Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།

Posted on 2016-02-142016-02-15 By ཁ་བརྡ 6 Comments on འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།

སྤྱི་དམངས་རང་དབང་།
 
དམངས་གཙོའི་གསེར་མདོག་གི་རླབས་རྒྱུན་ཁྲོད་ནས་འོས་ཤོག་ནི་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་གྲུབ་ཡོད། དམངས་གཙོའི་རྒྱལ་ཁབ་དག་ཏུ་ཡང་འོས་ཤོག་གི་དུས་རིམ་ནི་དམངས་གཙོའི་དྲན་པ་སློང་བའི་དུས་སྐབས་གལ་ཆེན་ཞིག་རེད་ལ། མི་སྒེར་གྱི་ཐོང་ཐང་མངོན་གསལ་གྱིས་ལག་བསྟར་བྱ་བའི་དུས་བབ་ཅིག་ཀྱང་རེད། དེ་བས་འོས་ཤོག་ལྡུག་པ་ནི་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་གྲུབ་པ་རེད་ལ། འོས་ཤོག་མི་ལྡུག་པ་ཡང་དམངས་གཙོའི་ཁྱད་རྟགས་ཤིག་ཏུ་རང་བཞིན་གྱིས་གྲུབ་ཡོད་པ་རེད།

རང་རེའི་བཙན་བྱོལ་དམངས་གཙོ་ནི། སྐྱེས་ཆེན་ཞིག་གི་དགོངས་པ་ལས་འཁྲུངས་པ་རེད་ཟེར་ན་ཆོག་ལ། རང་རེའི་ཅག་གི་རུལ་སངས་ཀྱི་ལོ་རྒྱུས་ཀྱིས་གནང་བ་རེད་ཟེར་ན་ཡང་ཆོག གང་ལྟར། བྲོས་བྱོལ་ལམ་བཙན་བྱོལ་དུ་ཡོང་བ་ནས་བཟུང་། གནའ་བོའི་ཀེ་རུ་སུ་མཆེད་པའི་དམངས་གཙོའི་རི་མོ་དེ་འུ་ཅག་སྤྱི་དམངས་དག་གི་ལག་པའི་ངོས་སུ་འབྲི་མགོ་བརྩམས་ལ། འུ་ཅག་གི་འབངས་མི་དག་ལ་རང་ཉིད་ནི་སྤྱི་དམངས་ཤིག་ཡིན་པ་ཤེས་སུ་བཅུག་ལ། མི་ཞིག་ཡིན་པ་ཡང་ར་སྤྲད་པ་རེད། ཡིན་ན་ཡང། ཤེས་རྨོངས་ཀྱི་གྲོག་རོང་དུ་གནས་བའི་མི་དག་ནི་གཉིད་ལས་སད་རྒྱུ་ཤིན་ཏུ་དཀའ་བས། ལོ་ངོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཡོད་པའི་འུ་ཚང་གི་དམངས་གཙོ་ནི་ཆ་ཁ་ཡ་ལྡབ་ཅིག་འགྱུར་བཞིན་མི་འདུག་གམ།

སྒེར་གཅོད་པ་ཞིག་རྩ་མེད་དུ་གཏོང་རྒྱུ་ནི་སྐད་ཅིག་ཉིད་དུ་ཡིན་ཡང་། དམངས་གཙོ་ཞིག་སྐད་ཅིག་འཛུགས་རྒྱུ་ནི་ཤིན་ཏུ་དཀའ་ཞེས་པ་ལྟར། རང་རེའི་འབངས་མི་དག་ལ་ད་དུང་ཡང་སྤྱི་དམངས་ཀྱི་་གོ་རྟོགས་བདེ་མོ་ཞིག་སླེབས་མེད་པས། རང་རེའི་བཙན་བྱོལ་དམངས་གཙོ་ནི་གནའ་བོའི་ཀེ་རུ་སུ་ལས་མཆེད་པའི་དམངས་གཙོ་ལས་འདའ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལྟ་བུ་ཤིག་ཏུ་འགྱུར་བཞིན་མི་འདུག་གམ། སྲིད་སྐྱོང་འོས་མི་ཡིན་ཟེར་བ་གཉིས་ཀྱི་བཤད་བབ་ལ་ཉན་ན། ང་ཚོ་ད་དུང་བླ་མའི་རྒྱལ་ཁབ་ཀྱི་དུས་་ཀྱི་འབངས་མི་ཡིན་འོས་བ་ལས། མི་སྒེར་གྱི་ཐོབ་ཐང་གཏན་ལ་ཕབ་པའི་བཅའ་ཁྲིམས་ཤིག་གི་སྤྱི་དམངས་ཡིན་མི་འོས་པ་ཞིག་སྒྲོག་གིན་མི་འདུག་གམ།
སྲིད་སྐྱོང་འོས་མི་ཡིན་ཅན་པོ་གཉིས་ཀས་གང་དུ་སོང་ན། གང་དུ་བསྡད་ན། ཅི་ཞིག་བཤད་ན། ད་བར་ང་ཚོ་སྤྱི་དམངས་ཞིག་གི་ཚད་ནས་མི་འཇོག་པ་ནི་བདག་གིས་བཟོད་དུ་མེད་པ་དེ་ཡིན་ལ། རང་ཉིད་ལ་ཆབ་སྲིད་ཀྱི་འཆར་སྒོ་ཅི་ཡང་མེད་པར། སྒེར་གྱི་ཁེ་ཕན་ཉི་ཚེ་བ་ཞིག་གི་ཆེད་དུ་སྐྱེས་ཆེན་དམ་པ་གང་ཞིག་ལག་པ་འཕྱི་ས་དང་ལག་རྟེན་བཅའ་ས་བྱེད་པའི་བྱེད་སྟངས་དེ་ནི། སྲིད་སྐྱོང་འོས་མི་ཡིན་ཅན་པོ་གཉིས་ལ་ཨ་ཐང་ཆད་པའི་གཞི་གཙོ་བོ་ཞིག་ཡིན།

སྲིད་སྐྱོང་འོས་མི་ཡིན་ཅན་པོ་གཉིས་ཀྱིས། བོད་དོན་ནི་ཅི་ཞིག་ཡིན་པ་མི་ཤེས་པ་ནི་ས་རིས་ཐང་གསལ་རེད། དེ་ནི་ཁོ་གཉིས་ཀྱིས་བོད་མིའི་ལོ་རྒྱུས་མི་ཤེས་པ་ཁོ་ནས་མ་ཡིན་པར། གཞིས་བཞུགས་བོད་མི་དག་གི་སེམས་ཁམས་དང་འཚོ་བ། སྐྱིད་སྡུག་ཚོར་ཐུབ་པའི་འཇོན་ཐང་མེད་པས་རེད། སྤྱི་དམངས་ཀྱི་འོས་མི་ཡིན་ཟེར་བ་ཞིག་གིས་སྤྱི་དམངས་ཀྱི་སྐྱིད་སྡུག་མི་ཤེས་ན། སྤྱི་དམངས་དག་གིས་རང་གི་སྐྱིད་སྡུག་མི་ཤེས་མཁན་ཞིག་ལ་འོས་ཤོག་ཅིའི་ཕྱིར་ལྡུག་དགོས། དེ་བས། ད་ལོའི་སྲིད་སྐྱོང་འོས་མི་གཉིས་ལ་འོས་ལྡུག་པ་ནི། ང་ཚོས་རང་ཉིད་དམངས་གཙོའི་སྤྱི་དམངས་ཤིག་ཡིན་པ་ཁས་མ་བླངས་པ་རེད། ང་ཚོས་རང་ཉིད་དམངས་གཙོའི་སྤྱི་ཚོགས་ཤིག་གི་བཅའ་ཁྲིམས་འོག་གི་སྤྱི་དམངས་ཤིག་ཡིན་པ་ཁས་མ་བླངས་པ་རེད། ད་ལོའི་སྲིད་སྐྱོང་འོས་མི་གཉིས་ལ་འོས་ལྡུག་པ་ནི། ང་ཚོས་དམངས་གཙོ་ལོ་རྒྱུས་ལ་ནག་ཐིག་ཅིག་འབེབས་བཞིན་ཡོད་པ་རེད། ང་ཚོས་སྒེར་གཅོད་ཀྱི་གཞུང་ཞིག་ལ་རྒོལ་བ་རྩོམ་བཞིན་ཡོད་ཀྱང་། རང་ཉིད་ལ་ད་དུང་དམངས་གཙོའི་རྒྱུན་ཤེས་ཙམ་ཡང་མེད་པའི་མཚོན་རྟགས་ཤིག་རེད།

དེ་ན་ད་ལོ་འོས་མི་ལྡུག་གམ་ཟེར་ན། དེ་ཡང་ཁྱོན་ནས་མིན་དེ། ང་ཚོས་ད་ལོའི་ཆབ་སྲིད་ཀྱི་འཆར་སྒོ་མེད་པའི་སྲིད་སྐྱོང་འོས་མི་ཡིན་ཅན་པོ་གཉིས་ཀར་་འོས་མི་ལྡུག་པར། འོས་ཤོག་གསར་བརྗེ་ཞིག་བསླང་འོས། ཆབ་སྲིད་ཀྱི་འཆར་སྒོ་མེད་པའི་མི་དག་རྒྱང་དུ་དེད་ནས་། སླར་ཡང་རང་རེའི་སྤྱི་ཚོགས་ཁྲོད་ནས་དམངས་གཙོའི་མདངས་ཅན་དང་ཆབ་སྲིད་ཀྱི་འཆར་སྒོ་གསལ་བའི་འོས་མི་དག་བསྔོག་འདོན་བྱ་འོས། ཆབ་སྲིད་བགྲོ་གླེང་དང་ཆབ་སྲིད་གད་རྒྱངས་སྟོབས་ཆེན་ཞིག་བསྒྲགས་ཐུབ་དགོས། དེ་ལྟར་ན། ད་གཟོད། འོས་མི་ཆབ་སྲིད་ཀྱི་མིག་ཅན། དམངས་གཙོ་ཡི་མདངས་ཅན་ཞིག་ཐོན་ཁོ་ཐག་ཡིན། ང་ཚོས་རང་ཉིད་དམངས་གཙོའི་སྤྱི་དམངས་ཞིག་ཡིན་སྙམ་ན། ང་ཚོས་རང་ཉིད་ལ་འོས་ཤོག་གི་ཐོབ་ཐང་བླ་མེད་ཅིག་ཡོད་པ་ཧ་གོ་བཞིན་ཡོད་ན། ད་ནི་འོས་ཤོག་ལྡུག་མཚམས་བཞག་ནས། འོས་ཤོག་གསར་བརྗེ་ཞིག་སློང་དགོས། དམངས་གཙོ་ལག་ཏུ་བསྟར་ནས་འོས་ཤོག་གསར་བརྗེ་ཞིག་སློང་དགོས། ཆབ་སྲིད་ཀྱི་འཆར་སྒོ་མེད་པའི་སྲིད་སྐྱོང་འོས་མི་ལ་འོས་ལྡུག་མཚམས་བཞག་ནས། རང་རེའི་བཙན་བྱོལ་གྱི་དམངས་གཙོའི་རླབས་རྒྱུན་ཁྲོད་དུ་འོས་ཤོག་གསར་བརྗེ་ཞིག་ངེས་པར་སློང་དགོས་ཨང་།

༢༠༡༦ ༢ ༡༣ སྤྱི་དམངས་རང་དབང་གིས་སྦྱར་བ་དགེའོ།།

བསམ་ཚུལ།

Post navigation

Previous Post: བཙན་བྱོལ་བོད་མིས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ།
Next Post: ཨ་ཅེ་འབྲོག་མོའི་བརྩེ་དུང་གི་ཉིན་མོ།

Comments (6) on “འོས་ཤོག་མི་ལྡུག་པ་ཡང་དམངས་གཙོ་ལག་བསྟར་བྱ་སྟངས་ཤིག་ཡིན།”

  1. ཅོ་རི་ཉི་མ། says:
    2016-02-14 at 5:14 pm

    ཡག་པོ་གསུངས་འདུག རྒྱབ་སྐྱོར་ཡོད།

    བཙན་བྱོལ་བའི་དམངས་གཙོ་འདི་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམངས་གཙོ་ལ་སྒྱུར་བཞིན་འདུག ཀྲུང་གོ་གུན་ཁྲན་ཏང་གིས་འདོད་མོས་ཡོད་པའི་ཧོང་ཀོང་གི་སྲིད་སྐྱོང་འོས་མི་གསུམ་བཙུགས་ནས་ཧོང་ཀོང་མི་དམངས་ཀྱིས་དེ་གསུམ་གང་རུང་ལ་འོས་བླུག་དགོས་པ་ལྟར་་་་བཙན་བྱོལ་བའི་འོས་བསྡུ་ལས་ཁུངས་ཀྱིས་ཁྲིམས་སྒྲིག་གསར་བཟོ་བྱས་ནས་སྲིད་སྐྱོང་དངོས་གཞིའི་འོས་མི་གཉིས་བཙུགས་ནས་དེ་གཉིས་གང་རུང་ལ་འོས་བླུག་བཅུག་གི་ཡོད་པ་འདི་ནི་་་་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམངས་གཙོའི་ལུགས་སྲོལ་ཡིན་ངོ་མ་རེད། ཁྱད་ཆོས་གཅིག་པ་རེད།

  2. ཀུན་གསལ། says:
    2016-02-14 at 6:41 pm

    བྱིས་པ་བསམ་མེད་རང་རེད། མང་གཙོ་ལག་ལེན་དུ་བསྟར་ནས་ཡུན་རིང་སོང་ཟིན་པའི་མང་གཙོའི་རྒྱལ་ཁབ་གང་ལ་བལྟས་ནའང་མང་གཙོའི་ལམ་བུར་བདེ་བར་ཞུགས་ཟིན་པ་ཞིག་མེད། ཐོག་མར་སོང་ལ་མང་གཙོ་དང་ལོ་རྒྱུས་རིགས་ལ་སྦྱང་བརྩོན་གནང་ན་གང་འདྲ་ཡོད་ན།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-02-15 at 1:05 am

    འོས་བླུག་མི་བླུག་མང་གཙོའི་རང་དབང་རེད། འོས་རྩ་བ་ནས་མ་བླུགས་པ་ནི། མང་གཙོའི་ལས་འགན་མ་འཁུར་བ་རེད།

  4. ལྷ་སྲས་དར་མ། says:
    2016-02-15 at 3:29 am

    རེད་དམངས་གཙོའི་རྒྱལ་ཁབ་མངཔོའི་ནང་འོས་མ་བླུག་ན་ཉེས་པ་ལྕི་བོ་འགེལ་བའི་ཁྲིམས་སྲོལ་ཡོད་པ་དེ་ནི། ངོ་རྒོལ་གྱི་རྣམ་པ་མི་རྩི་བར་འབང་གི་འོས་འགན་མ་འཁྱེར་བ་རྩི་སྲོལ་འདུག ང་ཚོ་དམངས་གཙོ་ལས་མང་གཙོའི་སྒང་ལ་ཡོད་ཙང་རང་དབང་ཆེན་པོ་རེད་གང་གནང་ཡང་ཁྱད་པར་མེད། སྤྱིར་འགྲོ་ལུགས་དང་འགྲོ་སྟངས་མ་ཤེས་ན་ཐབས་ཞེ་དྲག་ཡོད་མ་རེད། ལར་ནས་ཅོ་རི་འདྲ་པོ་ཡིན་ན་ཧ་ཧ་ཧ་ཧ་ཧ་ཧུ།

  5. སྤོབས་པ་མཐའ་ཡས། says:
    2016-02-15 at 3:23 pm

    དེང་དུས་སུ་མང་གཙོ་ཡིན་པར་བསྔད་པའི་སྤྱི་ཚོགས་ཚོ་མི་འདྲ་བ་ཞིག་རེད། སྤྱི་ཚོགས་ལ་ལས་འོས་ཤོག་མ་འཕངས་ན་ཉེས་ཆད་གཅོད་པ་དང་། སྤྱི་ཚོགས་ལ་ལས་ཉེས་ཆད་གཏན་ནས་མི་གཅོད་པ་རེད།

  6. བླ་མ། says:
    2016-02-15 at 11:27 pm

    སྤྱི་དམངས་རང་དབང་ཟེར་བའི་བརྩོམས་དེར་ལྟས་ན། ཁྱོད་སྐྱབས་བཅོལ་བའི་གཞུང་ཞིག་ཡིན་པ་འཚོར་གྱི་མི་འདུག། རྒྱལ་ཁབ་རང་བཙན་ཡོད་པ་ལྟར་བཤད་ཀྱི་འདུག ཁྱོད་འཇོན་པོ་ཡོད་ན་ཆབ་སྲིད་ཀྱི་འགོ་ཅིག་འཁྲིད་དང་ལྟ་མཆོག། མི་སྒེར་བཙུགས་པའི་མང་གཙོ་མ་ཡིན་པར། བཙན་བྱོལ་ནང་འོས་ཆོས་ཚང་པ་རྒྱ་ཆ་རྒྱ་ཐམ་པར་སྔོན་འགྲོའི་འོས་འདུ་སྐབས་སོ་སོའི་ཆབ་སྲིད་ཀྱི་ལྟ་བ་གང་གཟུང་ཀྱང་དེར་འོས་འཕངས་རྒྱུའི་ཐོབ་ཐང་རྒྱ་ཆ་རྒྱ་ཐམས་པ་ཡོད། ད་དུང་ཁྱོད་ཀྱི་དེ་ཙམ་ཀྱང་ཤེས་ཀྱི་མི་འདུག་ན། བརྩོམས་ཡིག་འདི་ལྟ་བུ་འབྲི་རྒྱུ་ངོ་མི་ཚའམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme