Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་མིར་ལངས་མཁན་ཞིག་ལ་ལྟ་བ།

Posted on 2015-08-122015-08-12 By ཁ་བརྡ 17 Comments on འོས་མིར་ལངས་མཁན་ཞིག་ལ་ལྟ་བ།

mail.google.com——–གཡུ་སྒང་དགེ་འདུན།

 
སྤྱིར་བཏང་ངས་རང་ལ་འདེམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་ཡོད་པའི་རང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་ལ་འོས་མིའི་ཁྱད་ཆོས་ཀྱི་ཐད་ནས་ངོ་སྤྲོད་བྱེད་མ་ཤེས་པར་ཆོལ་ཁ་གཞན་ལ་ཁྱེད་རང་ཚོའི་མི་འདི་ལ་ཁྱད་ཆོས་ཚང་གི་འདུག་ཅེས་པའི་རྒྱབ་སྐྱོར་བྱས་ན། དེ་འདྲའི་འཚམ་པོ་ཞིག་ཡིན་མིན་མི་ཤེས་མོད། འོན་ཀྱང་། ངས་རང་ཉིད་ཀྱི་ཡག་པོར་མཐོང་བ་དེ་ཆོལ་ཁོངས་གང་ཡིན་ལ་མ་ལྟོས་པར་འགྲེལ་བརྗོད་བྱེད་རྒྱུ་གལ་ཆེན་དུ་མཐོང་ནས་བརྗོད་པ་ཡིན། ཆོལ་ཁ་སོ་སོའི་སྤྱི་འཐུས་སྐབས་བཅུ་དྲུག་པའི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་དབུས་གཙང་དང་མདོ་སྟོད་གཉིས་ཀྱི་ཁྲོད་དུ་དང་བླང་སྤྱི་འཐུས་མང་པོ་ཞིག་ལངས་བཞིན་འདུག་ལ། མང་གཙོ་ཐོབ་དབང་ལ་ལོངས་སྤྱོད་པའི་བློ་སྤོབས་རྒྱས་པ་དེ་ལ་ནམ་ཡང་རྒྱབ་སྐྱོར་བྱེད་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད། ལྷག་པར་དུ་མདོ་སྟོད་ཀྱི་མི་གང་འཚམས་ཤིག་ལངས་བཞིན་ཡོད་པའི་ཁྲོད་དུ་འབའ་པ་ དགེ་བཤེས་ཡེ་ཤེས་དགའ་བ་ལགས་ལ་སྤྱི་འཐུས་སུ་ལངས་འོས་པའི་ཁྱད་ཆོས་གསུམ་གྱི་སྟེང་ནས་བརྗོད་འདོད་བྱུང་།

 

༡། ཁོ་རང་ལས་ཀ་འགོ་བརྩམས་པ་དེ་མཇུག་སྐྱོང་བའི་ཆོད་སེམས་ཡོད་མཁན་ཞིག་དང་། ལས་དོན་ཅི་ཞིག་ཡིན་ཡང་དཀའ་ངལ་ལ་མི་འཛེམ་མཁན་ཞིག་རེད།  ཁོ་རང་གིས་ ༢༠༠༩ ནས་ད་ལྟ་བར་དུ་རྒྱལ་བའི་མཛད་རྣམ་རྩོམ་སྒྲིག་དང་ཡིག་བསྒྱུར་གྱི་ཕྱག་ལས་གནང་མུས་འདིས་རང་གཤིས་བརྟན་པོ་ཡོད་པ་མཚོན་ཐུབ་པ་ཞིག་རེད་ལ། དེ་མིན་ཤེས་ཡོན་ཡོད་བསམ་མཁན་དེ་ཚོས་དྲན་རྒྱུ་མང་བས་ལས་ཀ་ཤིག་རྩག་བརྗེ་བརྗེ་བྱེད་པ་དེ་ཚང་མས་ཤེས་གསལ་རེད། ཁོང་དེ་འདྲ་ཞིག་མིན་པ་དེས་རང་གཤིས་བརྟན་པོ་ཡོད་པ་བསྟན་ཡོད།

 

༢། ཤེས་ཡོན་གྱི་ཆ་ནས་རང་མི་རིགས་ཀྱི་སྐད་ཡིག་གཞིར་བཞག་དབྱིན་ཡིག་ཕབ་བསྒྱུར་སོགས་ག་རེ་བྱེད་དགོས་ཀྱང་དཀའ་ངལ་མེད་པ། ད་དུང་རྒྱ་གར་ཡུལ་མི་དང་འབྲེལ་ལམ་བྱེད་དགོས་ན་ཡུལ་ལུང་འདིའི་སྐད་ཡང་ཤེས་པའི་འདབ་གཤོག་གསུམ་ལྡན་གྱི་སྤྱི་འཐུས་ཤིག་ཏུ་གྱུར་ཡོད། ད་ལྟའི་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་ལས་ཐོག་ཚོའི་ཁྲོད་དུ་རང་གི་སྐད་ཡིག་གཅིག་བུ་ལས་སྐད་ཡིག་གཞན་མ་ཤེས་པར་གང་ཟག་གཉིས་པ་ཞིག་གི་ཤེས་ཡོན་གྱི་སྒྱུ་རྩལ་ལ་རེ་དགོས་པ་དེ་འདྲའང་ཡོད། དེ་འདྲ་ཡིན་ན།  རང་ཉིད་ཀྱི་སེམས་ནང་གི་བརྗོད་དོན་དངོས་དེ་ཏག་ཏག་ཅིག་ཡོང་ཐུབ་མིན་ཐེ་ཚོམ་ཡིན།  གཞན་རང་གི་སྐད་ཡིག་ཀྱང་ཏག་ཏག་ཅིག་ཡོད་མེད་ལ་དོགས་པ་ཡོད་དགོས་པའང་ཡོད། དཔེར་ན། གྲོས་ཚོགས་ཀྱི་གྲོས་གཞི་མགོའི་ཞྭའི་སྐོར་ཡིན་ན། སྤྱི་འཐུས་ཆེ་གེ་མོ་རེ་གཉིས་ཀྱིས་རྐང་གི་ལྷམ་གྱི་སྐོར་བརྗོད་མཁན་ཡོད་པ་དེ་ཕྱི་གསལ་ནང་གསལ་རེད།   སྤྱིར་ཞྭ་དང་ལྷམ་གཉིས་ལུས་གཅིག་གི་སྟེང་ལ་བེད་སྤྱོད་གཏོང་དགོས་པས་འབྲེལ་བ་ཡོད་ཀྱང་ལུས་ཀྱི་སྟོད་སྨད་ཀྱི་དབང་གིས་མི་འདྲ་བའི་དབྱེ་མཚམས་མི་མཁྱེན་མཁན་དེ་འདྲ་ཡོད་པ་ཚང་མས་ཤེས་གསལ་རེད། དེ་ཚོ་དང་བསྡུར་ན་ས་གནམ་གྱི་ཁྱད་པར་ཡོད་པས་མདོ་སྟོད་མི་མང་གིས་མི་འདི་འདྲའི་རིགས་ལ་རྒྱབ་སྐྱོར་བྱེད་དགོས་པ་ཤིག་རེད་སྙམ།

 

༣། ཁོང་གི་ཆོད་སེམས་དེ་དག་ལས་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་འཇིགས་ཞུམ་ཆགས་སྡང་མེད་པར་འབད་བརྩོན་ལྷོད་མེད་ཞུ་རྒྱུ་དང་།  མི་མང་གིས་བསྐོས་པའི་མི་མང་གི་འཐུས་མི་ཞིག་ཡིན་སྟབས། མི་མང་གི་མངོན་འདོད་དང་མི་མང་གི་བདེ་བ་སྡུག་བསྔལ་ལ་དམིགས་བསལ་འགན་ཁུར་རྒྱུ།

ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་བཙན་བྱོལ་ནང་མ་འོངས་བུ་རབས་ཚ་བརྒྱུད་ཚོའི་ཤེས་ཡོན་ཡར་རྒྱས་དང་། ༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་། བོད་མི་མང་ལ་ཧུར་ཐག་འབད་ཐག་གིས་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ལ་ཡིད་ཆེ་བྱེད་ཆོག་པའི་སེམས་ཚོར་ཞིག་གི་ཐོག་ནས་བརྗོད་པ་ཡིན། མི་སུམ་ཅུར་བསམ་བློ་སུམ་ཅུ།། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པའི་དཔེ་ལྟར་མཐོང་ཚུལ་མི་འདྲ་བ་ཡོད་ཀྱང་། རང་ངོས་ཀྱི་བསམ་ཚུལ་ལ་ཆོལ་ཁ་གཞན་ཡིན་ཡང་ཕྱོགས་གང་ཐད་ནས་རང་ཉིད་ཀྱི་ཤེས་རྟོགས་ཅུང་ཙམ་ཡོད་པའི་རིགས་འགྲེལ་བརྗོད་བྱེད་རྒྱུ་གལ་ཆེན་རེད་སྙམ།

 

གཡུ་སྒང་དགེ་འདུན་གྱིས། ༢༠༡༥ ། ༠༨ ། ༡༢ ། ཉིན་བྲིས།

ངོ་སྤྲོད།

Post navigation

Previous Post: ཀླུ་རོལ་ལས་འཕྲོས་པའི་གཏམ།
Next Post: བོད་རིགས་མཐུན་ཚོགས་ཀྱི་འགན་ལྷན་སྐབས་༣ པ་ཚོགས་པ།

Comments (17) on “འོས་མིར་ལངས་མཁན་ཞིག་ལ་ལྟ་བ།”

  1. གངས་ཅན་། says:
    2015-08-12 at 5:14 am

    ཆོལ་ཁ་ལས་ཆོས་རྒྱུད་སྤྱི་འཐུས་ལ་འཚང་ན་འོས་བབ་ཆེ།

  2. ཚེ་རིང་ says:
    2015-08-12 at 5:23 am

    རྒན་དགེ་འདུན་ལགས་ཁྱེད་ཀྱི་ལྷག་བསམ་དང་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ་ཞུ་་་་་་དངོས་གནས་སྤྱི་འཐུས་ནང་ཤེས་ཡོན་དང་ལྷག་བསམ་་འཇོན་ཐང་་་བོད་སྤྱི་པའི་འགན་འཁུར་གནང་མཁན་རིགས་མང་ཙམ་ཕེབས་ཐུབ་པར་བརྩོན་དགོས་པ་ལས་ད་བར་འཐེན་འཁྱེར་དང་སྒེར་གྱི་ན་ཟུག་ཐ་ན་གྲོལ་ཚོགས་ནང་ངན་རྒྱབས་དཔུང་གཉེར་་ཤོག་ཁག་སྒྲིག་ནས་བསྡོད་མཁན་རིགས་རྩ་བ་ནས་དགོས་མིན་འདུག་

  3. སྐལ་ཚེ། says:
    2015-08-12 at 5:34 am

    ད་ཡང་དགེ་བཤེས་གཅིག་ཆབ་སྲིད་དུ་ཚང་ཁ་རྒྱག་འདུག ད་མགོ་ན་གིན

  4. ཇུང་ཏོག་ says:
    2015-08-12 at 5:47 am

    སྤྱི་འཐུས་གྲོས་ཚོགས་ནང་མི་ཡག་པོ་ནམ་ཡང་སླེབས་ཐུབ་ཀྱི་མ་རེད་གང་ལགས་ཞུས་ཆོལ་ཁའི་ཚོགས་པ་དང་ལུང་ཚན་གྱི་ཚོགས་པ་དེ་ཚོ་འཛིན་མཁན་གྱི་ཀླད་ལྗང་དེ་ཚོ་མ་རྫོགས་བར་སྤྱི་འཐུས་ལ་མི་ཡག་པོ་སླེབས་ཐབས་མེད་པ་རེད་།
    ད་དེ་ཚོའི་ཤུགས་རྐྱེན་ས་མཚམས་ནས་འགལ་ཏེ་སྲིད་སྐྱོང་གི་འོས་མི་ཡིན་ཟེར་ནས་ཚོགས་སྐྱིད་སྤྲེལ་ལས་པ་དེ་ཚོའི་སྟོན་ནས་མི་མང་དང་འོས་བསྡུ་ལས་ཁང་སོགས་ལ་དཀའ་ངལ་སྤྲོད་པ་རེད་།།།
    ཆོལ་ཁ་དང་ལུང་ཚན་གྱི་ཚོགས་སྐྱིད་དེ་ཚོའི་བལྟ་དགོས་ས་སོ་སོའི་ཁྱབ་ཁོངས་མི་དཀའ་ངལ་ཅན་ཚོར་བལྟ་རྟོགས་སྤུ་ཙམ་ཡང་མེད་པར་དབུས་བོད་མིའི་སྒྲིག་འཛུགས་ནས་གཟིགས་སྐྱོང་གནང་བཞིན་པ་
    རེད་།།།
    ཚོགས་སྐྱིད་འགའ་ཤས་ནས་རང་གི་ཁྱབ་ཁོངས་ས་མཚམས་ལས་འགལ་ནས་ཆོལ་ཁ་གཞན་གྱི་མི་སྲིད་སྐྱོང་གི་འོས་ལ་འདོན་གྱི་ཡོད་རེད་དེ་ཚོ་གཉེན་བྱམས་པའི་མཐོང་དུས་ངུ་དྲོ་།
    གདང་དགྲ་བོའི་མཐོང་དུས་ཡིད་འཚིམས་ཟེར་བའི་དཔེ་དེ་ཆགས་ཡོད་རེད་། མ་གཞི་ནས་ཆོལ་ཁའི་ཚོགས་པ་དང་ལུང་ཚན་སྐྱིད་སྡུག་སོགས་ཀྱི་སོ་སོའི་སྒྲིག་གཞིའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ལ་འོས་འདོན་ཆོག་པའི་ཆ་རྐྱེན་ཡོད་མེད་དེ་ཡང་འཐེ་འཚོམས་ནང་དུ་ལྷག་འདུག་ལ་བཅའ་སྒྲིག་གཉིས་ཀྱི་ནང་དུའང་གསལ་མེད་ན་ཁྲིམས་འགལ་ནས་སྒྲིག་འགལ་ལ་ངོས་འཛིན་བྱེད་ཆོག་པ་རེད་།།

  5. བཙན་པོ། says:
    2015-08-12 at 6:34 am

    ཕེ་ཕེ། ཡང་གྲྭ་རྒན་ཞིག་གིས་འཚང་ཁ་རྒྱག་གི་འདུག གྲྭ་གཟུགས་ཅན་ཞིག་གྲོས་ཚོགས་ར་བ་ནས་མཐོང་རྒྱུ་མེད་ན་དགའ་བ་ལ་དང་སྐྱིད་པ་ལ། ད་སྐབས་ང་ནི་གྲྭ་བ་ཞེད་སྣང་འདྲ་ཞིག་ཡོང་གི་འདུག གདན་ས་གསུམ་གཙོས་དགོན་སྡེ་ཁག་གི་ངེས་པ་དོན་གྱིས་དགེ་བཤེས་དེ་ཚོ་ཐོབ་དང་གོ་ས་ཟེར་བ་འདྲ་དགོས་པ་མ་རེད། མི་དགོས་པས་ད་བར་གྲོས་ཚོགས་སུ་དགེ་བཤེས་ཚད་ལྡན་ཅིག་ཡོང་མྱོང་མེད་ལ་ཡོང་གི་མ་རེད། འདི་ཚོ་སྲིད་སྟེགས་སུ་འཚང་ཁ་མ་རྒྱབ་ན་ཆོས་འཆད་ཉན་གང་ཞིག་ན་འཐུས་ཤོར་ཏུ་འགྲོ་གི་ཡོད་དམ། གྲྭ་གཟུགས་ཅན་ཞིག་གྲོས་ཚོགས་ར་བ་ནས་གཏན་དུ་མཐོང་རྒྱུ་མེད་པའི་སྨོན་ལམ་འདེབས།

  6. ཚེ་རིང་། says:
    2015-08-12 at 7:09 am

    ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་མི་བུ་གང་ཞིག་ང་ཚོའི་སྤྱི་འཐུས་གྲོས་ཚོགས་སུ་བསླེབ་དགོས་རུང་། ངོ་དགའ་སྤྲེལ་ལད་དང་གཞན་གྱིས་ཟེར་འགྲོས་ཁོ་ནའི་རྗེས་སུ་འབྲོང་མཁན་ཞིག་བསླེབ་མི་རུང་པ་དེའང་ང་ཚོས་ཅིས་ཤེས་དགོས་པར་སྣང་།

  7. ཇུང་ཏོག་ says:
    2015-08-12 at 9:46 am

    ཆོས་ལུགས་ཀྱི་སྤྱི་འཐུས་ནང་སེར་མོ་བ་མ་ཡོང་ན་མི་སྐྱ་ཡོང་དགོས་པ་རེད་པས་། སྤྱི་འཐུས་ནང་སེར་མོ་བ་བཀག་དགོས་ན་ཆོས་ལུགས་དང་འབྲེལ་བ་ཡོད་མགོ་སྙོག་ཆེན་པོ་བཟོ་གི་རེད་དོ་།

  8. བཙན་པོ། says:
    2015-08-12 at 12:07 pm

    ཇུང་ཏོག་ལགས། བཀའ་རྒྱུད་སྤྱི་འཐུས་སུ་ཡིན་ཤེས་ཀྱི་མེད་པ་འདྲ། མ་གཞི་ཆོས་རིག་བཀའ་བློན་ཡོད་བཞིན་དུ་ཆོས་རྒྱུད་མ་རྒྱུད་འདི་ཚོ་མེད་ན་ཡག་པ་ལ་ཨང་།

  9. ཐིག་ཆུ། says:
    2015-08-12 at 3:16 pm

    དགེ་འདུན་ཟེར་བ་འདི་་ལྷ་ཆོས་མི་ཆོས་གཉིས་ཀྱི་དབྱེ་བ་ཤེས་ཀྱི་མེད་པ་འདྲ་་་འདྲེ་འདི་ཡང་སྤྲེ་ལབ་ཁྲབ་ཤེས་ཡོད་པ་འདྲ། ཆོས་དང་སྲིད་་ཁ་ཁ་བྱས་ཏེ་བཤད་དགོས་པ་མ་གཏོགསས་་་ཆོས་སྲིད་བསྲེས་ན་རུལ་སྲུང་ཡིན།

  10. རིག་བའི་བུ། says:
    2015-08-12 at 3:32 pm

    གྲོགས་པོའི་གྲོགས་པོ་ལ་རྒྱབ་སྐྱོར་བྱས། མི་རིགས་ལ་བསམ་བློ་མི་བཏང་བ་འུར་བསྟོད་ཀྱིས་རྫུན་མ་བཤད་ཀྱིན་འདུག

  11. རང་བྱུང་རིག་པའི་རྡོ་རྗེ says:
    2015-08-13 at 3:05 am

    ཁོང་གི་སྐུ་པར་རྫིག་པོ་འདུག ངས་ནི་ཁོང་སྤྱི་འཐུས་ལ་འདེམས་སྐྱང་ཡིན་ད། ང་ཚོའི་སྲིད་སྐྱོང་ཡང་ཕོ་གསར་རྫིག་པོ་འདུག དེའི་ཕྱིར་ངས་ནི་ཁོང་འདེམས་ཀྱི་ཡིན། །

  12. ལྷ།བྱ་འཕུར་མ། says:
    2015-08-13 at 7:57 am

    དེང་སང་སྤྱི་འཐུས་འོས་མི་སྒེར་ངོས་ནས་བཞེངས་མཁན་དག་གིས་ངས་འཇོན་གྱི་ཡོད་དང་ངས་ཤེས་ཀྱི་ཡོད་སོགས་བརྗོད་པའི་ཐོག་ནས་སྤྱི་འཐུས་འོས་མི་ལངས་པར་བསྔགས་བརྗོད་ཡོད།

  13. འཇམ་གཅེས། says:
    2015-08-13 at 8:50 am

    ཆབ་སྲིད་ར་བའི་ནང་དུ་ལས་ཀ་ནི་ཆབ་སྲིད་ཀྱི་ལས་ཀ་བརྒྱ་ཆ་མཐོ་ཤོས་ཡིན་པས། དེ་ལ་སྐྱ་སེར་དབྱེ་འབྱེད་དགོས་པ་གང་ཡང་མེད། སྤྱི་ཚོགས་ལ་བཅངས་པའི་ལྷག་བསམ་དང་། རང་ཉིད་ལ་མངའ་བའི་ཤེས་ཡོན་དང་འཇོན་ཐང་སོགས་དགོས་ངེས་ཀྱི་ཆ་རྐྱེན་དག་དང་ལྡན་ཚེ། ད་ལྟའི་དུས་ཚོད་འདིར་ང་མིན་ཁྱོད་མིན་ཟེར་བའི་དུས་ཚོད་ཞིག་མ་ཡིན་པར། སྐྱ་སེར་དབྱེ་མེད་ཐོག་ནས་ངེས་པར་དུ་ཆབ་སྲིད་ཀྱི་ནང་དུ་ཞུགས་དགོས། ཆོས་པ་རྣམ་དག་ཡོང་མིན་ཟེར་བ་དེ་སྤྱི་འཐུས་གྲོས་ཚོགས་ཀྱི་མཚོན་པའི་ཆབ་སྲིད་དང་སྤྱི་ཚོགས་གང་ཐད་ནས་འབྲེལ་བ་མེད་པ་མ་ཟད། སྐྱེ་བོ་སྒེར་པ་མི་རེ་ངོ་རེ་ཐོག་ནས་ལག་བསྟར་དགོས་པའི་གནས་སྟངས་ཤིག་ཡིན་པས། དེ་ལ་ཆབ་སྲིད་དང་དཀྲུགས་ནས་ཇུས་གཏོགས་བྱེད་པ་ནི་དགོས་མེད་ཀྱི་བྱ་སྤྱོད་ཙམ་དུ་ཟད། སེར་མོ་བ་ཡིན་པས་རྒྱུ་མཚན་གྱིས་ཆབ་སྲིད་ཀྱི་ལས་ཀ་མི་འཇོན་པའི་ལྟ་ཚུལ་ཡིན་ན་ནི། ད་དུང་ཕྱོགས་རིས་ཀྱི་ནད་རྙིང་སྤངས་ཏེ་གཟུར་གནས་ཀྱི་བློ་མིག་འཐོབ་ཕྱིར་དུ་མཆོག་གསུམ་ལ་གསོལ་བ་ཡང་ཡང་ཐོབས་ཤིག། མདོར་ན་སེར་མོ་བ་མི་ཡིན་པས་ཆ་ནས་འགྲོ་བ་མི་ཡི་ཐོབ་ཐང་དང་། སྤྱི་ཚོགས་ཁྱོན་ཡངས་ཀྱི་ཉིན་རེའི་འཚོ་བའི་བྱེད་སྒོའི་ནང་དུ་ཆོས་ལུགས་དང་། ཆོས་ལུགས་མི་སྣ་ནི་ནམ་ཡང་མགོ་དང་འཇིངས་པ་འབྲལ་མི་རུང་བ་ལྟ་བུའི་གནས་སྟངས་ཤིག་ཡིན་པས། སེར་མོ་བ་དག་ལ་ཆོས་ལུགས་ཀྱི་ཐོབ་ཐང་དང་འགན་དབང་གང་ཐད་ནས་དམིགས་བསལ་ངེས་པར་དུ་ཡོད་དགོས། དེ་དག་ནི་གང་ཟག་སྒེར་གྱི་ཆོས་ཉམས་ལེན་དང་འབྲེལ་བ་གང་ཡང་མེད། ཅི་སྟེ་སེར་མོ་བའི་སྤྱི་འཐུས་ཉུང་ཤས་ཀྱི་ཀུན་སྤྱོད་ལ་གཞིག་ནས་སེར་མོ་བ་ཞིག་ཡིན་ཕྱིན་ཆད་སྤྱི་འཐུས་མི་འོས་པའི་ལྟ་ཚུལ་ཡིན་ན་ནི། སྐྱ་བོ་ཚོའི་ནང་དུའང་ལྐོག་ཟ་རུལ་སུངས་དང་། ཕྱོགས་རིས་འཐེན་འཁྱེར་གྱིས་བྱ་སྤྱོད་ཟམ་མ་ཆད་པར་ཡོང་བཞིན་པ་འདི་དག་དཀར་སར་འདོན་དགོས་དོན་གང་ཞིག་ཡིན་ནམ། སྤྱིའི་ཆ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལ་མཚོན་ན། སྤྱི་སེམས་དང་། ལྷག་བསམ། ཆབ་སྲིད་ཀྱི་གོ་རྟོགས། རིགས་གནས་ཀྱི་ཆུད་ཚད། ལྷག་པར་དུ་བོད་ཀྱི་ཐུ་མོང་མ་ཡིན་པའི་རིགས་གནས། མི་རིགས་ལ་ཤ་ཞེན་སོགས་ནི་སྐྱ་བོ་ཚོ་ལས་སེར་མོ་བ་ཚོ་དོ་སྣང་ཆེ་བ་དང་། གནས་ཚད་མཐོ་བ་ཡོད་པའང་སྤོབས་པ་མཐོན་པོའི་སྒོ་ནས་བརྗོད་ཐུབ། དེང་སྐབས་འཛམ་གླིང་གོ་ལ་ཧྲིལ་པོར་བོད་མིའི་ཆོས་དང་རིགས་གནས་ཟེར་ངོམ་རིན་ཡོད་པ་་དང་། མགོ་བོ་དགྱེར་བས་འགྲོ་ནུས་པ་འདིའི་འབྱུང་ཁུངས་གང་ལ་ཐུག་འདུག་མིན་ཞིབ་ཙམ་དཔྱོད། ཧི་ཧི་ཧི་ཧི་་་་་་་

  14. བཙན་པོ། says:
    2015-08-13 at 3:43 pm

    མགོ་རིལ་ཚོར་གནས་ལུགས་བཤད་ན་མི་གོ་ཚང་མས་མཁྱེན་གསལ་རེད། གྲྭ་གཟུགས་ཅན་ཞིག་གྲོས་ཚོགས་ར་བར་མི་དགོས་ཟེར་བ་དེ་ཙམ་འཐུས་པར་བྱ། མི་སྐྱ་ཚོས་ཅིག་ཅིག་ཉིག་ཉིག་བྱེད་ཀྱི་འདུག་ང་ཚོ་གྲྭ་བ་ཚོས་བྱེད་མ་ཆོག་པ་ཅི་རེད་ཟེར་འདོད་ཡོད་པ་འདྲ། ཁྱོད་ཚོའི་ཅོ་ཏོ་བཅད་ནས་དགོན་ལ་སོང་བའི་ཉི་མ་དེ་ནས་བཟུང་ཁྱོད་ཚོས་འདི་ལས་ཕྱི་མ་ཁྱིམ་ནས་ཁྱིམ་མེད་པར་དགོན་ལ་སོང་བ་མ་རེད་དམ། ཁྱོད་ཚོ་དགོན་ལ་སོང་བའི་ཉི་མ་དེ་ནས་བཟུང་ཁྱོད་ཚོ་ལ་ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན་པ་མ་བརྗད་པ་བྱོས། ནམ་ཞིག་ཁྱོད་ཚོས་མི་སྐྱ་ཚོས་བུད་མེད་ལ་འཛག་ན་ཆོག་དུས་ང་ཚོས་གྲྭ་ཕྲུག་ཚོའི་རྐུབ་ནང་འཛག་མ་ཆོག་མེད་ཟེར་ཉེན་འདུག

  15. རང་བྱུང་རིག་པའི་རྡོ་རྗེ says:
    2015-08-14 at 1:21 am

    ཆོས་བརྒྱུད་སོ་སོའི་སྤྱི་འཐུས་དགོས་པའི་དབང་དུ་བྱས་ན། དགེ་འདུན་པ་རྣམས་སོ་སོའི་ཆོས་བརྒྱུད་དེའི་སྤྱི་འཐུས་བྱེད་ན་ཧ་ཅང་གི་ལུགས་དང་མཐུན་པ་ཞིག་རེད། དེའི་སྟོབས་ཀྱིས་དགེ་བཤེས་ཁོང་ལ་རྒྱབ་སྐྱོར་ཡོད། །

  16. ངག་དབང says:
    2015-08-14 at 2:54 am

    གྲ་འཁྱམས་ཞིག་ཡང་སྐལ་མེད་ས་སྐེ་སྲང་ནས་ཅི་བྱེད་ འཇམ་གཅེས་ཟེར་བ་འདིས་སྐེ་འཐེན་རོགས་བྱེད་གི གྲྭ་གཟུགས་གྲོས་ཚོགས་རྭ་བའི་ནང་མཐོང་འདོད་མི་འདུག

  17. གཡུ་སྒང་དགེ་འདུན། says:
    2015-08-14 at 6:18 am

    སྤྱིར་ལྷ་ཆོས་མི་ཆོས་ངས་མི་ཤེས་མོད། འོན་ཀྱང་ཕྱོགས་དེ་གཉིས་ཀྱི་གང་གི་ཐད་ནས་བརྣབ་སེམས་གནོད་སེམས་དང་། རྫུན་ཕྲ་མ་གཡོ་སྒྱུ་ཕྲག་དོག་ཚིག་རྩུབ་སོགས་ཡག་པོར་མི་བརྩི་བ་དེ་ཤེས་ཀྱི་ཡོད། སྤྲེལ་ལད་ཁྲབ་ཤེས་ཟེར་ན་མི་ཤེས་མོད། ཁ་རུ་ཁ་ཐུག་བཤད་རྒྱུ་རང་གཤིས་ཡིན་ལ་དངོས་མིང་སྦེད་པའི་ལུགས་སྲོལ་ང་ལ་མེད། ཆོས་སྲིད་ཁ་ཁར་བཤད་པའི་སྐྱེ་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ང་ལ་མེད་དེ། ༸གོང་ས་མཆོག་གིས་ཆོས་སྲིད་ཀྱི་ཐད་ལ་གནང་བའི་བཀའ་སློབ་གང་འཚམ་ལ་མཇལ་མྱོང་ཡོད་ལ་རང་ཉིད་ཀྱི་ལམ་ཕྱོགས་ཀྱང་དེ་ག་རང་ཡིན། ཆོས་སྲིད་བསྲེས་ན་རུལ་སུངས་རེད་ཟེར་ན་མི་ཤེས་མོད། ཆོས་ཀྱིས་སྲིད་ཀྱི་རྒྱབ་རྟེན་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད།
    མཐའ་དོན། ཐིག་ཆུ་ཟེར་བའི་མིང་རྫུན་མ་ཅན་དེ་ལ་རེ་སྐུལ་ཞུ་རྒྱུ། དང་པོ་ཁྱེད་རང་གིས་མཆན་བཏབ་པའི་ཐིག་ཕྲེང་གཅིག་གི་ནང་དུ་ཡིག་ནོར་ག་ཚོད་ཡོད་པ་དེ་དག་ལ་བསམ་བློ་ཞིག་བཏང་སྟེ་གཞན་གྱིས་ཤེས་ཀྱི་ཡོད་མེད་ཀྱི་སྐོར་བཤད་རོགས་གནང་། འདི་(་)ལྷ་ཆོས འདྲ་(་་)འདྲེ ( སྤྲེ་ལབ) མ་(གཏོགསས་་་) (རུལ་སྲུང)
    ས་སྐྱ་ལེགས་བཤད་ལས། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ཉིད་བལྟ་ན་མེ་ལོང་དགོས།། ཞེས་པ་ལྟར་རེད། ཀུ་རེ་ཡིན་ག་རེ་བྱེད་ན་རང་དབང་རེད། ཧཧཧ་་་་་་་་། ཡིན་ནའང་རང་ངོས་ནས་རྗེས་ཕྱོགས་ཁོ་ལྟ་བུའི་རིགས་ལ་མི་སྨྲ་བའི་རྟུལ་ཞུགས་བཟུང་ན་ཡག་ཤོས་རེད། དུས་ཚོད་འཕྲོ་བརླག་རེད། བདེ་བར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme