇུག།

    བྲིས་བའི་རྩོམ་ལ་སྙན་ཆ་ཡོད་ཀི།
    ཨམ་སྐད་ངག་དང་ཁ་ཐག་ཉེ་འི།།
    མི་རིགས་ཞིག་གི་སྐད་འདི་བསམ་ན།
    ཁྱོའི་རྩོམ་འདི་འདྲ་མང་ན་འདོད་གི།

  8. ཁྱུང་དཀར says:
    2012-09-26 at 2:35 am

    འཚོ་བ་དང་ཁ་ཐག་ཉེ་བའི་སྙམ་རྩོམ་འདི་འདྲ་རེག་ཚེ་ཀློག་ཉན་ཞེ་དྲག་འདུག

  9. དགེ་བསམ says:
    2012-09-26 at 3:07 am

    ད་རེ་་གོ་སྐབས་འདི་བཟུང་ནས།།
    བརྩེ་སེམས་གཅིག་སྒྲིལ་ཏེ་བྱོས་དང་།།
    མ་འོངས་འཚོ་འདུན་གྱི་བདེ་སྐྱིད།།
    འབད་འབད་ལྷུག་ལྷུག་ཅིག་ཡོང་བ།།
    ད་བར་མ་རག་ཅིག་རག་ནོ།།
    ལག་ནས་འཆོར་དུ་རང་མ་འཇུག།

  10. ལེགས་བཤད། says:
    2012-09-26 at 5:39 am

    ཀྱེ་མ་ཀྱི་ཧུད་སྡུག་བསྔལ་འདི་འདྲ་བ།།
    གང་ཟག་གཞན་གྱིས་མྱོང་བར་མ་གྱུར་ཅིག།

  11. གྲ་ཕྱི་བུ། says:
    2012-09-26 at 7:16 am

    ངས་ནི་སྒྱུ་རྩལ་ཅུང་ཕུལ་བྱུང་གི་སྙན་ངག་གི་གྲས་སུ་བཞག་ཡོད། འགའ་ཞིག་གིས་སྒྱུ་རྩལ་དུ་རློམས་ཏེ་སུས་ཀྱང་བཀླག་མི་བཏུབ་ཅིང་། གོ་དོན་མི་རྟོགས་པ་ཞིག་བྲིས་ཚེ། ཨོ་་་སྙན་ངག་ཚད་ལྡན་རེད་ཟེར། ཅི་ཡིན་ཟེར་ན་གཞན་གྱིས་བཀླགས་ཤིང་གོ་བ་མི་ལོན་པའི་ཕྱིར་ཏེ། ངེས་པར་ཚིག་དོན་ཟབ་པས་སོ་ཟེར།
    སྙན་ངག་ཟེར་བ་ནི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། ཁྱེད་ཀྱིས་བྲིས་པའི་སྐད་ཆས་ཀློག་པ་པོ་མཉམ་དུ་འཁྲིད་དེ། ངུ་དགོད་ཅི་ཡང་བྱེད་ལ། འདོད་ཆུ་དབང་མེད་དུ་འཛག་པ་སོགས་བྱེད་ནུས་ན། ངོ་མ་འཚོ་བ་དངོས་མཚོན་ཞིང་། བརྗོད་བྱའི་དོན་རྗོད་བྱེད་ཚིག་གིས་ཡང་དག་གནད་ཕིགས་སུ་མཚོན་པར་བྱས་སོང་བ་ཡིན།
    སྙན་ངག་འདིའི་ནང་དུའང་རྩོམ་པ་པོས་རང་གི་ཡིད་སེམས་འཆོར་སའི་མཛའ་ན་མོ་ཇི་ལྟར་ཐུག་ཚུལ་དང་། སྐབས་དེའི་ཁོ་མོའི་བྱད་བཞིན་དང་། སྟངས་ཀ་སོགས་ཞིབ་ཚགས་ཙམ་བྲིས་པ་མ་ཟད། རང་གི་སེམས་ཚོར་ལས་བྱུང་བའི་ཕྱི་ལུས་ཀྱི་སྤྱོད་ཚུལ་ཡང་ཞིབ་བཀོད་བྱས་པས་ཀློག་པ་པོར་བག་ཆགས་བཟང་པོ་སྦྱིན་བྱུང་།
    འོན་ཏེ་མ་ཚང་མ་འཐུས་པའི་ཆ་ཡང་ངེས་པར་འདུག་སྟེ། དཔེར་ན་ཕན་ཚུན་རྒྱུས་མངའ་ལོན་ཙམ་ནས་ལུས་འབྲེལ་འཇོག་པ་ནི་རྒྱ་བོད་ཕྱི་སོགས་གང་དུའང་ཅུང་མི་འཛའ་སྟེ། འཚོ་བ་དངོས་ཀྱི་ནང་བརྒྱ་ལམ་ཙམ་ཡིན་པས། སྐྱོན་གནད་ཆེ་བར་མཐོང་བས་རྗེས་སོར་རྩོམ་པ་པོས་ཐུགས་འཇགས་དགོས་ངེས་སུ
    ་མཐོང་ངོ་།།

  12. ལེགས་བཤད། says:
    2012-09-26 at 9:06 am

    འདོད་ཆགས་ལ་མགོ་ཆག་མ་གཏོགས་མེད།

  13. རྣ་བ་བརྒྱདཔ་ says:
    2012-09-27 at 2:39 am

    འཇིག་རྟེན་འདིར་ཕན་ཚུན་སྣང་བར་འགྲོ་བའི་བུ་དང་བུ་མོ་ཆ་ཆ་བྱས་ནས་མཐར་གཉེན་བསྒྲིག་སོགས་བྱས་ནས་ཟ་ཉོག་ལུང་བ་གང་གི་ཕ་མར་ཆག་འགྲོ་ཁི་མི་འདུག་གམ། དེ་ལ་དེ་འདྲེའི་ངོ་མཚར་བ་བྱེད་ཅི་དགོས། འཁྲིགས་སྤྱོད་བྱེད་ས་མ་རེག་པར་ལྷག་སོང་བ་ཞ་བོ་ལོང་བ་རེ་ཟུང་རེ་མ་གཏོགས་མི་འདུག་མོད་ཐོག་མདའི་སྐད་ངར་ཆེ་མདོག་ལ་ཕལ་ཆེར་བུ་མོ་མ་རེག་པར་ལྷག་པ་འདྲ། ཧཧཧཧ རྡ་རམ་སའི་སྐད་ཆ་དེ་འདྲ་ཐོས་ཚེ་ཡ་རབ་སྤྱོད་བཟང་གི་ར་བ་ལས་རྒལ་བའི་ས་ལས་རྒྱ་ཞེས་པའི་སྒྲུང་གཏམ་དེ་ཡང་དྲན་སོང་ཨ།

  14. གནམ says:
    2012-09-27 at 3:58 am

    བླ་མ་དཀོན་མཆོག་གིས་བུ་མོ་དེ་འདྲ་གནང་ན། དེ་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ལ་འབྲེལ་བ་ཡོད་པས། ཁོས་དགའ་བ་སྒོམ་དང་སྒོམ།
    བུ་མོའི་ཨ་ཕ་བོད་པ་རེད།
    བུ་མོ་བོད་ལ་དགའ་མཁན་རེད།
    བུ་མོས་ཐོག་མདའ་བཟུང་བཞག་ཟིག
    བོད་ལ་བུ་ཕྲུག་སྤེལ་རྒྱུ་རེད།
    ཐོག་མདར་ལམ་འགྲོ་རྒྱུག་བཞག་ཟིག།
    འཇིག་རྟེན་འཁོར་བ་འཛིན་རྒྱུ་རེད།
    ཁ་བརྡའི་ཐན་བྱ་ཕྲག་དོག་ཅན།
    རྗེས་སུ་ཡི་རང་མི་བྱེད་པར།།
    རྒྱགས་སྐྱུག་བྱེད་དོན་ཅི་ཡིན་ནམ།།

    འཇིག་རྟེན་འཁོར་བ་སྐྱིད་ཀི་འཁོར་ལོ་རེད།
    ཞེ་བསམ་པ་མཐུན་ན་སྐྱིད་ཅིག་ཡོད།
    རྟགས་མཚན་མའི་བར་ན་སྐྱིད་ཅིག་ཡོད།
    བུ་བུ་ཕྲུག་མང་ན་སྐྱིད་ཅིག་ཡོད།
    གཅིག་གྲྭ་བ་བྱས་ན་དགེ་མདུན་དགའ།།
    དེའི་ལྷག་མ་གཞོན་ནུ་ཚོགས་པ་དང་།།
    མ་བུ་མེད་ཚོགས་པ་གང་རུང་ལ།།
    ཞུགས་བཅུག་ན་གངས་ཅན་བོད་པ་དགའ།།
    དོན་འདི་མོ་སྒྲུབ་པའི་ཐོག་མདའ་ལ།།
    དོན་མེད་པར་ཁ་རྡུང་མ་གཏོང་རོགས།།

    གྲོགས་པོ་ཐོག་མདའ།
    གསལ་ལས་རྒྱལ་གྱི་མཇུག་སྒོ་དང་པོ་འགྱིག་ཤུབས་བེད་སྤྱོད་གཙོ་བོར་འཛིན་དགོས་བ་རེད། དེ་ཤེས་ཡོད་རྒྱུ་རེད།

  15. དགེ་བསམ says:
    2012-09-27 at 6:04 am

    འགྱིག་ཤུལ་གོན་ན་བུ་རྒྱུད་ཅི་ལྟར་འཛིན།
    ཧཧཧ་ཡང་ཅང་མི་ཤེས་ནི་ཟིག་རེད་ལོ།

  16. གནམ says:
    2012-09-27 at 10:33 am

    གསལ་ལས་རྒྱལ་གྱི་མཇུག་སྒོ་གཉིས་པ་འགྱིག་ཤུབས་བེད་སྤྱོད་མི་གཏོང་བ་དེ་རེད་ལོ། ད་དུང་མཇུག་སྒོ་གསུམ་པ་ཡང་ཡོད་པ་རེད། དེ་ནི་ཕྱི་ཕྱོགས་ལ་འཕུར་རྒྱུ་དེ་རེད་ལོ། རབས་དང་རིམ་པ་མང་ནི་རེད་ལོ། དགེས་བསམ་ཁྱོས་ད་དུང་གསལ་ལས་རྒྱལ་གྱི་སྐོར་ཤེས་འི་མེད་ས་རེད་ལོ།

  17. དཔྱིད་འགོའི་མེ་ཏོག says:
    2012-09-27 at 11:39 am

    ཧ་ཧ་ཧ་ཧ་ཧ་ཧ་ངར་བ་རེད། ཁྱི་ལྡོམ་ཁྱོད།

  18. གནམ says:
    2012-09-27 at 7:40 pm

    འདི་ལྟར་མི་ལྡོམ་ཁྱོད་རང་ལྐུགས་པ་རེད།
    འདི་ལྟར་ལྡོམ་ན་དགེ་མཚན་འདི་ལྟར་ཆེ།།
    གྲོགས་པོར་སྦྱུན་བདག་རོགས་པའི་གོ་སྐབས་དང་།།
    ནང་མིར་འཚོ་བ་རྒྱས་བའི་གོ་སྐབས་དང་།།
    རང་ལ་མདུན་ལམ་ཡོད་པའི་གོ་སྐབས་དང་།།
    ལག་ན་སྒོར་མོ་མང་བའི་གོ་སྐབས་དང་།།
    ཤེས་རྒྱ་ཇེ་ཆེར་འགྲོ་བའི་གོ་སྐབས་དང་།།
    སྐྱབས་བཅོལ་ངོ་མར་ཆགས་པའི་གོ་སྐབས་དང་།།
    འགྲོ་འདུག་རང་ལག་ཡིན་པའི་གོ་སྐབས་དང་།།
    རང་ཁ་རང་གསོ་ཐུབ་པའི་གོ་སྐབས་དང་།།
    གསར་རྙིང་གཉིས་ལ་དགོས་བའི་གོ་སྐབས་འདི།
    བོད་མི་ཡོངས་ལ་ཕན་པའི་གོ་སྐབས་རེད།
    གཞིས་བྱེསགཉིས་ལ་ཡོད་པའི་གོ་སྐབས་རེད།
    གོ་སྐབས་མི་རིག་མི་འདི་ཡིད་རེ་སྐྱོ།
    ཚང་མ་གོ་སྐབས་འཚོལ་དུ་རྒྱུགས་ཤིག་ལོ།།

  19. དོལ་སྨྱོན། says:
    2012-09-28 at 2:46 am

    ཚིག་སྦྱོར་དང་དག་ཆ་ལ་ཞེན་ཆ་འདུག་མོད་ནང་དོན་སྙན་པོ་བྱུང་བས་དགའ་བསུ་ཡོད།
    རྗེས་ཀྱི་གནས་ཚུལ་དག་ཀྱང་མུ་འཐུད་དེ་འབྲི་རོགས།

  20. དགེ་བསམ says:
    2012-09-29 at 3:03 am

    ཨ་ཨཨ་་་་གནམ་ལགས་་་་་་གསལ་ལས་རྒྱལ་ལ་དགེ་མཚན་ཆེ་གི་རེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme