Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡ་མཚན་གཉིས། ཐན་ལྟས་གཅིག

Posted on 2016-06-242016-06-24 By ཁ་བརྡ 5 Comments on ཡ་མཚན་གཉིས། ཐན་ལྟས་གཅིག

སེར་ཤུལ་རིན་ཆེན་དོན་གྲུབ།

 
ཉེ་ཆར་རང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བྱུང་བའི་གནས་ཚུལ་ཡ་མཚན་ཅན་གཉིས་ནི་བསམ་གཞིག་མ་བྱས་རང་བྱས་ཀྱིས་གནད་དོན་ཞིག་རེད། གང་ཡིན་ཟེར་ན་གནད་དོན་དེ་གཉིས་ཀྱི་མི་རིགས་ཤིག་གསོན་གནས་ཀྱི་འཚར་ལོང་དང་འབྲེལ་བ་ཡོད། ཡ་མཚན་གཅིག་བོད་ཀྱི་མཛངས་མས་བོད་ཡིག་བོད་སྐད་མི་ཤེས་པ་དེ་དང་གཞན་ཞིག་ནི་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་གྱི་བོད་མི་དག་རེད། ཆེས་སྤྱིར་བཏང་གི་བུ་མོ་ཞིག་གིས་བོད་ཡིག་བོད་སྐད་མ་ཤེས་ན་ཡ་མཚན་རྒྱུ་དེ་ཙམ་མེད། འོན་ཀྱང“བོད་ཀྱི་མཛངས་མ”ཟེར་བའི་མིང་འདི་ཁུར་མཁན་ཞིག་གིས་བོད་ཡིག་བོད་སྐད་མི་ཤེས་པ་ནི་ཧ་ཅང་གི་ཡ་མཚན་སྐྱེ་གཞི་ཞིག་ཡིན། མི་རིགས་ཀྱི་སྲོག་རྩ་རང་གི་སྐད་ཡིག་ཙམ་ཡང་མ་ཤེས་ན་བོད་ཀྱི་མཛངས་མ་ཇི་ལྟར་ཆགས་པ་རེད་དམ། དེ་འདྲ་ཞིག་ལ་བོད་ཀྱི་མཛངས་མར་ཇི་ལྟར་འོས་སམ།

བོད་ཀྱི་ཤ་རུས་ཁྲག་རྒྱུན་དག་མ་ཡིན་པའི་བུ་མོ་ཞིག་ཡིན་པ་ཙམ་གྱིས་མཛངས་མར་འགྱུར་ན་བོད་མོ་ཡོད་ཚད་མཛངས་མ་ཅིའི་ཕྱིར་མིན། དེ་ལྟར་མིན་པར་གཟུགས་ཀྱི་མཛེས་ཆ་དང་སྐད་རིགས་གཞན་པ་སོགས་ཤེས་ཡོན་གཞན་ཞིག་གི་ཐོག་ནས་ལེགས་འདེམས་བྱེད་ཀྱི་ཡོད་ཚེ་དེ་དག་ལ། བོད་ཀྱི་གཟུགས་མཛེས་མའམ། ཡང་ན། སྐད་རིགས་གཞན་མཁས་མ་སོགས་ཀྱི་མིང་འདོགས་འོས་པ་ལས་བོད་ཀྱི་མཛངས་མ་ཟེར་བའི་མིང་འདི་གཏན་ནས་མི་འོས།

༢༠༡༦ ལོར་བོད་ཀྱི་མཛངས་མའི་མིང་ཐོབ་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ཀྱིས་བོད་སྐད་མ་ཤེས་པའི་གནས་ཚུལ་དེ་ནི་ཧོབ་སྟེ་བལྟས་ན་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་ཡང་ཞིབ་ཀྱིས་བལྟས་ནས་བཙན་བྱོལ་བའི་མི་ལོ་ལྔ་བཅུ་ལྷག་གི་ཤེས་ཡོན་གྱི་ཐོན་རྫས་འགྲེམས་སྟོན་བྱས་པ་ཞིག་ཡིན་པས་བསམ་གཞིག་དགོས་པའི་གནད་དོན་ཆེན་པོ་ཞིག་ཡིན།
འདི་དང་འབྲེལ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་དང་། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ། བོད་ཁྱིམ་སློབ་གྲྭ་ཁག་གི་འབྲེལ་ཡོད་ལས་བྱེད་སོགས་ཀྱང་མ་གླེང་ཐུ་མེད་ཡིན། མཛངས་མ་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་འགྲན་ཞུགས་བུ་མོ་དག་ལ་བོད་རང་གི་རིག་གཞུང་གི་ཤེས་ཚད་ཡོད་མེད་ལ་མི་བལྟ་བར་གཅེར་གཟུགས་ངོམ་ཐུབ་པ་ཙམ་གྱིས་བསྡུ་ཀྱང་བྱེད་པ་ནི་འགྲན་བསྡུར་དེ་བོད་མི་རིགས་ཀྱི་ཆེད་དུ་ཡིན་མདོག་གི་ངར་སྐད་དེའི་ལྡོག་ཕྱོགས་སུ་ལངས་པ་རེད།

བརྒྱ་ཆ་སྤྲོད་མཁན་དུ་བོད་པ་མེད་པ། ཁོ་རང་ཉིད་ཀྱིས་བོད་ཆས་ཙམ་ཡང་གྱོན་པ་ཕར་ཞོག ཐ་ན་མཐའ་མའི་གསལ་བསྒྲགས་དག་ཀྱང་དབྱིན་སྐད་ཁོ་ནས་ཐོག་ནས་བྱེད་བཞིན་འདུག དེ་ནི་ཁྱད་གསོད་ཅིག་ལས་གང་ཡང་མ་མཐོང་། སྡིངས་ཆ་དེ་ནི་ཁོ་རང་གིས་བཤད་པ་ལྟར་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་སྡིངས་ཆ་ཡིན་པ་ལས་དབྱིན་ཇིའི་མཛངས་མའི་འགྲན་བསྡུར་གྱི་སྡིངས་ཆ་མ་རེད། དེ་བས། བློ་དབང་ལགས་ཀྱིས་ཡང་ན་ཁ་ཞེ་གཉིས་མེད་ཀྱིས་ལས་འགུལ་འདི་བོད་རང་གི་ཁྱད་ཆོས་ཡོད་པ་དང་། བོད་ཀྱི་རིག་གཞུང་ལ་རྡོག་རུལ་མི་གཏོང་བའི་ཐོག་ནས་རྒྱུན་འཁྱོང་དགོས་པ་དང་། ཡང་ན། ལས་འགུལ་འདི་རང་གི་འཚོ་ཐབས་བསྡུ་ལེན་གྱི་ལས་འགུལ་ཞིག་ཡིན་པ་གསལ་བོར་བཤད་རྗེས་བོད་ཅེས་པའི་མིང་འདི་གང་བྱུང་བེད་སྤྱོད་མི་བྱེད་པར་ཕྱིར་བསྡུ་བྱ་དགོས། འདི་ནི་མི་རིགས་ཤིག་དང་དེའི་རིག་གཞུང་ལ་ཞེན་པའི་བོད་མི་ཞིག་གི་ངོས་ནས་རེ་སྐུལ་ཙམ་ཡིན།

དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཀྱང་གཅིག་མཚུངས་སུ་བོད་ཀྱི་རིགས་གཞུང་ལ་ཁྱད་གསོད་བྱེད་བཞིན་ཡོད། དཔེར་ན། ༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་སྐབས་སོགས་སུ་བོད་སྐད་དག་མ་མེད་པ། བོད་ཀྱི་ཡི་གེ་མེད་པ། གཞན་སྐད་སྤྱོད། གཞན་གྱི་ལད་ཟློས་འབའ་ཞིག་བྱེད་བཞིན་འདུག་པས་ཉེ་སྔོན་དེའི་སྐོར་ལ་རྩོམ་ཐུང་ཞིག་ཀྱང་བྲིས་ཡོད།
དེ་དག་གི་འབྱུང་རྩ་གཙོ་བོ་ནི་བོད་ཁྱིམ་སློབ་གྲྭ་ཁག་ཡིན། སློབ་གྲྭ་དེ་དག་ནས་འཚར་ལོང་བྱུང་བའི་སློབ་ཕྲུག་ཕལ་མོ་ཆེར་བོད་རང་གི་དྲི་མ་མེད། བོད་སྐད་མི་དག བོད་ཡིག་མི་ཤེས། དེའི་དབང་གིས་བོད་ཀྱི་བསམ་བློ་ཡང་ཧ་ཅང་ཞན། སློབ་གྲྭ་འདིའི་ཐོན་རྫས་ཕལ་མོ་ཆེ་དག་ནི་ད་ལོའི་མཛངས་མའི་མིང་ཅན་ཁོང་ལྟ་བུའི་བོད་མི་ཕྱེད་ཀ་ཏག་ཏག་ཡིན།(༡)

ཐ་ན་ཁོང་ཅག་གི་སློབ་གྲྭའི་མཛད་སྒོའི་སྐབས་ཀྱི་སློབ་ཕྲུག་གི་རུ་སྒྲིག་རི་མོ་ཙམ་ཡང་བོད་ཡིག་ཐོག་ཏུ་འབྲི་མི་ཤེས། འབྲི་འདོད་མེད། དབྱིན་ཡིག་རྐྱང་བའི་ཐོག་བྲིས་ཡོད། རྣམ་པ་འདིར་བོད་ཕྱི་ནང་གཉིས་ཀ་ནས་སྐྱོན་བརྗོད་དང་སེམས་འཚབ་བྱེད་མཁན་མང་པོ་བྱུང་ཡོད། ༸གོང་ས་ཆེན་པོས་ཤེས་ཡོན་འཐུས་ཤོར་སྐོར་ལ་སྔ་ཕྱིར་བཀའ་སློབ་ཕེབས་པའང་གནད་འདི་འདྲ་ལ་ཐུག་པ་མ་ཡིན་ནམ། འདི་ལྟར་མུ་མཐུད་དེ་སོང་ན་དབང་རང་ལུང་བ་ནས་རང་དབང་ངང་རང་གི་སྐད་ཡིག་དང་། དེ་ལ་བརྟེན་པའི་རིག་གཞུང་རྣམས་མེད་པར་གཏོང་བར་ངེས་པས་བསམ་ཡོད་དག་ངེས་པར་དུ་འགུལ་སྐྱོད་བྱ་རན་འདུག
ཡ་མཚན་གཉིས་པ་ནི་བོད་ཀྱི་མཛངས་མའི་མིང་ཅན་གྱིས་རང་སྐད་མི་འཁྱོང་བར་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན། ཁོ་ཚོ་ནི་ནམ་རྒྱུན་རང་གི་རིག་གཞུང་དང་། གོང་ས་ཆེན་པོའི་བཀའ་ཟེར་ནས་མིག་ཟིམ་ཟིམ་བྱེད་མཁན་དག་རེད།

དེ་བས་ང་རང་ཆེས་ཡ་མཚན་དུ་གྱུར། ༸གོང་ས་མཆོག་གང་དུ་ཕེབས་ཀྱང་། ག་དུས་ཡིན་ཡང་“རང་གི་སྐད་ཡིག་དང་། རང་གི་རིག་གཞུང་”ཉམས་ཆག་མི་འགྲོ་བར་བོད་མི་ཚོས་འགན་བླང་དགོས་པ་གསུང་བཞིན་ཡོད། ཁོང་བོད་མི་གནས་ཡུལ་གང་དུ་ཕེབས་ཀྱང་བཀའ་སློབ་འདི་གནང་བཞིན་ཡོད་ལ་གང་ཉིད་ཀྱིས་གནད་དོན་འདི་ཧ་ཅང་གི་གལ་ཆེན་དུ་འཛིན་གནང་གི་ཡོད།

དེ་བས། བོད་ཀྱི་རིག་གཞུང་དང་སྐད་ཡིག་མ་ཤེས་ཀྱང་བོད་ཀྱི་མཛངས་མ་བྱས་ན་འགྲིག་གི་རེད་ཟེར་མཁན་རྣམས་ནི་དོན་དངོས་ཐོག་རིག་གཞུང་གི་ཤན་པ་དང་། བཀའ་གསུང་གི་ལྡོག་ཕྱོགས་སུ་འགྲེངས་ཡོད། བོད་སྐད་བོད་ཡིག་ཤེས་དགོས་ཟེར་མཁན་ཚོ་ཀླད་མཁྲེགས་རེད། ཁོ་ཚོས་བོད་ཡིག་ཏོག་ཙམ་ཤེས་པ་དེས་ང་རྒྱལ་རེད་སོགས་ཟེར་བ་ལ།་དབྱིན་སྐད་ཏོག་ཙམ་ཤེས་པ་དེས་ང་རྒྱལ་རེད། ལད་ཟློས་ཁོ་ན་བྱེད་པའི་ཀླད་མེད་རེད་སོགས་བཤད་རྒྱུ་ཡོད་ངེས་ཀྱང་། དེ་ནི་བརྗོད་གཞི་དང་མ་འབྲེལ་བར་གང་ཟག་ལ་ངན་སྨྲས་ཀྱི་སྤྱོད་པ་ཞིག་ཡིན་པས་བརྡ་ལེན་གཏོང་འདོད་མེད།

མདོར་ན། བོད་མི་ལ་ཤ་ཚ། རིག་གཞུང་ལ་ཞེན་པ་ཡོད། མི་རིགས་ཀྱི་བདེ་སྡུག་བསམ་མཁན་དག་གིས་ངེས་པར་དུ་བསམ་ཚུལ་འདི་དག་ལ་བསམ་ཞིབ་དང་། རིག་གཞུང་རྒྱུད་འཛིན་དར་སྤེལ་ལ་སྡོངས་གྲོགས་གནང་རོགས་ཞུ། །

མཆན། (༡) (༸གོང་ས་མཆོག་གིས་བོད་རང་གི་རིག་གཞུང་མ་ཤེས་ན་བོད་མི་ཕྱེད་ཡིན་གསུངས་ཡོད། དོན་དངོས་དེ་བཞིན་ཡིན།)

༢༠༡༦/༦/༡༤/ ཉིན།

རྩོམ་རིག

Post navigation

Previous Post: འོས་བསྡུའི་སྒྲིག་གཞིར་དགོངས་འཆར་ག་རེ་ཡོད་ན་འབུལ་རོགས།
Next Post: གངས་ཅན་པའི་གཅེས་ནོར་ཞིག

Comments (5) on “ཡ་མཚན་གཉིས། ཐན་ལྟས་གཅིག”

  1. ཅང་ཤེས་རྟ་མཆོག says:
    2016-06-24 at 12:34 am

    བོད་ཀྱི་མཛངས་མ”ཟེར་བའི་མིང་འདི་ཁུར་མཁན་ཞིག་གིས་བོད་ཡིག་བོད་སྐད་མི་ཤེས་པ་ནི་ཧ་ཅང་གི་ཡ་མཚན་སྐྱེ་གཞི་ཞིག་ཡིན། མི་རིགས་ཀྱི་སྲོག་རྩ་རང་གི་སྐད་ཡིག་ཙམ་ཡང་མ་ཤེས་ན་བོད་ཀྱི་མཛངས་མ་ཇི་ལྟར་ཆགས་པ་རེད་དམ། དེ་འདྲ་ཞིག་ལ་བོད་ཀྱི་མཛངས་མར་ཇི་ལྟར་འོས་སམ། བཀྲིས་མ་ཤིས་པ་བློ་བཟང་དབང་རྒྱལ་ཟེར་མཁན་དེའི་བྱེད་སྟངས་ལ་ཅིག་ལྟོས་དང་། བོད་ནང་དུ་མི་རིགས་དང་སྐད་ཡིག་གི་དོན་དུ་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་གཏོང་བྱེད་པ་དང་བཙན་བྱོལ་ནང་དུ་འདི་ལྟར་གཏོར་བཤིག་བཏང་ན་ཨ་ཙི་ཙི…………………………….

  2. ྸཨ་འབར་འཇིགས་དབང། says:
    2016-06-24 at 12:56 am

    ༅༅།སེར་ཤུལ་རིན་ཆེན་དོན་གྲུབ་ལགས་ནས་བོད་སྐད་ཡིག་ལ་ཞེན་པའི་རྕོམ་ཐུང་ཞིག་བྲིས་འདུག་པ་
    ལེགས་སོ་ཞུ། ༢༠༡༦ ལོའི་བོད་ཀྱི་མཛངས་མས་བོད་སྐད་ཡག་པོ་མ་ཤེས་པ་སོགས་མཆན་བྲིས་
    པར་ངས་འདི་ལྟར་བརྗོད་འདོད་པ་ནི།
    རྩ་བའི་བོད་སྐད་ཡག་པོ་ཤེས་དང་མ་ཤེས་ལ་ཁྱེད་པར་དེ་ཙམ་མེད། དགོས་ངེས་ཅན་དེ་མི་རིགས་དང་རྒྱལ་ཁབ་ལ་ཞེན་པ་ལྷག་བསམ་དེ་གལ་ཆེ་བ་རེད།
    ལྟ་བ་ཡག་པོ་མེད་ན་ཚར་བ་རེད། དཔེ་མཚོན་གཅིག་བརྗོད་ན། དོལ་ཚོགས་རྗེས་འབྲངས་པའི་ནང་ལ་
    ་ བོད་ཀྱི་ཆོས་དང་བོད་སྐད་ཡིག་ཤེས་མཁན་དགེ་བཤེས་དེ་ཚོ་དང་པོ་སངས་རྒྱས་ཀྱི་ཆོས་མགོར་ཞུགས་
    ནས་ལོ་མང་ནང་ཆོས་སློབ་གཉེར་བྱས་། རྩ་བའི་བླ་མའི་སྐུ་མདུན་ནས་གསུང་ཆོས་མང་པོ་ཞུས།
    གཉིས་པ་བོད་ཀྱི་ཆོས་དང་སྐད་ཡིག་རྒྱབ་ཏུ་དབྱུགས་།
    ཕ་ཡུལ་བཙན་འཕྲོག་བྱེད་མཁན་། ཕ་དང་མ་བསད་མཁན། ཆོས་དང་རིག་གཞུང་རྩ་མེད་བཏང་མཁན་ཀླ་ཀློ་རྒྱ་དམར་པ་བློ་གཏད་ནས་རྕ་བའི་བླ་མ་ལ་མཚན་སྨད་ཞུས། བོད་རིགས་ནང་ཁུལ་ལ་དཀྲུགས་ཤིང་བརྒྱབ་པ་སོགས་འདི་ཚོ་ཅི་འདྲ་རེད། སྐྱོན་བརྗོད་བྱེད་ན་དེ་ཚོ་སྐྱོན་བརྗོད་བྱེད་དགོས།
    གསུམ་པ་དེ་བོད་པ་ཚོ་བསྡད་སའི་ཁོར་ཡུར་ལ་བལྟ་དགོས་པ་རེད། ཕྱི་རྒྱལ་ལ་བསྡད་མཁན་ཚོའི་ཕྲུག་གུ་ཚོའི་བོད་ཡིག་ཕར་བཞག་བོད་སྐད་མི་ཤེས་མཁན་མང་དག་ཡོད་པ་རེད་།ཁག་རྩ་བ་ནས་ཡོད་པ་མ་རེད།
    བཞི་པ་བོད་ཀྱི་མཛངས་མ་འགོ་བཙུགས་ནས་ལོ་མང་སོང་བ་རེད།་ཁྱེད་རང་གི་བསམ་འཆར་དེ་འདི་སྔོན་ལ་མ་བཤད་པ་ཅི་ཡིན། བསམ་འཆར་སྟོང་བཤད་རེད།
    སེམས་བསམ་པའི་བར་སྣང་ལ་རྟ་རྒྱུགས་ཀྱང།
    རྒྱུ་དངོས་པོའི་རྦར་ཐིལ་ལ་སོ་མི་ཐེབས་དཔེ་བཞིན་རེད་དོ།།

  3. རི་རྒྱལ་ཏི་སེ says:
    2016-06-24 at 2:16 am

    སེམས་བསམ་པའི་བར་སྣང་ལ་རྟ་རྒྱུགས་ཀྱང།།
    རྒྱུ་དངོས་པོའི་རྦར་ཐིལ་ལ་སོ་མི་ཐེབས།།ཞེས་པའི་དཔེ་བཞིན་ནོ།།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-24 at 2:43 am

    མཛངས་མའི་མགྲན་བསྡུར་རེད་དམ་བོད་ཀྱི་སྐད་ཡིག་མགྲན
    ་བསྡུར་རེད་གསལ་པོ་བཟོ་རོགས་།
    མཛངས་མའི་མགྲན་བསྡུར་ཡིན་ན་སྐད་ཡིག་དང་འབྲེལ་བ་ཨ་ཡོད་སྐད་ཡིག་མགྲན་བསྡུར་ཡིན་ན་མཛངས་མ་དང་འབྲེལ་བ་ཨ་ཡོད་ཉ་དང་མྱུང་མ་མཉམ་བསྲེས་མ་བྱས་པ་ལེགས་།

  5. ཨ་ཁུ་འབྲོག་པ། says:
    2016-06-24 at 1:21 pm

    ༄།།བོད་ཀྱི་མཛངས་མའི་སྐོར་ལ། རང་རང་དགོངས་ཚུལ་གསུངས་པ་ལྟར། ངསི་བསམ་ཚུལ་ལ། སྤྱིར་མཛངས་མ་ཞེས་པ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་། མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་ལ་མཛངས་མའི་ཐ་སྙད་ཐོབ་ཀྱང། རྒྱལ་ཁབ་བམ། མི་རིགས་གང་གི་བུད་མེད་ཡིན་ཀྱང་། དེ་དང་དེའི་མཛངས་མ་ཆགས་ལ། མ་མཐར་ཡང་དེ་དང་དེའི་སྐད་ཡིག་ཤེས་པ་ཞིག་དགོས་པས་བོད་ཀྱི་མཛངས་མ་ཡིན་ན་བོད་ཀྱི་སྐད་ཡིག་རང་སྐྱ་འཕེར་བ་ཞིག་ཅིས་ཀྱང་དགོས་སོ་སྙམ་མོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme