Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡ་རབས་ཀུན་སྤྱོད་མེད་པའི་སྤྲོ་འཆམ་པ།

Posted on 2015-06-112015-06-11 By ཁ་བརྡ 13 Comments on ཡ་རབས་ཀུན་སྤྱོད་མེད་པའི་སྤྲོ་འཆམ་པ།

འཇམ་དབྱངས་དཀར་པོ།

11393041_10205190214528377_232813832354411034_nའདི་ནི་ཐའེ་ལན་(Thailand) གྱི་རྒྱལ་ས་བྷན་ཀོག་(Bangkok) ན་ཡོད་པའི་ཨ་ནན་ཌ་ས་མ་ཁོམ་ཋ་རོན་ཚོགས་ཁང་ཆེན་མོའི་མདུན་ན་རྒྱ་ནག་གི་བུ་མོ་ཆུང་ཆུང་ཞིག་གིས་གཅིན་གཏོང་གི་ཡོད་པའི་པར་རེད། ལོ་རེར་ཐའེ་ལན་ལ་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་མང་པོ་ཡོང་གི་ཡོད་ཀྱང་། རྒྱ་ནག་གི་ཡུལ་སྐོར་བ་གཅིག་པུས་བྱིས་པ་ཚོར་གཅིན་སྐྱག་གང་སར་གཏོང་དུ་འཇུག་པ་དང་། མི་རྒན་ཚོས་ཁ་ལུད་དང་སྣབས་ལུད་གང་སར་གཡུག་པར་བརྟེན། ཐའེ་ལན་ཊིའི་ཡུལ་མི་རྣམས་ཀྱིས་རྒྱ་ནག་གི་ལྟ་སྐོར་བ་ཚོར་”ཡ་རབས་ཀུན་སྤྱོད་མེད་པའི་འགྲོན་པོ་”ཞེས་འབོད།

11401505_10205190216368423_6601576595937201738_nའདི་ནི་ཐའེ་ལན་ན་ལག་འཁྱེར་མེད་པའི་རྒྱ་མིའི་སྣེ་ཁྲིད་པ་རྣམས་ཀྱི་ནག་ཉེས་ཀྱང་ཡིན་པར་འདོད་ཡོད། པར་འདི་དག་སྤྱི་ཟླ་ ༧ ཚེས་ ༧ ཉིན་བྷན་ཀོག་ཕོ་ཉའི་ནང་གསལ་བསྒྲགས་བྱེད་དགོས་དོན་ནི། འཛམ་གླིང་ཡོངས་ཀྱིས་རྒྱ་ནག་ཡུལ་སྐོར་བའི་ཡ་རབས་མེད་པའི་ཀུན་སྤྱོད་གསལ་རྟོགས་ཐུབ་ཆེད་ཡིན་ཟེར།

བྷན་ཀོག་ཕོ་ཉ་གསར་ཤོག་ཏུ་”རྒྱ་ནག་ཡུལ་སྐོར་བའི་སྤུས་ཚད་ཧ་ཅང་ཞན་པོ་རེད་”ཅེས་ཀྱང་བཀོད་འདུག་པར་མ་ཟད། “གལ་སྲིད་ཁྱོད་དང་ཁྱོད་ཀྱི་བྱིས་པ་གང་རུང་ངེས་པར་གཅིན་སྐྱག་གཏོང་དགོས་ཚེ་མི་གཞན་གྱིས་མི་རིག་ས་ཞིག་ནས་བཏང་ནའང་ཆོག་”ཅེས་ལམ་སྟོན་ལྟ་བུ་ཞིག་ཀྱང་བྱས་འདུག

11412334_10205190217048440_7578226241877713730_nདཔེར་ན། རྒྱ་ནག་ཡུལ་སྐོར་བས་འགྲུལ་བའི་ཁ་ངོ་ཁྲུད་བྱེད་ཀྱི་ཆུ་ཚ་བོའི་ནང་རྐང་པ་འཁྲུ་བ། གནམ་ཐང་ནས་ཀྱང་དོར་མ་དང་བུད་མེད་ཀྱི་གསང་ཐེབས་ཚུན་ཆད་སྐེམ་པ། རྐང་གསུམ་འཕྲུལ་འཁོར་རྐུ་བ། དོན་མེད་ཁང་པའི་བར་གྱང་བརྡུང་བ་སོགས་ཀྱི་ཀུན་སྤྱོད་མི་ལེགས་པ་དེ། ཐའེ་ལན་མི་མང་གིས་”ཀུན་སྤྱོད་འདི་དག་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཁོ་ནའི་སྟེང་ན་མ་གཏོགས་མཐོང་རྒྱུ་མི་འདུག་”ཟེར།

ངོ་སྤྲོད།

Post navigation

Previous Post: ཁྱོད་ཀྱིས་ང་རང་དྲན་ཨེ་བྱུང་། བདག་གིས་ནམ་ཡང་ཁྱོད་རང་གླེང་གིན་ཡོད།
Next Post: ང་ཚོར་དབང་བསྒྱུར་བའི་མི་རིགས།

Comments (13) on “ཡ་རབས་ཀུན་སྤྱོད་མེད་པའི་སྤྲོ་འཆམ་པ།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2015-06-11 at 3:03 am

    སྤྱིར་མི་ཚང་མར་སྐྱོན་མེད་པ་ཞིག་ག་ལ་ཡོད། ཡིན་ནའང་རྒྱ་མིའི་ཚོར་སྐྱོན་ཆ་གཉིས་ཡོད་པ་རེད། མི་རིགས་གཞན་ལ་སྐྱོན་གཅིག་ཡོད་ན་རྒྱ་མི་ཚོར་གཉིས་ཡོད་པ་རེད། རྩོམ་པ་པོས་གསུངས་པ་བཞིན་གང་བྱུང་ཁ་ལུད་དོར་བ། འཛེམ་མེད་དུ་ཐ་མག་འཐེན་པ། གང་བྱུང་དུ་གཅིན་སྐྱག་དོར་བ་ད་རེས་མ་གཏོགས་ཐོས་མ་སོང་། འོན་ཀྱང་བདེན་པ་ཡིན་རྒྱུ་རེད། ཐེ་ལན་དྲ་ནི་གཅིག་ནས་འགྲུད་བཞུད་སོགས་ཀྱི་རིན་གོང་ཆུང་བ་དང་གཉིས་ནི་རང་དབང་ཡོད་པའི་རྒྱལ་ཁབ་ཡིན་པ། གསུམ་ནི་རྒྱ་ནག་ལ་ཐག་ཉེ་བོ་ཡོད་སྟབས་རྒྱ་མི་འཕོན་ཆེན་པོ་ཡོད་པ་སྨོས་མ་དགོས་རེད། ཐེ་ལན་དྲའི་མི་རིགས་ནི་མི་གཤིས་འཇམ་ཞིང་བཟང་བོ་འདུག གཤང་ཚོང་མ་མ་ཡིན་པའི་བུ་མོ་དཀྱུས་མ་ཚོར་མངོན་གསལ་དོད་པོའི་སྒོ་ནས་དགའ་རོགས་ཁ་ཤས་ཡོད་མཁན་མང་བོ་འདུག དེ་ནི་ཁོང་ཚོའི་ནམ་རྒྱུན་གྱི་འགྲོ་ལུགས་ལྟ་བུ་རེད། བོད་པའི་ལུང་ཁུག་ཁ་ཤས་ན་བུ་མོ་གཅིག་ལ་མག་པ་ཁ་ཤས་ཡོད་པ་བཞིན་ནོ། གང་ལྟར་འདི་དག་ཚང་མ་དཔལ་འབྱོར་སྟབས་བདེའི་ཆེད་དུ་ཡིན་ས་རེད། །

  2. སྤོབས་པ་མཐའ་ཡས། says:
    2015-06-11 at 6:43 am

    རྒྱ་རྒན་ཚོས་ཞབས་འདྲེན་ཞུས་སྐོར་འདི་འདྲ་འདུག
    https://thenanfang.com/troublesome-chinese-couple-forces-air-asia-plane-to-return-to-bangkok/?nabe=5934626776285184%3A0%2C6478784838500352%3A2&utm_referrer=https%3A%2F%2Fwww.google.com.au%2F

  3. ལྡོང་གསེར་མིག says:
    2015-06-11 at 4:05 pm

    བོད་པ་ཚོས་དེ་ལས་ལྷག་པའི་ཞབས་འདྲེན་ཞུས་པ་མང་པོ་ཡོད་པ་རེད།

  4. ལུང་རྟོགས། says:
    2015-06-12 at 1:56 am

    བོད་པ་ཚོས་ཞབས་འདྲེན་ཞུས་པ་ཡོད་ན་འདྲ་མེད་ན་འདྲ་རྒྱ་མི་ཚོའི་ཀུན་སྤྱོད་ནི་འདི་རེད།

  5. རང་བྱུང་རིག་པའི་རྡོ་རྗེ says:
    2015-06-12 at 2:11 am

    རྒྱ་བོད་གཉིས་བསྡུར་ན་བོད་པ་ཚོའི་སྤྱོད་པ་རྩང་བོ་ཡིན་སྲིད་པ་རེད། སྔོན་ཞིག་ལ་གསར་འབྱོར་མང་བོ་མཉམ་དུ་ཡུལ་སྐོར་སྤྲོ་འཁྱམས་ལ་འགྲོ་ཀི་ཡོད་པ་རྒྱ་གར་ནས་མཐོང་མྱོང་། དེ་ཚོའི་སྤྱོད་རྩང་གི་བསམ་ནས་ཧ་ལས་སོང་། ཡིན་ནའང་ཐ་མག་འཐེན་པ་དང་ཁ་ལུད་གང་སར་དོར་མཁན་བོད་པ་ཉུང་ཉུང་ཡིན་བསམ་བྱུང་། དེ་མིན་བོད་པའི་སྤྱོད་པ་རྩུབ་པོ་ཡོད་རེད་ད།།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-06-12 at 2:58 am

    བོད་པས་ཞབས་འདྲེན་ཞུས་དག གསར་འགྱུར་ནང་ལ་མ་ཐོན་པ་དེ། རླུང་རྟ་རེད།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-06-12 at 3:01 am

    བོད་པས་གཟབ་གཟབ་མ་བྱས་ན། །
    གསར་འགྱུར་ནང་ལ་ཐོན་ཉེན་ཡོད། །
    ཡ་རབས་དམ་པ་ཚུད་པའི་ཕྱིར། །
    རྟག་ཏུ་དྲན་ཤེས་བག་ཡོད་བསྟེན། །

  8. ཁྱུང་སེ། says:
    2015-06-12 at 3:13 am

    བོད་པའི་བུ་མོས་ནེའུ་ཡོག་ཏུ་ཕྱི་རྒྱལ་གྱི་ཕྲུག་གུ་བལྟ་སྐབས་སུ་རྐུན་མ་རྐུས་ཚུལ་དང་དེ་བཞིན་ནེའུ་ཡོག་ཚོང་ཁང་ནས་ཅ་དངོས་འཁྱེར་བའི་cctvདེ་ཚོ་you tube ནང་དུ་འདུག་པས་དེ་ཚོ་རྒྱ་རིགས་པས་མཐོང་ན་ཅི་ཤོད་སྲིད་དམ། དེ་བཞིན་བོད་དུ་གཅིག་གིས་རྣམ་འགྱུར་ཅུང་མ་འགྲིག་པ་ཞིག་བསྟན་གྲི་རིང་གཡུག་རྐྱང་བྱེད་ཀྱི་ཡོད་པས་དེ་ཚོར་བསམ་བློའི་ཁ་ནང་དུ་གཏོང་དགོས། རང་གི་སྐྱོན་ཞི་ལའི་སྐྱག་པ་སྦས་སྦས་བྱེད་མི་ཉན་་་་དེའི་ཡར་རྒྱས་ལ་འགྲོ་རྒྱུར་བཀག་རྡོ་འབྱུང་རྒྱུ་ལས་ཕན་ཐོགས་གང་ཡང་མེད།

  9. ལུང་རྟོགས། says:
    2015-06-12 at 11:15 am

    སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་སྤྱོད་ངན་ཅན་གྱི་མ་ཁག་གཅིག་ཡོད་ཡོད་པ་རེད། འོན་ཀྱང་སྤྱི་ཚོགས་གཞན་དང་སྡུར་ན་བོད་པ་སྡུག་པོ་ཅང་མ་རེད། རྐུན་མ་རྒྱག་མཁན་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་མང་ཐག་ཆོད་འདུག་ལ། བོད་པས་གྲི་རིང་གཡུག་ནས་མི་གསོད་ཀྱི་ཡོད་ཀྱང་། ཨ་རིའི་ནང་མི་རེ་རེས་མེ་མདའ་ཁྱེར་ནས་སློབ་ཕྲུག་བཅུ་ཕྲག་མང་པོ་སྡེབ་གསོད་བཏང་བ་དང་སྡུར་ན་ཅི་ཡང་མ་རེད།

  10. ཀརྨ་བློ་གསལ་ says:
    2015-06-12 at 11:22 am

    པྲུ་གུ་ཆུང་ཆུང་ཞིག་གིས་གཅུན་ཤོར་བ་ཧང་སངས་མདོག་གནང་དགོས་མི་འདུག མི་ཡི་རང་གཤིས་ངོ་མ་རེད། བོད་ལ་གཉའ་གནོན་གཏོང་མཁན་ནི་རྒྱ་ནག་གཞུང་རེད་ལ། ད་དུང་རྒྱ་གཞུང་གི་རྩ་ཁྲིམས་འོག་འགྲོ་གི་ཡིན་ལབ་ཀྱིན་པའི་ཁ་རྒྱགས་པ་ཚོ་ལས་ཡག་པོ་འདུག

  11. ལུང་རྟོགས། says:
    2015-06-12 at 10:54 pm

    ཕྲུ་གུ་ཆུང་ཆུང་གཅིན་ཤོར་བ་ནི་མི་ཡི་རང་གཤིས་ཡིན་ཡང་། མི་མང་འགྲོ་སའི་རྒྱ་ལམ་སྟེང་ལ་བཏང་བཅུག་པ་ནི་རྒྱ་མིའི་རང་གཤིས་ངོ་མ་དེ་རེད། ད་དུང་རྒྱ་རྒན་ཚང་གི་སྤྱོད་ངན་ལ་ཡང་ངོ་སོ་དང་བོད་པ་ཚང་གི་སྤྱོད་བཟང་ལ་ཡང་སྤྱོད་ངན་དུ་རྩི་བ་དེ་དྲ་འབུའི་རང་གཤིས་ངོ་མ་དེ་རེད།

  12. སྤོབས་པ་མཐའ་ཡས། says:
    2015-06-13 at 4:05 am

    གནའ་སྔོན་མ་རྒྱ་གར་ནག་གཉིས་གཉིས་ཟེར་དུས་འཛམ་བུ་གླིང་གི་མིའི་རྩེ་ཕུད་འདྲ་བོར་བརྩི་སྲོལ་ཡོད་འདུག དེ་ནས་ཁོང་ཚོ་ཉམ་རྒུད་དུ་ཕྱིན་འདུག རྒྱུ་རྐྱེན་ནི་ཕྱི་མིའི་བཙན་འཛུལ་གྱིས་མ་འགྲིགས་པ་ཡིན་ས་རེད།

  13. ཁྱུང་སེ། says:
    2015-06-13 at 5:18 am

    ཕྱི་ཡི་བཙན་འཛུལ་བྱུང་བ་ལ་བརྟེན་ནས་སྤྱོད་ལམ་དང་དཔལ་འབྱོར་སོགས་ཡར་རྒྱས་ཕྱིན་ཡོད། དཔེར་ན། རྒྱ་གར་ལྟ་བུར་ཆ་བཞག་ན། དཔལ་འབྱོར་གྱི་ཐོག་ནས་བཤད་མི་དགོས། སྤྱོད་ལམ་གྱི་སྟེང་ནས་ཀྱང་ནུབ་ཕྱོགས་པའི་ལྟ་བ་བུད་མེད་ལ་བརྩི་བཀུར་དང་དེ་བཞིན་བཟང་སྤྱོད་སོགས་གང་ལེགས་བྱུང་འདུག དེ་མིན་སྔོན་མ་རྒྱ་གར་བས་རང་གི་ཁྱོ་ག་ཤི་ན་དེ་དང་མཉམ་དུ་སྐྱེས་དམན་ཀྱང་མེར་མཆོང་དགོས་་་་གལ་ཏེ་མ་མཆོང་ན་གཞན་གྱིས་བཙན་གྱིས་བསྲེགས་རབས་འདུག གདུག་རྩུབ་ཆེན་པོ་རེད་ཤག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme