Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་སྒམ་བཙན་འཁྱེར་བྱས་སོང་།

Posted on 2010-10-032010-10-03 By ཁ་བརྡ་ 38 Comments on འོས་སྒམ་བཙན་འཁྱེར་བྱས་སོང་།

གསར་འགྱུར།

Post navigation

Previous Post: ཐ་སྙད་གསར་བཟོ་ལ་གཟབ་དགོས།
Next Post: འོས་སྒམ་བཙན་འཁྱེར་བྱས་སོང་།

Comments (38) on “འོས་སྒམ་བཙན་འཁྱེར་བྱས་སོང་།”

  1. སྟག་སྨྱོན། says:
    2010-10-03 at 2:29 pm

    འདི་འདྲ་མཐོང་ན་སེམས་པ་སྐྱོ་བ་ལ། སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་གྱིས་སྔར་ལོ་གྲོས་ཚོགས་ནང་ཡག་པོ་མ་བྱས་ན་ཡག་པོ་མ་རེད་ཅེས་བོད་མི་ནང་ཁུལ་ལ་འཇིགས་བསྐུལ་གྲང་འཆིལ་འཆིལ་བྱས་པ་མཐོང་མྱོང་། ངོ་ནས་འདི་འདྲ་བརྙས་བཅོས་བྱས་པ་ཡག་པོ་རེད་མི་འདུག་པས་ཁོས་དེ་ལན་ཡག་པོ་མེད་པ་ག་རེ་བྱེད་རྒྱུ་ཡོད་ན། ད་དུང་ཀརྨ་པ་ཆོས་འཕེལ་ལྟ་བུ་ནང་ཁུལ་བྱེད་རྒྱུ་མང་པོ་ཡོད་ཅེས་་ཉེན་བརྡ་གཏོང་མཁན་ཁོ་ཡང་གནས་ཚུལ་འདི་འདྲ་ལ་མགོ་སྒུར་ནས་འདུག་རྩིས་རེད་དམ། ཡང་ན་མ་བྱས་པ་མ་གཏོགས་བྱེད་མ་ཐུབ་པ་དང་བྱེད་མ་ཤེས་པ་མིན་ཟེར་བ་ལྟར་འདི་ལ་ཡང་ལན་ཞིག་སློག་རྒྱུའི་སྤོབས་པ་དང་ནུས་པ་ཡོད་དམ། འདི་འདྲ་མགོ་སྒུར་ནས་མི་འདུག་ཐབས་མེད་རེད། སུ་གཅིག་གིས་གེ་ལབ་ཐུབ་ཀི་མ་རེད། བྱས་ཙང་ནང་ཁུལ་ཐུག་དུས་ཞེད་མི་དགོས་པ་ཤེས་ཡོད་པ་རེད། བྱས་ཙང་ནང་ཁུལ་དང་ཞེད་མི་དགོས་སར་དཔའ་མདོག་ཁ་བོ་བཤད་པ་སྙིང་བརྗེ་དྲན་སོང་། དཔའ་མི་དཔའ་དང་བྱེད་རྒྱུ་ཡོད་མེད་ལྟ་ས་ངོ་མ་འདི་འདྲ་སླེབས་དུས་ཚང་མ་གཅིག་པ་ཆགས་ཀི་རེད། དེའི་ཕྱིར་གྲོས་ཚོགས་དཔའ་མདོག་བྱེད་པའི་ངོ་ཚ་ཁྲེལ་མེད་ཀྱི་མི་ངན་དེ་ཚོ་སྙིང་རྗེ་དྲན་སོང་།

  2. སྟག་སྨྱོན། says:
    2010-10-03 at 2:37 pm

    xxxxxxxxxxxxxxxxxxxxx

  3. བློ་གྲོས་མཐའ་ཡས། says:
    2010-10-03 at 4:03 pm

    xxxxxxxxxxxxxxxxxxxxxxxxxx

  4. ཨ་ནུ་ཐང་བསོད་ནམས། says:
    2010-10-03 at 4:16 pm

    རྣམ་པ་གཉིས་ཀ་ཁ་འཛིང་མ་བྱེད། ཁྱེད་ཀྱི་གཉིས་ཀྱི་དམིགས་ཡུལ་གཅིག་པ་རེད། སྐད་ཆ་ཅུང་མ་ལེགས་བཤད་ཀྱང་དེ་ནི་སྤུན་མཆེད་གཉིས་ཀྱི་རྩོད་པ་ལྟ་བུ་རེད། དེ་རིང་རྩོད་ཀྱང་སང་ཉིན་གཅིག་ཕན་གཅིག་གྲོགས་རེད། རྣམ་པ་གཉིས་ཀྱིས་སྤྱི་དོན་ལ་ཐུགས་འཁུར་གནང་བ་ཐུགས་རྗེ་ཆེ། སེམས་ཤུགས་ལ་ཡི་རང་ཡོད།

  5. ཨ་ནུ་ཐང་བསོད་ནམས། says:
    2010-10-03 at 4:19 pm

    ནོར་བཙོས
    རྣམ་པ་གཉིས་ཀ་ཁ་འཛིང་མ་བྱེད། ཁྱེད་གཉིས་ཀྱི་དམིགས་ཡུལ་གཅིག་པ་རེད། སྐད་ཆ་ཅུང་མ་ལེགས་པ་བཤད་ཀྱང་དེ་ནི་སྤུན་མཆེད་གཉིས་ཀྱི་རྩོད་པ་ལྟ་བུ་རེད། དེ་རིང་རྩོད་ཀྱང་སང་ཉིན་གཅིག་ཕན་གཅིག་གྲོགས་རེད། རྣམ་པ་གཉིས་ཀྱིས་བོད་སྤྱི་དོན་ལ་ཐུགས་འཁུར་གནང་བ་ཐུགས་རྗེ་ཆེ། སེམས་ཤུགས་ལ་ཡི་རང་ཡོད།

  6. བློ་གྲོས་མཐའ་ཡས། says:
    2010-10-03 at 4:25 pm

    ཨ་ནུ་ཐང་།    ནོར་བཅོས་ཤིག་བྱས་པས་ཇེ་སྡུག་ལ་བུད་སོང་ཟིག   ཐ་ན་ནོར་བཅོས་ཀྱང་ནོར་བཙོས་ལ་འགྱུར་སོང་ཟིག    

  7. ཀླུ་སྨྱོན། says:
    2010-10-03 at 4:46 pm

    ཧ་ཅི་ཡང་ལས་མ་སོང་། རྒྱུ་མཚན་ནི་བལ་གཞུང་གིས་ནམ་རྒྱུན་བོད་པའི་ཐོང་ཐང་མང་པོ་ཞིག་བཙན་འཕྲོག་བྱེད་བཞིན་པ་མ་ཡིན་ནམ། ལོ་ནས་ལོ་བསྟུད་དེ།

  8. སྟག་སྨྱོན། says:
    2010-10-03 at 4:48 pm

    བློ་གྲོས་མཐའ་ཡས་ཟེར་བས་ང་ལ་ག་རེ་བྱེད་རྒྱུ་ཡོད་མདོག་གིས་མཚང་འབྲུ་གང་ཐུབ་བྱས་འདུག ངས་བོད་ནས་རང་གི་མདུན་ལམ་ཡོད་ཚད་ཆུ་ལ་གཡུག་ནས་བཙན་བྱོལ་དུ་ཡོང་བ་ཡིན། ཅིག་བྱེད་དགོས་བསམ་ནས་ཡོང་ཡིན། ཕན་ཐོགས་ས་ཞིག་ཡོད་ན་སྲོག་ཀྱང་གཏོང་བསམ་ནས་ཡོང་ཡིན། འོན་ཀྱང་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་བ་དང་ང་ཡོང་ས་ནོར་བ་མིན་འགྲོ་བསམ་ནས་དོགས་པ་སྐྱེས་སོང་། ལྡི་ལི་སྣེ་ལེན་ཁང་དུ་འབྱོར་བ་དང་སྔར་གྱི་དོགས་པ་དང་སེམས་ཁྲལ་ཆེ་རུ་ཕྱིན་སོང་། འོན་ཀྱང་རྡ་རམ་ས་ལ་ཟེར་ས་དེར་འབྱོར་ན་དེ་འདྲ་རང་ཡིན་གི་མ་རེད་དྲན་ནས་རང་སེམས་མནན་པ་ཡིན། དེ་ནས་རྡ་རམ་ས་ལ་ཡང་འབྱོར་སོང་། གངས་སྐྱིད་ཀྱང་མཐོང་སོང་། གྲོས་ཚོགས་ཀྱང་ངོ་ཤེས་སོང་། གཞུང་གི་ལྷན་ཁང་ཁག་ལའང་ཆ་ཡོད་ཆགས་སོང་། ལོ་དང་ཟླ་བ་ཡང་གང་མཚམས་འགོར་སོང་། གཞི་ནས་རང་གིས་རང་བསླུས་པ་ཤེས་ཀྱང་འཕྱ་ཚར་འདུག་པ་ཚོར་སོང་། འདས་ཟིན་པའི་མི་ཚེའི་མདུན་ལམ་ལ་འཕང་སྣང་ཡང་སྐྱེས་སོང་། ལྷག་པར་དུ་གྲོས་ཚོགས་ནང་གི་སྤྱི་ཀི་ཚོ་ཟུག་སྟངས་མཐོང་བ་དང་དངངས་སྐྲགས་སྔར་ལས་ཆེ་བ་ལངས་སོང་། ད་མི་ཚེའི་འཚོ་ལམ་སྟབས་བདེ་ཞིག་བཙལ་མ་ཐུབ་ན་ཚར་འདུག་དྲན་མྱོང་། ནམ་ཞིག་གྲོས་ཚོགས་ཀྱི་ཚོགས་མི་གྲྭ་རྒན་རྫུན་མ་འདི་ཚོས་སྣེ་ཁྲིད་ནས་བོད་མི་རིགས་ལ་རྫོགས་ཚིག་འགོད་ངེས་པས། དེ་དུས་སླར་ཡང་མནར་གཅོད་མྱོང་མ་དགོས་པ་ཞིག་གང་མགྱོགས་མི་བཟོ་རང་བཟོ་རེད་དྲན་ནས་ཛ་དྲག་གིས་ཐབས་འཚོལ་བྱས་པ་ཡིན། ད་ཁྱེད་ཀྱིས་འཚང་འབྲུ་ཡང་ན་ངོ་བསྟོད། བཟང་བསྐུལ་དང་ངན་བསྐུལ་ཇི་ལྟར་བྱས་ཀྱང་རང་སྡུག་རང་གིས་ཉོ་གི་མ་རེད། ང་ལ་སྔར་གྱི་སེམས་ཤུགས་དང་གླེན་རྟགས་དེ་ཡོད་ལེ་མ་རེད། ཆིག་སྒྲིལ་བྱེད་མིན་ཡང་ཁྱེད་རང་ཚོས་འདོད་པ་བྱོས། ང་ལ་གནོད་པ་མེད། ངས་ཕན་ཡང་ཐོགས་ཀི་མ་རེད་ལ་གནོད་ཡང་བསྐྱལ་འདོད་མེད།

  9. ཀླུ་སྨྱོན། says:
    2010-10-03 at 4:48 pm

    ངས་ཉི་མ་གཅིག་མཆོད་རྟེན་ནུབ་ཕྱོགས་མ་ཧལ་གལ་ཟེར་བའི་བཞི་མདོ་ཞིག་ཏུ་ནེ་པལ་ཉེན་རྟོག་པའི་སྡོད་ས་ལྕགས་གོག་གི་ཁང་པ་ཞིག་གི་སྒང་ལ་གཅིན་པ་གཏོང་དུས་ཉེན་རྟོག་པ་མདོག་ངན་ཞིག་གིས་འཛིན་རྩིས་ཀྱང་བྱེད་མྱོང་། ད་བསམས་ན་དེ་དུས་ཀྱི་གཅིན་པ་དེ་ཡོངས་རྫོགས་གཏོང་ཐུབ་ཡོད་ཀྱི་ན་དེ་རིང་གི་དོན་རྐྱེན་འདི་འདྲ་ཞིག་བྱུང་མེད་ཁོ་ཐག་ཡིན།

  10. ཀརྡོ་རབ་འབྱམས་པ་ says:
    2010-10-03 at 4:52 pm

    བལ་པོས་བོད་མིར་འཛིན་པའི་སྲིད་འཇུས་ངན་པ་མྱུར་དུ་ཕམ་པར་ཤོག

  11. སྟག་སྨྱོན། says:
    2010-10-03 at 5:01 pm

    ནེ་པ་ལེ་ལ་ཁག་གང་ཡོད། ཐ་ན་ང་ཚོའི་སྤྱི་འཐུས་ཁག་ཅིག་ཁ་མཐུན་ནས་བོད་ཀྱི་གྲོས་ཚོགས་ཀྱང་ཡག་པོ་བྱས་ནས་ཚོགས་བཅུག་མེད་པ་མི་དྲན་ནམ། དེ་གཉིས་ལས་གང་ཚབས་ཆེ་བ་རེད་དམ།

  12. བློ་གྲོས་མཐའ་ཡས། says:
    2010-10-03 at 5:16 pm

    xxxxxxxxxxxxxxxxxxxxxxxxxxxxxxx

  13. ཀླུ་སྨྱོན། says:
    2010-10-03 at 5:48 pm

    ང་ཁ་ཆུང་དབང་ཆུང་ཡིན་རུང་ངས་འདིར་སྐལ་མེད་སར་སྐེ་ཞིག་བསྲིངས་ན་ཨེ་ཆོག ཉི་མ་མང་པོར་ཧི་མ་ལ་ཡའི་རི་བྲག་ནགས་གསུམ་བརྒལ་ནས་བལ་ཡུལ་སྣེ་ལེན་ཁང་དུ་བསླེབས་པའི་དགོང་མོ་དེ་ལ་གཉིད་སྐྱིད་པོ་ཞིག་ཁུག་པ་མི་ཚེའི་ནང་མི་དྲན་ལ། སང་ཞོགས་སྐབས་དེའི་སྣེ་ལེན་ཁང་རྙིང་པ་དེའི་རྩིགས་གསེབ་ཅིག་ནས་བོད་མིའི་རང་དབང་ཚགས་པར་ཞིག་མཐོང་སྟེ་ཀློག་ཞོར་ཀློག་ཞོར་དུ་མིག་ཆུ་ཟེར་ནོ་ཐ་ར་ར་མཁུར་མགོ་ལས་བྲང་ཁར་ཟགས་སོང་། མི་ཚེའི་ནང་བོད་མིའི་རང་དབང་ཟེར་བའི་དུས་དེབ་དང་ཚགས་པར་ཤིག་ཀློག་མ་མྱོང་བས་ཡིན་ནམ་རྗེས་སུ་དེ་འདྲའི་ཚོར་བ་ཤུགས་དྲག་པོ་ཞིག་སྐྱེས་མ་མྱོང་།
    ལོ་མང་གི་རྗེས་སུ་རྡ་ས་ནས་རང་བཙན་ལག་དེབ་གསར་བ་ཞིག་བཟོ་ཕྱིར་ལས་ཁུངས་ཤིག་ཏུ་སོང་བ་ན་མི་རྒན་ཞིག་གིས་སྣེ་ལེན་ཁང་གི་ཡིག་ཆའི་ངོ་བཤུས་ཁྱེར་ཤོག་དང་བཟོ་ཟེར། དེ་ནས་སྣེ་ལེན་དུ་སོང་སྟེ་གསར་འབྱོར་ཡིག་ཆའི་ངོ་བཤུས་ཤིག་བླངས་ནས་སོང་སྟེ་མི་རྒན་དེར་སྤྲད་པ་ན། འདིས་འདང་གི་མ་རེད། རྡ་སའི་ལས་ཁུངས་ཤིག་ནས་བོད་པ་ཡིན་པའི་རྒྱབ་གཉེར་ཡིག་ཆ་ཞིག་ཁྱེར་ཤོག་ཟེར། དེ་ནས་རྡ་སའི་ཚོགས་པ་ཞིག་གི་སར་ཕྱིན་ནས་བོད་པ་ཡིན་པའི་རྒྱབ་གཉེར་ཡིག་ཆ་ཞིག་ཁྱེར་ནས་སོང་བ་ན་མི་རྒན་དེས་འདི་འདྲ་ཞིག་དགོས་ཀྱི་མ་རེད། སྣེ་ལེན་ཁང་གི་ཡིག་ཆ་གཅིག་པོས་འགྲིག་གི་རེད་ཟེར་བས། ཁ་ཐུག་ཏུ་རླུང་འདྲ་ཞིག་ལངས་སོང་སྟེ་བཟོད་སྒོམ་བྱས་ནས་ལགས་སོ་ལབ་པ་ཡིན། རྗེས་སུ་མི་གཞན་པས་བོད་གཞུང་ཡག་པོ་མི་འདུག ལས་ཁུངས་ག་གེ་མོའི་ལས་བྱེད་ཆེ་གེ་མོས་འདི་འདྲ་དང་དེ་འདྲ་བྱས་སོང་། དཀའ་ངལ་སྤྲད་སོང་མཐོང་ཆུང་བཏང་སོང་ཟེར་མཁན་མང་པོ་ཞིག་དང་ཐུག་མྱོང་ཞིང་། ཐུག་ཐེངས་རེ་རེར་རང་ལ་བྱུང་བའི་གནས་ཚུལ་དེ་ཡང་སྐབས་རེར་དྲན་ཡོང་ན་ཡང་། ལས་ཀ་བྱེད་མི་རེ་ཟུང་གིས་བོད་གཞུང་མཚོན་ཐུབ་ཀི་མ་རེད། བོད་གཞུང་ངོ་མ་དེ་ནི་སྤྱི་འཐུས་གྲོས་ཚོགས་དང་བཀའ་ཤག ཁྲིམས་བཟོ་ལྷན་ཚོགས་གསུམ་གྱིས་མ་གཏོགས་ཐ་ན་རྒྱལ་བ་རིན་པོ་ཆེས་ཀྱང་མཚོན་ཐུབ་ཀི་མ་རེད་ཅེས་རྩོད་པ་རྒྱག་གིན་ཡོད། གཞུང་གི་ལས་བྱེད་ཀྱི་ནང་དུ་མི་ངན་ཡོད་པ་ནི་འཛམ་གླིང་གི་རྒྱལ་ཁབ་ཡོངས་སུ་རྫོགས་པ་ལོས་ཡིན། འོན་ཀྱང་ལས་བྱེད་རེ་ཟུང་གི་བྱས་ཉེས་དེ་གཞུང་ཞིག་གི་མགོ་ལ་བཞག་ན་མི་འགྲིག་པར་འདོད།

  14. ཚེ་རིང་སྐྱིད། says:
    2010-10-03 at 7:35 pm

    འོས་སྒམ་ཁུར་སོང་ཟེར་ན་དེ་ཚད་ལས་བརྒལ་བ་མ་རེད་དམ། ང་རླུང་ལངས་ནས་རྒྱལ་གྲབ་བྱེད་ཀྱིན་འདུག

  15. ཀླུ་སྨྱོན། says:
    2010-10-03 at 7:54 pm

    བལ་ཡུལ་གཞུང་འདི་ཞི་མོ་ཟིག་ཡིན་རྒྱུ་ན་ངས་ཉིན་མཚན་དགུ་ལ་རྒྱོ་ས་རེད། ཁྲག་ཁོལ་ནས་ཤི་ཐལ།

  16. ཀླུ་སྨྱོན། says:
    2010-10-03 at 8:01 pm

    དེས་ག་ལ་ཚད། བལ་ཡུལ་གཞུང་འདི་ཞི་ལི་ཟིག་ཡིན་རྒྱུ་ན་ངས་དེའི་འབུ་ལུ་གཅོད་ཁོ་ཐག་ཡིན།

  17. གཞོན་ནུ་ཟླ་མེད། says:
    2010-10-03 at 8:42 pm

    བལ་ཡུལ་ལྟ་བུ་རྒྱལ་ཁབ་ཀོབ་ཏོ་ཞིག་གིས་ང་ཚོ་ལ་ཐུབ་ཚོད་འདི་འདྲ་གཏོང་གི་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ལ་བྱས་ཡ་ཆེན་པོ་ཞིག་ག་ལ་ཡོད། སེམས་པ་གནའ་སྐྱོ་ད་སྐྱོ། ། ད་ལོ་ལོ་ལས་མ་སྐྱོ། །

  18. བློ་གྲོས་མཐའ་ཡས། says:
    2010-10-03 at 9:22 pm

    འོ།   ཁར་ཉིན་རྒྱ་རི་སྒྲོལ་མ་ལ་གཞང་བཙོང་མ་དང་།     སྐུ་ངོ་བཀྲས་མཐོང་ཁྱི་རྐུན་ཟེར་བའི་ཚད་བརྒལ་གྱི་སྐད་ཆ་དེ་ཚོ་ནི་ད་དུང་དྲ་ཐོག་ན་འདུག   ངས་སྟག་སྨྱོན་ནམ་ཙིག་སྨྱོན་ལ་ཁ་རྡུང་ཞིག་བཏང་བ་དེ་ལམ་སེང་ནག་བསུབ་གཏོང་དོན་ག་རེ་ཡིན་ནམ།    ཡ་མཚན།   དགོད་བྲོ་བ་ལ།

  19. བློ་གྲོས་མཐའ་ཡས། says:
    2010-10-03 at 9:23 pm

    ཟེར་སའི་མི་ལ་ཁྱད་པར་ཡོད་པ་འདྲ།

  20. བློ་བཟང་དབང་ལྡན་ says:
    2010-10-03 at 11:15 pm

    གཤམ་གསལ་དྲ་ལམ་ནས་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཚགས་ཙམ་རག་གི་འདུག དབྱིན་ཇི་མཁྱེན་མཁན་རྣམ་པ་ཚོས་གཟིགས་དང་།
    http://myrepublica.com/portal/index.php?action=news_details&news_id=23979

  21. མེ་ཆ་། says:
    2010-10-04 at 12:13 am

    ནེ་པ་ལེ་དང་སང་རྒྱ་ནག་གི་རྒྱུག་ཁྱི་རེད་། ཁག་ཡོད་པ་མ་རེད་། ཁྱི་ལྟོ་ལ་རེ་དགོས་ཡོད་པ་རེད་། དེ་དན་དན་རྒྱ་ནག་གི་ངོ་ཚ་མེད་པའི་ལྐོག་གཡོ་རེད་།

  22. ཡེ་ཤེས says:
    2010-10-04 at 12:48 am

    ང་དངོས་གནས་ཁོང་ཁྲོ་ལངས་གི་འདུག སོ་སོའི་རྒྱལ་ཁབ་དང་། སོ་སོའི་གཞུང་དེ་གར་འགྲོ་མ་ཤེས་པར་བསྡད་ཡོད་ནའང་། ང་ཚོ་སྐྱབས་བཅོལ་བ་ཤིག་གི་སྟེང་དུ་འདི་འདྲའི་ཐུབ་ཚོད་གཏོང་དགོས་དོན་ག་རེ་ཡིན་ནམ། བལ་ཡུལ་གཞུང་གི་ལས་བྱེད་དེ་ཚོ་ནི་དངོས་གནས་ངོ་ཚ་རྒྱུ་མེད། ད་ང་ངོ་མ་འུ་ཐུག་གི་འདུག

  23. རང་བཙན་ལྡེའུ་ says:
    2010-10-04 at 2:45 am

    བལ་ཡུལ་དམངས་གཙོའི་གཞུང་ཞིག་གིས་ བོད་མི་ཚོས་དམངས་གཙོའི་ལམ་ལུགས་གཞི་བཟུང་རང་གི་དབུ་ཁྲིད་རང་གི་འོས་ཤོག་འཕེན་ཏེ་འདེམས་བཞིན་པར་གཞུང་གི་དམག་མི་ཆེད་དུ་བཏང་སྟེ་འོས་སྒམ་བཙན་འཕྲོག་བྱས་པ་འདི་གཞུང་ཞིག་གིས་ཧ་ལས་ཐལ་ཆ་ཆེ་བའི་བྱ་ངན་དང་རྒྱལ་སྤྱིའི་ཁྲིམས་དང་འགལ་མེད་དམ་བསམ་ ད་འདི་ཐད་བཀའ་ཁྲི་འོས་མི་དངས་ལང་ ནིའུ་ཡོག་དུ་བཞུགས་པ་ཕུར་བུ་རྡོ་རྗེ་ལགས་ལ་སློབ་བསྟོན་ཞུས་ནས་བལ་ཡུལ་ནང་གི་འཛམ་གླིང་རྒྱལ་སྤྱིའི་གཞུང་ཚབ་ཁང་དུ་ཞུ་གཏུགས་བྱས་ནས་རྒྱལ་སྤྱིའི་ཁྲིམས་གཏུགས་བྱེད་དགོས་ལེ་རེད་།

  24. རྒྱ་གྲམ་དམར་པོ། says:
    2010-10-04 at 5:17 am

    གོང་གི་གནས་ཚུལ་དེ་ཚོར་ཧང་སང་དགོས་དོན་མེད་། དེ་ལས་ལྷག་ཅིག་འདི་ན་འདུག་ ཚང་མས་བསམ་ཚུལ་གསུང་རོགས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་ལོ་ཚོད་དང་རང་བཙན་ལག་དེབ་གཉིས་ཀའི་ཆ་རྐྱེན་ཚང་ཡོད་ཀྱང་སློབ་མ་ཕལ་ཆེ་བར་འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་མེད། ཉིན་འགའི་སྔོན་དུ་སློབ་ཕྲུག་ཁག་ཅིག་གི་ས་གནས་འོས་བསྡུ་ཚོགས་ཆུང་གི་ཙོགས་མི་དང་འབྲེལ་བ་བྱས་པ་བརྒྱུད་དབུས་འོས་བསྡུའི་འགན་འཛིན་ལ་འབྲེལ་བ་བྱས་ཏེ་འོས་འཕེན་པ་དང་དེབ་སྐྱེལ་གཉིས་ཀ་དུས་ཅིག་ཏུ་ཡོང་ཐབས་རེ་སྐུལ་བྱས་འདུག་ཀྱང་དབུས་འོས་བསྡུ་ལས་ཁང་གི་ཁས་ལེན་བྱས་མི་འདུག། དེར་བརྟེན་སྔོན་འགྲོའི་འོས་བསྡུའི་ཉིན་སློབ་མ་ཁག་ཅིག་གི་དེབ་སྐྱེལ་བྱེད་མ་ཐུབ་པའི་བོད་མིའི་རང་བཙན་ལག་དེབ་སློབ་བུ་བཅུ་ལྔ་བཅུ་དྲུག་ཞིག་གི་ལག་དུ་བཟུང་ནས་སྦེལ་ཀོབ་གཞིས་གྲོང་དང་པོར་འགྲོ་བཞིན་འདུག། ཐེངས་འདིརདེབ་སྐྱེལ་གི་གོ་སྐབས་ཤོར་བའི་སློབ་མ་ཁག་གི་བསམ་ཚུལ་བསུང་དོན། སྤྱིར་དུས་རྒྱུན་ཡིན་རྩེད་མོ་རྩེད་ས་དང་། བོད་དོན་གློག་བརྙན་ལྟ་བ་ཚུན་ཆད་ལ་བོད་ཁྱིམ་སྒྲིག་འཛུགས་བརྒྱུད་འགྲོ་གི་ཡོད་པ་རེད་། སྒྲིག་འཛུགས་ཀྱི་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད་། ཡིན་ན་འང་ད་ལེན་དེ་གནང་མ་སོང་ཟེར་གྱི་འདུག་ལ། གནས་ཙུལ་འདི་ལ་ཕྱིར་བལྟས་བྱེད་སྐབས་ཟླ་འགའི་སྔོན་དུ་ང་ཚོའི་སློབ་གྲའི་འཛིན་གྲ་བཅུ་གཉིས་པའི་སློབ་མ་ཚོས་སློབ་གྲའི་ནང་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེདསྐོར་ཤོག་བུ་བཀྲམ་ནས་ཚོད་ལྟའི་ཉམས་ཞིབ་ཞིག་བྱས་པའི་མཐའ་འབྲས་སུ་དགེ་ལས་མང་ཆེ་བས་བཀྲས་མཐོང་དང་ སློབ་མ་རྒྱ་ཆ་80ཡིས་མཁས་དབང་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསལ་བསྒྲགས་སློབ་མའི་འདུས་ཚོགས་ནང་གཏམ་བཤད་བྱས་པ་རེད། གནས་ཚུལ་འདི་ཚོ་སློབ་གྲའི་ངོས་ནས་ང་ཚོར་ལམ་སྟོན་དང་གསལ་བཤད་ཡག་པོ་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ་ཅེས་བཤད་ཀྱི་འདུག་ལ། གནས་ཚུལ་འདིའི་ཐད་བོད་ཁྱིམ་འགན་འཛིན་གྱིས་གསལ་བཤད་གནང་དོན་ལ། ཐེངས་འདིའི་འོས་བསྡུའི་དེབ་སྐྱེལ་རང་ངོས་ནས་བྱེད་དགོས་པ་ཞིག་ཡིན་སྟབས་གསལ་བསྒྲགས་འབྲེལ་ཡོད་རྒྱུ་བཏང་བ་ཡིན། ལས་བྱེད་ཚོ་ནི་དུས་རྒྱུན་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་འབུལ་བབས་བོད་ཁྱིམ་ལས་ཁུངས་རྒྱུད་འབུལ་བསྡད་ཀྱི་ཡོད་སྟབས་ཐེངས་འདིར་ཡང་དེབ་སྐྱེལདེ་བཞིན་ལས་ཁུངས་ཀྱི་ངོས་ནས་བྱས་ཡོད་གསུང། སློབ་མ་ཚོར་འོས་བསྡུའི་དེབ་སྐྱེལ་བྱེད་ཕྱོགས་ལམ་སྟོན་དང་དམིགས་བསལ་དུས་ཚོད་བཏོན་ཡོད་མེད་ཐད་བོད་ཁྱིམ་འགན་འཛིན་གྱིས་བརྗོད་དོན་ལ། ང་ཚོས་ལམ་སྟོན་གྱི་ལས་རིམ་སྤེལ་བ་ཏན་ཏན་བྱུང་ཡོད་པ་མ་རེད། ང་ཚོའི་ངོས་ནས་འོས་བསྡུའི་དེབ་སྐྱེལ་བྱེད་ཡག་གི་ཆེད་དུ་དམིགས་གསལ་གི་དུས་ཚོད་བཏོན་མེད་ཅེས་འབྲེལ་བརྗོད་གནང་སོང།།།

  25. རྒྱ་གྲམ་དམར་པོ། says:
    2010-10-04 at 5:21 am

    གོང་གི་གནས་ཚུལ་དེ་ཚོར་ཧང་སང་དགོས་དོན་མེད་། དེ་ལས་ལྷག་ཅིག་འདི་ན་འདུག་ ཚང་མས་བསམ་ཚུལ་གསུང་རོགས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་ལོ་ཚོད་དང་རང་བཙན་ལག་དེབ་གཉིས་ཀའི་ཆ་རྐྱེན་ཚང་ཡོད་ཀྱང་སློབ་མ་ཕལ་ཆེ་བར་འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་མེད། ཉིན་འགའི་སྔོན་དུ་སློབ་ཕྲུག་ཁག་ཅིག་གི་ས་གནས་འོས་བསྡུ་ཚོགས་ཆུང་གི་ཙོགས་མི་དང་འབྲེལ་བ་བྱས་པ་བརྒྱུད་དབུས་འོས་བསྡུའི་འགན་འཛིན་ལ་འབྲེལ་བ་བྱས་ཏེ་འོས་འཕེན་པ་དང་དེབ་སྐྱེལ་གཉིས་ཀ་དུས་ཅིག་ཏུ་ཡོང་ཐབས་རེ་སྐུལ་བྱས་འདུག་ཀྱང་དབུས་འོས་བསྡུ་ལས་ཁང་གི་ཁས་ལེན་བྱས་མི་འདུག། དེར་བརྟེན་སྔོན་འགྲོའི་འོས་བསྡུའི་ཉིན་སློབ་མ་ཁག་ཅིག་གི་དེབ་སྐྱེལ་བྱེད་མ་ཐུབ་པའི་བོད་མིའི་རང་བཙན་ལག་དེབ་སློབ་བུ་བཅུ་ལྔ་བཅུ་དྲུག་ཞིག་གི་ལག་དུ་བཟུང་ནས་སྦེལ་ཀོབ་གཞིས་གྲོང་དང་པོར་འགྲོ་བཞིན་འདུག། ཐེངས་འདིརདེབ་སྐྱེལ་གི་གོ་སྐབས་ཤོར་བའི་སློབ་མ་ཁག་གི་བསམ་ཚུལ་བསུང་དོན། སྤྱིར་དུས་རྒྱུན་ཡིན་རྩེད་མོ་རྩེད་ས་དང་། བོད་དོན་གློག་བརྙན་ལྟ་བ་ཚུན་ཆད་ལ་བོད་ཁྱིམ་སྒྲིག་འཛུགས་བརྒྱུད་འགྲོ་གི་ཡོད་པ་རེད་། སྒྲིག་འཛུགས་ཀྱི་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད་། ཡིན་ན་འང་ད་ལེན་དེ་གནང་མ་སོང་ཟེར་གྱི་འདུག་ལ། གནས་ཙུལ་འདི་ལ་ཕྱིར་བལྟས་བྱེད་སྐབས་ཟླ་འགའི་སྔོན་དུ་ང་ཚོའི་སློབ་གྲའི་འཛིན་གྲ་བཅུ་གཉིས་པའི་སློབ་མ་ཚོས་སློབ་གྲའི་ནང་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེདསྐོར་ཤོག་བུ་བཀྲམ་ནས་ཚོད་ལྟའི་ཉམས་ཞིབ་ཞིག་བྱས་པའི་མཐའ་འབྲས་སུ་དགེ་ལས་མང་ཆེ་བས་བཀྲས་མཐོང་དང་ སློབ་མ་རྒྱ་ཆ་80ཡིས་མཁས་དབང་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསལ་བསྒྲགས་སློབ་མའི་འདུས་ཚོགས་ནང་གཏམ་བཤད་བྱས་པ་རེད། གནས་ཚུལ་འདི་ཚོ་སློབ་གྲའི་ངོས་ནས་ང་ཚོར་ལམ་སྟོན་དང་གསལ་བཤད་ཡག་པོ་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ་ཅེས་བཤད་ཀྱི་འདུག་ལ། གནས་ཚུལ་འདིའི་ཐད་བོད་ཁྱིམ་འགན་འཛིན་གྱིས་གསལ་བཤད་གནང་དོན་ལ། ཐེངས་འདིའི་འོས་བསྡུའི་དེབ་སྐྱེལ་རང་ངོས་ནས་བྱེད་དགོས་པ་ཞིག་ཡིན་སྟབས་གསལ་བསྒྲགས་འབྲེལ་ཡོད་རྒྱུ་བཏང་བ་ཡིན། ལས་བྱེད་ཚོ་ནི་དུས་རྒྱུན་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་འབུལ་བབས་བོད་ཁྱིམ་ལས་ཁུངས་རྒྱུད་འབུལ་བསྡད་ཀྱི་ཡོད་སྟབས་ཐེངས་འདིར་ཡང་དེབ་སྐྱེལདེ་བཞིན་ལས་ཁུངས་ཀྱི་ངོས་ནས་བྱས་ཡོད་གསུང། སློབ་མ་ཚོར་འོས་བསྡུའི་དེབ་སྐྱེལ་བྱེད་ཕྱོགས་ལམ་སྟོན་དང་དམིགས་བསལ་དུས་ཚོད་བཏོན་ཡོད་མེད་ཐད་བོད་ཁྱིམ་འགན་འཛིན་གྱིས་བརྗོད་དོན་ལ། ང་ཚོས་ལམ་སྟོན་གྱི་ལས་རིམ་སྤེལ་བ་ཏན་ཏན་བྱུང་ཡོད་པ་མ་རེད། ང་ཚོའི་ངོས་ནས་འོས་བསྡུའི་དེབ་སྐྱེལ་བྱེད་ཡག་གི་ཆེད་དུ་དམིགས་གསལ་གི་དུས་ཚོད་བཏོན་མེད་ཅེས་འབྲེལ་བརྗོད་གནང་སོང། དང་པོ་རང་མི་རིགས་གི་བྱེད་སྟངས་དེ་རེད་འདུག། ངོ་མ་དམངས་གཙོ་རེད་དམ།།

  26. རྒྱ་གྲམ་དམར་པོ། says:
    2010-10-04 at 5:26 am

    གོང་གི་གནས་ཚུལ་དེ་ཚོར་ཧང་སང་དགོས་དོན་མེད་། དེ་ལས་ལྷག་ཅིག་འདི་ན་འདུག་ ཚང་མས་བསམ་ཚུལ་གསུང་རོགས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་ལོ་ཚོད་དང་རང་བཙན་ལག་དེབ་གཉིས་ཀའི་ཆ་རྐྱེན་ཚང་ཡོད་ཀྱང་སློབ་མ་ཕལ་ཆེ་བར་འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་མེད། ཉིན་འགའི་སྔོན་དུ་སློབ་ཕྲུག་ཁག་ཅིག་གི་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང་འབྲེལ་བ་བྱས་པ་བརྒྱུད་དབུས་འོས་བསྡུའི་འགན་འཛིན་ལ་འབྲེལ་བ་བྱས་ཏེ་འོས་འཕེན་པ་དང་དེབ་སྐྱེལ་གཉིས་ཀ་དུས་ཅིག་ཏུ་ཡོང་ཐབས་རེ་སྐུལ་བྱས་འདུག་ཀྱང་དབུས་འོས་བསྡུ་ལས་ཁང་གི་ཁས་ལེན་བྱས་མི་འདུག། དེར་བརྟེན་སྔོན་འགྲོའི་འོས་བསྡུའི་ཉིན་སློབ་མ་ཁག་ཅིག་གི་དེབ་སྐྱེལ་བྱེད་མ་ཐུབ་པའི་བོད་མིའི་རང་བཙན་ལག་དེབ་སློབ་བུ་བཅུ་ལྔ་བཅུ་དྲུག་ཞིག་གི་ལག་དུ་བཟུང་ནས་སྦེལ་ཀོབ་གཞིས་གྲོང་དང་པོར་འགྲོ་བཞིན་འདུག། ཐེངས་འདིར་དེབ་སྐྱེལ་གི་གོ་སྐབས་ཤོར་བའི་སློབ་མ་ཁག་གི་བསམ་ཚུལ་བསུང་དོན། སྤྱིར་དུས་རྒྱུན་ཡིན་ན་རྩེད་མོ་རྩེད་ས་དང་། བོད་དོན་གློག་བརྙན་ལྟ་བ་ཚུན་ཆད་ལ་བོད་ཁྱིམ་སྒྲིག་འཛུགས་བརྒྱུད་འགྲོ་གི་ཡོད་པ་རེད་། སྒྲིག་འཛུགས་ཀྱི་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད་། ཡིན་ན་འང་ད་ལེན་དེ་གནང་མ་སོང་ཟེར་གྱི་འདུག་ལ། གནས་ཙུལ་འདི་ལ་ཕྱིར་བལྟས་བྱེད་སྐབས་ཟླ་འགའི་སྔོན་དུ་ང་ཚོའི་སློབ་གྲའི་འཛིན་གྲ་བཅུ་གཉིས་པའི་སློབ་མ་ཚོས་སློབ་གྲའི་ནང་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེདསྐོར་ཤོག་བུ་བཀྲམ་ནས་ཚོད་ལྟའི་ཉམས་ཞིབ་ཞིག་བྱས་པའི་མཐའ་འབྲས་སུ་དགེ་ལས་མང་ཆེ་བས་བཀྲས་མཐོང་དང་ སློབ་མ་རྒྱ་ཆ་80ཡིས་མཁས་དབང་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་གསལ་བསྒྲགས་སློབ་མའི་འདུས་ཚོགས་ནང་གཏམ་བཤད་བྱས་པ་རེད། གནས་ཚུལ་འདི་ཚོ་སློབ་གྲའི་ངོས་ནས་ང་ཚོར་ལམ་སྟོན་དང་གསལ་བཤད་ཡག་པོ་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ་ཅེས་བཤད་ཀྱི་འདུག་ལ། གནས་ཚུལ་འདིའི་ཐད་བོད་ཁྱིམ་འགན་འཛིན་གྱིས་གསལ་བཤད་གནང་དོན་ལ། ཐེངས་འདིའི་འོས་བསྡུའི་དེབ་སྐྱེལ་རང་ངོས་ནས་བྱེད་དགོས་པ་ཞིག་ཡིན་སྟབས་གསལ་བསྒྲགས་འབྲེལ་ཡོད་རྒྱུད་བཏང་བ་ཡིན། ལས་བྱེད་ཚོ་ནི་དུས་རྒྱུན་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་འབུལ་བབས་བོད་ཁྱིམ་ལས་ཁུངས་རྒྱུད་འབུལ་བསྡད་ཀྱི་ཡོད་སྟབས་ཐེངས་འདིར་ཡང་དེབ་སྐྱེལདེ་བཞིན་ལས་ཁུངས་ཀྱི་ངོས་ནས་བྱས་ཡོད་གསུང། སློབ་མ་ཚོར་འོས་བསྡུའི་དེབ་སྐྱེལ་བྱེད་ཕྱོགས་ལམ་སྟོན་དང་དམིགས་བསལ་དུས་ཚོད་བཏོན་ཡོད་མེད་ཐད་བོད་ཁྱིམ་འགན་འཛིན་གྱིས་བརྗོད་དོན་ལ། ང་ཚོས་ལམ་སྟོན་གྱི་ལས་རིམ་སྤེལ་བ་ཏན་ཏན་བྱུང་ཡོད་པ་མ་རེད། ང་ཚོའི་ངོས་ནས་འོས་བསྡུའི་དེབ་སྐྱེལ་བྱེད་ཡག་གི་ཆེད་དུ་དམིགས་གསལ་གི་དུས་ཚོད་བཏོན་མེད་ཅེས་འབྲེལ་བརྗོད་གནང་སོང། དང་པོ་རང་མི་རིགས་གི་བྱེད་སྟངས་དེ་རེད་འདུག། ངོ་མ་དམངས་གཙོ་རེད་དམ།།

  27. གཙང་ཁའི་བུ says:
    2010-10-04 at 7:20 am

    སྟག་སྨྱོན་གྱིས་བཤད་པ་ལ་རྒྱུ་མཚན་འདུག ངོ་མ་བོད་གཞུང་ཁྲིམས་ཁང་དུ་སྐྱེལ་མཁན་དེ་ཚོ་ལ་ཅི་བྱེད་རྒྱུ་འདུག་བལྟ་རྒྱུ་ཡིན། ད་ནས་བཟུང་མི་སུ་ཞིག་ལ་མགོ་མི་སྒུར་མཁན་དེ་ཚོ་ལ་ཅི་བྱེད་རྒྱུ་འདུག་ལྟ་རན་སོང་། ཡིན་ནའང་སྟག་སྨྱོན་ལགས། སྐུ་ཉིད་བཙན་བྱོལ་དུ་དགའ་བསུ་ཅི་ཡང་མེད། ཁྱོད་ཀྱང་འུ་ཐུག་ནས་འོང་བ་ལས་སྐྱིད་གྲབས་ནས་འོང་མཁན་ཞིག་ཡིན་རྒྱུ་མ་རེད། དེ་མིན་ན་གཞན་འགྲོ་སའང་མེད་ནི་སུ་ཡིན་རྒྱུ་རེད་ཡ། ངོ་མ་མྱི་ལྡང་རེད།འདོད་པ་མེད་ན་ག་བར་ཕེབས་རོགས།

  28. གཙང་ཁའི་བུ says:
    2010-10-04 at 7:35 am

    དངོས་གནས་བོད་པ་ཚང་ལས་ སྡུག་རེད། ཡིན་ནའང་ད་རིང་གི་རྙོག་གླེང་འདི་དོགས་གཞི་གཙོ་བོ་རྒྱ་དམར་གྱིས་སྒོར་མོ་ལ་ ལས་ཀྱང་སྐྱེ། རེད་དེ་གལ་སྲིད་དམར་གཞུང་ཡིན་ན་དགོང་མོ་ཆུ་ཚད་བཞི་པའི་བར་དུ་རྙོག་གླེང་མ་ བཤད་ནས་བཞག་དགོས་པའི་རྒྱུ་མཚན་འདྲ་གང་ཡོད། ངས་བསམ་ན་འོས་བསྡུའི་གྲུབ་འབྲས་ལ་ཕལ་ཆེར་ཚོད་དཔག་ཐུབ་ནས་རྙོག་གླེང་འདི་ཡོང་ བ་ཞིག་ཡིན་ངེས་རེད་སྙམ། གང་ལྟར་དོགས་པ་བྱེད་པ་ལས་མཇུག་བསྡུ་ད་དུང་ཅུང་སྔ་འདུག ནང་ཤིག་གིས་ཟ། ཕྱི་ཆར་བས་རྡུང་། ངོ་མ་དཀའ་འི།

  29. སྦྲ་ནག་གཡག་སྙིང་། says:
    2010-10-04 at 8:29 am

    ད་བྱེད་ལས་འདི་འདྲ་ལ་འགྲེལ་ཅི་ལྟར་རྒྱག་གམ།

    རྒྱ་དམར་གྱི་རྩེད་ཆས་ཆགས་བསྡད་ཡོད་ལ། དམངས་གཙོའི་ཆབ་སྲིད་ཀྱི་རིག་གཞུང་དྲི་མ་ཙམ་ཡང་མེད་པའི་རྒྱལ་ཁབ་ཞིག་གི་ནང་ང་ཚོ་བཙན་བྱོལ་བ་ཁ་ཤས་ཤིག་གིས་འོས་འཕེན་གྱི་ཐོབ་ཐང་ལག་ལེན་བྱས་པ་དེ་ཅི་འདྲའི་སྙིང་ལ་མི་བཟོད་པ་ཞིག་ཡིན་ན། ཁོང་ཚོའི་ལུང་པའི་དཔལ་སྲིད་རིག་གསུམ་ལ་ཅི་འདྲ་ཞིག་གནོན་གྱི་ཡོད་ན། དྲང་པོར་བཤད་ན་རྒྱ་དམར་གྱི་གནོན་ཤུགས་དང་བལ་ཡུལ་ལ་རང་ཚིགས་མེད་པའི་རྟགས་ཡིན། ཁོང་ཚོས་ཡང་མིང་ཙམ་མ་གཏོགས་རང་བཙན་ཤོར་འདུག ཨ་མདོ་རེབ་གོང་པའི་ཟེར་སྲོལ་ལྟར་ན་ཅི་འདྲའི་སྙིང་ལངས་ནི་ཞིག་རེད། ལྷ་ས་པའི་ཟེར་སྲོལ་ལྟར་ན་ཅི་འདྲའི་སྐྱུགས་མེར་ལངས་ཡ་ཞི་འདུག

  30. འཇིགས་མེད་བཀྲ་་་་ཤིས། says:
    2010-10-04 at 9:07 am

    འོས་སྒམ་བཙན་འཕྲོག་བྱས་པར་སྡུག་སྨྲེ་བཏོན་ནས་ཡོང་རྒྱུ་མེད་ལ། སྡང་ཟུག་བྱས་ནས་ཀྱང་ཡོང་རྒྱུ་མེད། རང་དབང་ལུང་པར་ཡོད་པའི་བོད་མི་ཚོར། རང་གི་རྒྱལ་ཁབ་ཤོར་ནས་མེད་དུས་འདི་འདྲ་ཞིག་ཡིན་ཞེས་དྲན་སྐུལ་གཅིག་བཏང་སོང། ད་ཁ་ཚ་དགོས་གཏུགས་ནི་འོས་ཤོག་དེ་དག་འཕྲོ་བརླག་མི་འགྲོ་བའི་ཐབས་ཤེས་གང་ཡོང་བྱེད་དགོས། རང་གཞུང་ནས་ཅིག་གནང་གི་ཡོད་རྒྱུ་རེད་དེ། ག་རེ་གནང་གི་ཡོད་མེད་ད་ལྟའང་གོ་མ་སོང།
    ལར་ནས་བལ་ཡུལ་དུ་བོད་མིས་འོས་བསྡུ་བྱེད་པ་འདི་བལ་ཡུལ་གཞུང་གི་ཁྲིམས་དང་འགལ་གྱི་ཡོད་པ་རེད་དམ། འདི་ལྟར་འཕྲོག་དགོས་པའི་རྒྱུ་མཚན་ཞིག་ཁོང་ཚོའི་ངོས་ནས་ག་རེ་བཤད་ཀྱི་ཡོད་པ་ཡིན་ནམ།

  31. འཇམ་དབྱངས་བསྟན་འཛིན་ཤཱསྟྲི། says:
    2010-10-04 at 12:30 pm

    བལ་པོ་དམག་མིས་ང་ཚོའི་འོས་སྒམ་བཙན་འཕྲོག་བྱས་པར་བློ་ཕམ་ལོས་ཡོང།་་་དེ་ལས་བློ་ཕམ་ཆེ་བ་ནི་།་་མང་གཙོའི་རྒྱལ་ཁབ་རྒྱ་གར་དང་ཨ་རི་ལྟ་།་་ཁེ་ན་ཀྲ་ལྟ་བུའི་ནང་འོས་འཕེན་པར་མ་ཡོང་མཁན་དེ་ཚོ་རེད།་་བསམ་བློ་ཞིབ་མོར་བཏང་ན་ཁོ་ཚོར་རང་དབང་ཆ་ཚང་ཡོད།་་་སུས་ཀྱང་བཀག་འགོག་བྱེད་ཀྱི་མེད།་་འོས་སྒམ་སུས་ཀྱང་བཙན་འཕྲོག་བྱེད་ཀྱི་མ་རེད།་་་ད་དུང་འོས་འཕེན་པར་མ་སླེབས་པ་ངོ་ཚ།་་ཁྱེད་ཚོ་ག་དུས་གཉིད་སད་ཀྱི་རེད་དམ།
    བལ་པོའི་དམག་མི་འོས་སྒམ་འཕྲོག་མཁན་དེ་ཚོ་ལས་ཁྱེད་ཚོ་་་་་་་་་་

  32. མེ་ཏོག་དཀར་པོ། says:
    2010-10-04 at 9:53 pm

    གོང་གི་བརྙན་པར་དེར་ལྟོས་དང་། བོད་པ་ཞིག་ཡིན་ན་མིག་མཆུ་ཤོར་མ་ཤོར་ཐབས་མེད་རེད་འདུག

    གྲོགས་པོ་ཚོ། ད་རེས་ཀྱི་དོན་རྐྱེན་འདི་ཐབས་སྡུག་དཔེ་མེད་རེད་དེ། འདིས་ང་ཚོ་ལ་རང་དབང་གི་ཡུལ་མེད་པ་དྲན་བསྐུལ་དང་། བོད་དོན་སེམས་ཤུགས་ཆེ་བསྐྱེད། སྐྱིད་སྡུག་མཉམ་མྱོང་སེམས་ཚོར་འཕར་སྣོན་སོགས་ཆབ་སྲིད་ཀྱི་ཁེ་ཕན་ཡོད་ཀྱང་ཡོད་སྲིད་པས་ཐུགས་ཕམ་མ་གནང་།

    བོད་རྒྱལ་ལོ། །

    བལ་ཡུལ་གྱི་རླུང་འཕྲིན་ཞིག་ནས་བཤད་པ་ལྟར་ན་དེ་ནི་བལ་ཡུལ་ནང་སྲིད་ལྷན་ཁང་གི་ཐད་ཀའི་བཀ
    འ་བཏང་བ་རེད་ཟེར་སོང་། བལ་གཞུང་ནང་སྲིད་ལ་པེ་ཅིང་སྲིད་གཞུང་གི་བཀའ་ཕབ་པ་ངེས་ཏན་རེད།
    གང་ལྟར་ང་ཚོའི་འོས་བསྡུའི་ལས་འགུལ་འདི་རྒྱ་གཞུང་གི་མིག་གི་ཚེར་མར་གྱུར་པ་གསལ་པོ་རེད་འདུག
    ཡང་སྐྱར་བོད་རྒྱལ་ལོ།།

  33. སྦྲ་ནག་ཚང་། says:
    2010-10-05 at 12:24 pm

    སྙིང་ལང་ནས་སྐྱུག་གྲབས་བྱས་སོང་། གང་ལྟར་ངས་ལྟོས་ན་འདི་ནི་རྒྱ་ནག་གཞུང་གི་ངོ་ཚོད་ཕྱི་བསྡོད་པ་ཚོའི་རང་དབང་ཐོབ་ཐང་ལ་ཚད་འཛིན་བྱས་པ་ཐེང་དང་པོ་ཡིན་པས་། རྒྱལ་ཕམ་འདི་ལས་ང་ཚོ་ངེ་བར་དུ་རྒྱལ་ཐུབ་པ་བྱེད་དགོས་། གལ་ཏེ་རྒྱལ་མ་ཐུབ་ན་། རིམས་པས་ལུང་པ་གཞན་དག་གི་ནང་དུ་ཡང་རྒྱ་ནག་གི་སྐྱག་ལགས་དེ་བསྐྱང་བར་སྲོད་བཏོད་པ་ཡིན་པས་། དེ་ལ་ང་ཚོ་ཚང་མས་བསྐྲང་ཐོག་ལ་ཁབ་ཞིག་འཛུགས་ཐུབ་པ་བྱེད་དགོས་། ལྷགས་པར་བལ་པོའི་དོན་གཅོད་ཁང་ཡོད་ས་དག་ན་ས་ཤིག་རྒྱོབ་། ཕོ་གསར་ཚོ་ཞེ་སྡང་གི་ཆང་མཐུང་ནས་བསྡད་ན་ཡོང་རྒྱུ་གང་ཡང་མེད་། ནེ་པ་ལ་ནང་ལ་ཕྱི་རོལ་ནས་ཚོང་འབྲེལ་ཡོད་མཁན་གཞུང་སྒེར་གྱི་ཚོགས་པ་དང་། ཐད་ཀར་གནོན་ཤུག་སྣོན་ཤུག་སྟེར་མཁན་སུ་སུ་ཡོད་། ཡོད་པ་རེད་།
    བྱེད་ཐབས་གེ་རེ་འདུག་གསུང་དང་།

  34. སྦྲ་ནག་ཚང་། says:
    2010-10-05 at 12:26 pm

    *་ང་ཚོ་ཕྱི་བསྡོད་་

  35. བོད། ལྷ་ཀླུ་གཉན་གསུམ། says:
    2010-10-05 at 1:16 pm

    རྒྱལ་ཁབ་མེད་པའི་འཚོ་བ། རང་དབང་མེད་པའི་ངེས་ཤེས། རང་ས་མེད་པའི་དཀའ་ངལ། རང་ཡུལ་མིན་པའི་གནས་བབ་བཅས་དྲན་སྐུལ་བཏང་བ་རེད། ང་ཚོ་ལ་དངོས་ནས་འདི་ལྟར་དྲན་སྐུལ་གཏོང་མཁན་ནི་ལོ་རེ་ནས་ཇེ་མང་དུ་སོང་ན་ཡག་པོ་འདུག

  36. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-10-05 at 4:12 pm

    སྔོན་མ་ནས་ང་ལ་འུ་ཐུག་པའི་ཚོར་སྣང་མང་པོ་བྱུང་མྱོང། ད་ཐེངས་ཡང་གཅིག་མཚུངས་རེད། རང་ཡུལ་མེད་ས་ན་རང་དབང་ཡོད་སྲིད་ཀྱི་མ་རེད།

  37. སྦྲ་ནག་ཚང་། says:
    2010-10-05 at 6:14 pm

    ཡ་ཡ་ཡ། ད་གོ་ཐ། ནམ་རྒྱུན་བུ་རྒོད་པོ་སྟག་འདྲ་བ་། གཏམ་སྨར་སྒོ་མེ་འདྲ་དག་། དེ་རིང་ལོ་བདུན་བཅུ་ཅན་གྱི་རྒན་པོ་ཞིག་གི་མཇེ་ནང་བཞིན་ཁུམས་ནས་བསྡད་འདུག་། ད་ལང་རྒྱུ་མེད་པ་ཤེས་སོང་།

  38. བདུད་ནག་བུ་ནས། says:
    2010-10-11 at 3:36 am

    བོད་གཞུང་ཚང་གི་འདི་ལ་ཐབས་ཤེས་ཡག་པོ་ཞིག་སྟངས་ཐུག་ན་དངོས་གནས་རྗེས་སུ་ཡིད་རང་ཡོད་མ་ཟད་མ་འོངས་པ་ད་དུང་ལས་ཆར་ག་འདྲ་སླེབས་ན་ཧ་གོ་རྒྱུ་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme