Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་ཤིང་འཚམ་པའི་དབུས་གཙང་སྤྱི་འཐུས་འོས་མི།

Posted on 2021-03-302021-04-01 By ཁ་བརྡ No Comments on འོས་ཤིང་འཚམ་པའི་དབུས་གཙང་སྤྱི་འཐུས་འོས་མི།

སྒྲ་དབྱངས་སྲས་མོ་ནས།

རང་ཁོངས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ནི་སྔར་ནས་ད་བར་སྐྱིད་སྡུག་གང་ལ་ཐུག་ཀྱང་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཆོས་ཀྱི་ལྷ་དང་སྲིད་ཀྱི་དབུ་འཁྲིར་ངོས་འཛིན་གཏིང་ཟབ་ཀྱིས་༧མགོན་པོ་གང་གི་ཐུགས་དགོངས་ཇི་བཞིན་ནེམ་ནུར་མེད་པར་ཤར་སྐྱོད་བྱེད་མཁན་ཤིག་ཡིན་པ་ནི། བྱུང་རབས་མེད་ལོང་ནས་གསལ་པོར་མངོན་བཞིན་ཡོད་ལ།ད་ལྟའི་དུས་སུའང་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་འདས་པའི་ལོ་རྒྱུས་ཀྱི་མེ་ལོང་ལས་གསལ་བའི་མེས་པོ་དམ་པའི་ཞབས་རྗེས་བཟུང་ནས་༧རྒྱལ་བའི་དབང་པོའི་དགོངས་པ་བདུད་རྩི་ལྟར་འཛིན་མཁན་གྱི་སྤྱི་འཐུས་ཤིག་འོས་འདེམས་བྱ་རྒྱུ་ནི་ཉག་ཕྲའི་དུས་སྐབས་འདིར་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་འོས་འགན་ཞིག་ཡིན་ལ་མང་གཙོའི་སྤྱི་ཚོགས་ཀྱི་གཟི་བརྗིད་ལྡན་པའི་ཐོབ་ཐང་ཞིག་ཀྱང་ཡིན།  འོ་ན། ཁྱེད་ཀྱིས་༧རྒྱལ་བའི་བཀའ་དྲིན་དྲན་ཞིང་བསམ་ཤེས་ཐུབ་མཁན་གྱི་རང་ཚུགས་ལྡན་པའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་སུ་འོས་ཤིང་འཚམ་པའི་མི་དེ་སུ་རེད་གསུངས་

ན། ཁོང་ནི་༧གོང་ས་ཏཱ་ལའི་མ་མཐོ་རིམ་སློབ་གཉེར་ཁང་དུ་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་པའི་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་ཡིན། དེ་ཡང་ད་ལྟའི་དུས་རབས་འདིར་གཞོན་སྐྱེས་མང་པོ་ཞིག་ཕྱིའི་རྣམ་པ་ཟང་ཟིང་གི་འགྱུར་ལྡོག་དང་ལྷན་དུ་རང་སྣང་ཡང་འཁྲུལ་དེ་མི་ལོ་སྟོང་ཕྲག་བརྒྱུད་པའི་རིན་ཐང་བྲལ་བའི་རང་གི་སྐད་ཡིག་དང་རིག་གཞུང་དག་ཀྱང་སྣང་མེད་དུ་བསྐྱུར་རྐྱེན་རང་རེའི་སྐད་དང་རིག་གཞུང་རྣམས་སྣུམ་ཟད་ཀྱི་མར་མེ་བཞིན་ཉམས་རྒུད་དུ་འགྲོ་དང་འགྲོ་མུས་ཀྱི་སྐབས་འདིར། སྤྱི་འཐུས་མི་སྣའི་ཁྲོད་དུ་རང་རེའི་རིག་གཞུང་གི་རིན་ཐང་རྟོགས་ཅིང་དེ་དག་ལ་དོ་ཁུར་ལྷག་པར་འཁྱེར་མཁན་ཇེ་མང་དགོས་པ་དེ་མི་རིགས་འཐབ་རྩོད་དང་འཚོ་གནས་རང་བཞིན་ཐད་ཧ་ཅང་གི་གལ་ཆེན་ཡིན་པར་བརྟེན། འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལ་མཚོན་ན། རང་མི་རིགས་ཀྱི་སྐད་ཡིག་ལ་དད་ཅིང་རིག་གཞུང་ལ་དུང་ཞེན་ཟབ་པ་མ་ཟད། རང་ཉིད་ལ་དེའི་ཐོག་ནུས་པ་སྤུང་རྒྱུའི་ཆུ་ཚད་ལྡན་པའི་ཁར་ལྷག་བསམ་རི་ལྟར་ཕྱུག་པ་ཞིག་ཡིན་པས་ན། ཐེངས་འདིའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་སུ་ཁོང་ཕེབས་ཐུབ་ན་ཉི་མ་མེ་གྲོགས་སུ་འགྱུར་ངེས།། སྤྱི་འཐུས་ནི་མང་ཚོའི་རྒྱལ་ཁབ་ཀྱི་ཀ་ཆེན་ཞིག་དང་ཆབ་དཔལ་རིག་སོགས་མ་འོངས་རྒྱལ་ཁབ་ཀྱི་ཁ་ཕྱོགས་གང་དུ་བསྐྱོད་རྒྱུའི་ཕུགས་བསམ་འཚོལ་མཁན་བཅས་མདོར་ན་བསམ་ཚོད་ལས་འདས་པའི་འགན་འཁྲི་ཡོད་སྟབས། སྤྱི་འཐུས་ར་བའི་ནང་བཤད་ཕོད་པ་དང་འབྲི་ཕོད་པ་བྱེད་ཐུབ་པའི་ཤེས་ལྡན་ལྷག་བསམ་ཟུང་འདྲེས་ཤིག་དགོས་པ་ལས་གཞོག་གཅིག་ལྡན་པ་ཁོ་ན་ཡིན་ཚེ། གཤོག་པ་ཡ་ཅན་གྱི་བྱ་ཞིག་བར་སྣང་མཁའ་ལ་ནམ་ཡང་འཕུར་ཐབས་བྲལ་བ་བཞིན་ཡིན།  རིག་འཛིན་ལྷུན་གྲུབ་ལ་མཚོན་ན།གཞི་རིམ་དང་འབྲིང་རིམ། མཐོ་སློབ། རབ་འབྱམས་པ་དང་་སློབ་དཔོན། ཁྱད་འཕགས་སློབ་དཔོན་དང་འབུམ་རམས་པ་བཅས་ཤེས་ཡོན་གྱི་བརྒྱུད་རིམ་ཆ་ཚང་འགྲིམས་ཚར་བས་མནའ་དེང་རིག་གནས་ཀྱིས་ཕྱུག་པའི་འདབ་ཤོག་གཉིས་ལྡན་གྱི་སྤྱི་འཐུས་འོས་མི་ཚད་ལྡན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་སྤྱི་འཐུས་ནི། མི་མང་གི་སྐུ་ཚབ་ཡིན་པས་མི་མང་གི་མངོན་འདོད་སྒྲུབ་ཅིང་། མི་མང་གི་བདེ་སྡུག་སེལ་བའི་ཐབས་ཇུས་དང་སྙིང་སྟོབས་ལྡན་པ། བློས་གཏོང་ཐུབ་མཁན་ཞིག་ཡིན་དགོས་པ་ནི། མི་མང་གི་རེ་འདོད་ཡིན། ཆ་རྐྱེན་འདིའི་འོག་ནས་བལྟས་ཀྱང་། ཁོང་ནི་སྐབས་འདིའི་དབུས་གཙང་སྤྱི་འཐུས་སུ་འོས་པར་མཐོང་། གང་ཡིན་ཟེར་ན།ཁོང་ལ་ཞུམ་པ་མེད་པའི་སྙིང་སྟོབས་ལྡན་ཞིང་སྤྱི་སེམས་ཀྱི་ལྷག་བསམ་དཀར་པོ་དང་བདེན་འཚོལ་གྱི་དཔྱད་ཞིབ་རང་གཤིས་ལྡན་པས་སོ། ཁོང་གི་སྤྱི་ཚོགས་ཉམས་མྱོང་གི་ཐོག་ནས་བརྗོད་ན།སྤྱིར་ཁོང་བོད་མིའི་སྒྲིག་འཛུགས་ནང་ད་བར་ཕྱག་ལས་གནང་མྱོང་མེད་ནའང་ཆུང་ནས་ད་བར་ཚོགས་པ་ཆེ་ཆུང་འདྲ་མིན་ནང་འགན་འཁུར་བ་དང་མཉམ་ཞུགས་བྱས་མྱོང་བས་ཁོང་ལ་སྤྱི་ཚོགས་འདྲ་མིན་གྱི་ཉམས་མྱོང་ཡོད་ཟེར་ཡང་རབ་བཏགས་ལ་ནམ་ཡང་འགྱུར་མི་སྲིད།
དོན་བསྡུས་ནས་བརྗོད་ན།གུས་མོར་བརྗོད་པ་མང་པོ་མེད་ལ་མང་པོ་ཤེས་མཁན་ཞིག་ཀྱང་མིན།ཡིན་ཡང་རང་ཉིད་དབུས་གཙང་ས་སྐྱེས་རྡོ་སྐྱེས་ཤིག་གི་ངོས་ནས་བརྗོད་ན་སྤྱི་འཐུས་མི་བཅུ་ལ་འོས་འཕེན་རྒྱུའི་གོ་སྐབས་ཐོབ་པ་འདི་ནི། མང་གཙོའི་ཐོབ་ཐང་ཆེ་ལ་འགན་འཁྲི་ཡང་ཆེ་བ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད།གང་ཡིན་ཟེར་ན།བདག་གི་འོས་ཤོག་འདི་རང་ཉིད་ཙམ་མིན་པར་་གཞིས་ལུས་མི་མང་གི་སྐུ་ཚབ་ཀྱང་མཚོན་དགོས་པས་རང་ནུས་ཀྱི་རྣམ་དཔྱོད་གང་ཡོད་བེད་དུ་སྤྱད་ནས་ཀླད་པ་དཀྲུགས་དགོས་སར་བཀྲུགས།རིག་པ་དྭངས་དགོས་སར་དྭངས།གཏི་མུག་ལས་གསལ་དགོས་སར་གསལ་ཏེ་གཡུ་དང་དོ་ལོ་མ་ནོར།གསེརདང་རགས་་མ་འཁྲུལ་བར་བྱས་ཏེ་སྤྱི་མི་ཚད་ལྡན་འོས་འདེམས་བྱ་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན། 
དེར་བརྟེན་བདག་གི་རྣམ་པ་དཔྱད་པའི་ལམ་དུ་བསྐྱོད་པའི་འཇུག་འབྲས་སུ་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་ནི་མཚན་ཉིད་ཡོངས་སུ་ཚང་བའི་སྐབས་༡༧པའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་འོས་ཤིང་འཚམ་པ་ཞིག་ཏུ་སེམས།དེ་བཞིན་དབུས་གཙང་སྤུན་གྲོགས་རྣམས་ནས་ཀྱང་བློ་དང་རིག་པའི་དཔྱད་པ་ལེགས་པར་བྱས་ཏེ་ས་རྡོ་མ་འཁྲུགཆུ་ཆར་མ་ནོར།མངོན་སུམ་དང་རྗེས་དཔག་མ་འདྲེས་བར་རང་གི་རིག་པས་དབྱེ་སྟེ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཚབ་མཚོན་དྲི་མེད་ཅིག་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པས་ན། སྐབས་བཅུ་བདུན་པའི་རང་ཁོངས་སྤྱི་འཐུས་སུ་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་་འདྲ་བ་ཞིག་སླེབས་དགོས་འདུག
མཐའ་བསྡོམས།གུས་མོས་ཁྱེད་རྣམ་པར་ཁོང་ལ་འོས་གནང་རོགས་ཞུ་ཡི་མེད་ཀྱང་།གོང་དུ་གང་བཤད་རྣམས་རང་ཉིད་རྒྱུས་ངོ་ཡོད་མཁན་ཞིག་གི་བསམ་འཆར་ཡིན་པས་དབུས་གཙང་མི་མང་ནས་ཐུགས་བསམ་ལེགས་པར་བཞེས་རོགས།

བསམ་ཚུལ།

Post navigation

Previous Post: སུས་ཆེད་དུ།
Next Post: གཞས་ཆུང་སྨུག་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme