Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་བསྡུའི་སྒྲིག་གཞིར་དགོངས་འཆར་ག་རེ་ཡོད་ན་འབུལ་རོགས།

Posted on 2016-06-232016-06-24 By ཁ་བརྡ 25 Comments on འོས་བསྡུའི་སྒྲིག་གཞིར་དགོངས་འཆར་ག་རེ་ཡོད་ན་འབུལ་རོགས།

ཡོང་ཁུངས། བོད་ཀྱི་དུས་བབ།

 
བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐད་དགོངས་འཆར་ག་རེ་ཡིན་ནའང་ཡིག་ཐོག་ཏུ་བཀོད་དེ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་ནང་ཚུན་དུ་ཚོགས་དྲུང་ལས་ཁུངས་ལ་འབུལ་རོགས།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་གི་གྲོས་ཆོད་གཞིར་བཟུང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཚོགས་གཙོ་སྤྲེལ་པོས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་མི་ལྔ་སྟེ། ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དྲུང་ཆེ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། སྤྱི་འཐུས་པདྨ་འབྱུང་གནས་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་བསྐོ་བཞག་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་བཟུང་འཆར་ཟིན་ཚོགས་ཆུང་ནས་བསྐྱར་ཞིབ་ཀྱི་ཕྱག་ལས་དབུ་འཛུགས་གནང་ཡོད་འདུགIMG_2283

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བའི་ཐོག་འཆར་ཟིན་ཚོགས་ཆུང་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་བཀོད་ཡོད་པའི་ནང་། འོས་བསྡུ་དང་འབྲེལ་བའི་དོན་གནད་གཉིས་ཏེ་བར་ལམ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་དཀའ་ངལ་འཕྲད་པ་ལ་གཞིགས་ནས་འོས་བསྡུའི་སྒྲིག་གཞི་ལ་དུས་བསྟུན་ལེགས་བཅོས་གནང་སྒོ་ཇི་ཡོད་དང་། མ་འོངས་པར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྤྱི་སྒེར་སུ་ཐད་ནས་འོས་གཞི་འདོན་ཕྱོགས་ཇི་དགོས་ཐད་མང་ཚོགས་ནས་དགོངས་འཆར་བསྡུ་རུབ་ཞུ་རྒྱུ་ཡིན་སྟབས། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྔོན་ལ་བསམ་འཆར་འབུལ་མཁན་གྱི་མིང་རྟགས་དང་ཁ་བྱང་བཅས་ཚང་བའི་དགོངས་འཆར་ཇི་ཡོད་ཡིག་ཐོག་ཏུ་བཀོད་དེ། དོ་བདག་སོ་སོས་ཚོགས་དྲུང་ལས་ཁུངས་སུ་ཐད་ཀར་འབུལ་འབྱོར་དགོས་སྐོར་གསུངས་འདུག

གསར་འགོད་པ། པདྨ་མཚོ།

གསར་འགྱུར།

Post navigation

Previous Post: ནོར་འཁྲུལ་ལ་སྐྲག་པའི་བོད།
Next Post: ཡ་མཚན་གཉིས། ཐན་ལྟས་གཅིག

Comments (25) on “འོས་བསྡུའི་སྒྲིག་གཞིར་དགོངས་འཆར་ག་རེ་ཡོད་ན་འབུལ་རོགས།”

  1. ཅང་ཤེས་རྟ་མཆོག says:
    2016-06-24 at 12:40 am

    འདྲེ་ནུབ་ལ་བཞག་སྟེ་གཏོར་མ་ཤར་ལ་ཟེར་བའི་དཔེ་རང་རེད། ད་ཐེངས་བཀྲིས་མ་ཤིས་པ་དང་སྤྱི་ཚོགས་བརྡབ་གསིག་ཐེབས་འཇུག་མཁན་དེ་སྲིད་སྐྱོང་སློབ་བཟང་གི་ངོ་ཚ་ཁྲེལ་མེད་ཀྱི་བྱེད་སྤྱོད་ལས་བྱུང་བ་ལས། འོས་བསྡུའི་སྒྲིག་གཞིས་ལན་པ་གང་ཡང་མེད། ད་དུང་ཡར་༧གོང་ས་མཆོག་དང་མར་མི་མང་མང་ཚོགས་ལྐུག་པའི་སར་བཞག་སྟེ་འཁྲབ་སྟོན་འདིས་རིགས་ཀྱི་ཁུངས་འཁྱོལ་ཐུབ་བམ།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-24 at 1:58 am

    མང་གཙོའི་འཕེལ་རིམ་ (Democracy system).ནང་ཁྲིམས་ཀྱི་དབང་བསྒྱུར་(Rule of law) དེ་གལ་ཆེན་ཡིན་པ་དང་ དམངས་གཙོའི་འཕེལ་རིམ་(Proletarain system) ནང་གྲལ་རིམ་གྱི་
    དབང་བསྒྱུར་(Rule of.class)ད་གལ་ཆེན་ཡིན་པ་དང་ང་ཚོའི་ཆབ་སྲིད་ལམ་ལུགས་དི་མི་མང་མང་
    གཙོའི་ལམ་ལུགས་ཡིན་ན་འགོ་ནས་འཇུག་བར་ཚང་མ་ཁྲིམས་ཀྱི་འོག་ཏུ་གནས་དགོས་པ་ལས་
    སུ་གཅིག་ལ་དམིགས་གསལ་མེད་ན་འོས་བསྡུའི་སྒྲིག་གཞི་ཙམ་མ་ཟད་བཅའ་ཁྲིམས་ལའང་བསྐྱར་བཅོས་འགྲོ་དགོས་པ་ནི་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་དོན་ལ་གནས་དགོས་པ་དང་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་དེ་
    ཁྲིམས་ཀྱི་དབང་བསྒྱུར་འོག་མི་འཚོ་ཐུབ་པའི་ཆེད་དབུས་བོདྈམིའི་
    སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་
    མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་རྣམ་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པ་གཞུང་འབྲེལ་དང་གཞུང་འབྲེལྈམ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་བཅའ་སྒྲིག་བསྐྱར་ལ་ཞོག་འདེགས་ཐུབ་དགོང་འཆར་ཇི་ཡོད་དུས་ཐོག་འབུལ་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་དང་རང་གི་བསར་འཆར་ཁག་རིང་མིན་ཚོགས་ལས་ཁུང་ལ་དྲ་རྒྱའིྈབརྒྱུད་ཕུལ་ཆོག་པ་ཞུ་།
    སླར་སྨྲས་པ་།
    ཁྲིམས་ཀྱི་དབང་བསྒྱུར་མང་གཙོའི་སྲོག་རྩ་དང་།
    གྲལ་རིམ་དབང་བསྒྱུར་དམངས་གཙོའི་སྲོག་རྩ་རེད་།
    དེ་གཉིས་མ་ནོར་མང་གཙོ་བསྲ་བརྟན་ཐུབ་།
    དེ་གཉིས་ནོར་ན་མང་གཙོ་དམག་ཚོར་རྒྱུར་།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-24 at 2:08 am

    ནོར་བཅོས་དང་པོ་(ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་ཚང་མ་འཚོ་ཐུབ་པ་)
    ནོར་བཅོས་གཉིས་པ་(བཅའ་སྒྲིག་བསྐྱར་བཅོས་ལ་)
    ནོར་བཅོས་སུམ་པ་(ཞོག་འདེགས་ཐུབ་པའི་)
    ནོར་བཅོས་བཞི་པ་(རང་གི་བསམ་འཆར་)

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-24 at 2:11 am

    ནོར་བཅོས་ལྔ་པ་(ཚོགས་དྲུང་)

  5. བསོད་ནམས། says:
    2016-06-24 at 3:40 am

    གང་ཟག་གི་དབང་བསྒྱུར་མེད་པར་ཁྲིམས་ཀྱི་དབང་བསྒྱུར་ངོ་མ་ཞིག་ལ་འགྲོ་ཐུབ་ན་དེའི་འཐུས། ད་ལྟའི་བར་འོས་བསྡུའི་རྙོག་གླེང་ཡོད་ཚད་ནི་གང་ཟག་གི་དབང་བསྒྱུར་འོག་ནས་བྱུང་བ་རེད།

  6. བླ་མ། says:
    2016-06-24 at 5:12 am

    འོས་བསྡུའི་སྒྲིགས་གཞི་ངོ་མ་དྲྭ་ཐོག་འགྲེམ་སྤེལ་བྱས་པ་ཡིན་ན་བསམ་འཆར་འདོན་པར་ཕན་ཐོག་ཆེན་པོ་ཡོད། དེ་མིན་འོས་བསྡུའི་སྒྲིག་གཞིའི་ནང་དུ་ག་རེ་ཡོད་མེད་མི་དམངས་ཀྱི་ཧ་གོ་གི་མེད་པས། བསམ་འཆར་ག་རེ་འདོན།།

  7. ཅོ་རི་ཉི་མ། says:
    2016-06-24 at 5:19 am

    དམངས་གཙོའི་ཀ་བ་གསུམ་གྱི་ནང་ནས་རང་དབང་ཞེས་པའི་ཁྱབ་ཁུངས་སུ་ཡོད་པའི་སྨྲ་བརྗོད་རང་དབང་ལ་བཙན་བྱོལ་སྤྱི་ཚོགས་ནང་དུ་འོས་བསྡུའི་སྐབས་སུ་བརྩི་སྲུང་ཡག་པོ་བྱས་མ་སོང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གཉིས་པའི་དོན་ཚན་གཉིས་པའི་ནང་དུ་《གཏམ་བརྗོད་》རང་དབང་ཡོད་ཅེས་བཀོད་ཡོད།

    འོས་བསྡུའི་སྐབས་སུ་ཚོགས་ཁག་རེ་གཉིས་ཀྱིས་གཏམ་བརྗོད་རང་དབང་ལ་རྡོག་རོལ་བཏང་ཡོད། བོད་རང་བཙན་ཕྱོགས་ཁག་གི་འོས་མི་རྒྱལ་གཅེས་པ་ཀླུ་བྱམས་ཀྱི་གཏམ་བརྗོད་རང་དབང་ལ་བཀག་འགོག་བྱས་ཡོད། དེ་ཡང་ཀྲི་སི་ཝིས་སློབ་གྲྭ་དང་ཏྭ་ལའི་བླ་མའི་མཐོ་སློབ། རྒྱུད་སྨད་གྲྭ་ཚང་བཅས་ཀྱིས་དབུ་མའི་ལམ་གྱི་ཕྱོགས་ཁག་གི་སྲིད་སྐྱོང་འོས་མི་གཏམ་བཤད་བྱས་མཁན་ཡོང་བཅུག་ཡོད་ཀྱང་བོད་རང་བཙན་ཕྱོགས་ཁག་གི་སྲིད་སྐྱོང་འོས་མི་གཏམ་བཤད་བྱས་མཁན་ཡོང་བཅུག་མེད།

    སྨྲ་བརྗོད་རང་དབང་ལ་རྡོག་རོལ་བཏང་མཁན་གྱི་ཚོགས་ཁག་དེ་དག་གིས་རང་དང་ལྟ་གྲུབ་མཐུན་པའི་འོས་མི་གཏམ་བཤད་བྱས་མཁན་ཡོང་བཅུག་པ་ལས་རང་དང་ལྟ་གྲུབ་མི་མཐུན་པའི་འོས་མི་གཏམ་བཤད་བྱས་མཁན་ཡོད་བཅུག་མེད་པ་དེ་ནི་གཙོ་དམངས་ལམ་ལུགས་ཡོངས་སུ་འགལ་བ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཡང་འགལ་ཡོད།

    འོས་བསྡུའི་སྒྲིག་གཞིར་སྒྱུར་བཅོས་གཏོང་རྒྱུ་ཡོད་ན་ཆོལ་ཁ་གཅིག་མིན་དང་ལྟ་གྲུབ་མཐུན་མིན་གྱིས་དབྱེ་འབྱེད་མེད་པའི་ཐོག་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་རྣམས་ལ་སྨྲ་བརྗོད་རང་དབང་འདྲ་མཉམ་ཡོང་ཐུབ་པའི་སྒྲིག་གཞི་ཞིག་བཟོ་ཐུབ་ན་དགེ་མཚན་ཆེ་བ་སེམས།

    དཔེར་ན་་་ཀྲི་སི་ཝིས་སློབ་གྲྭ་དང་ཏྭ་ལའི་བླ་མའི་མཐོ་སློབ། རྒྱུད་སྨད་གྲྭ་ཚང་སོགས་གང་ཟག་གི་དབང་སྒྱུར་གྱི་འོག་ཏུ་ཡོད་པའི་ཚོགས་ཁག་དེ་དག་གིས་བྱས་སྟངས་ལྟར་འོས་མིར་དབྱེ་འབྱེད་བྱས་ནས་བཏམ་བཤད་བཀག་འགོག་བྱས་པ་ཡིན་ན་ཚོགས་ཁག་དེ་དག་གི་སྐབས་དེར་འོས་འཕེན་མི་ཆོག་པའི་སྒྲིག་གཞི་བཟོས་ན་ཡག་པོ་འདུག

    ལྟ་གྲུབ་མཐུན་པ་དང་མི་མཐུན་པ། ཆོལ་ཁ་གཅིག་པ་དང་མི་གཅིག་པ། རང་ཕྱོགས་ཡིན་པ་དང་མིན་པ་ཡོངས་ཀྱི་གཏམ་བརྗོད་རང་དབང་འདྲ་མཉམ་དགོས་པ་ནི་སྤྱི་དམངས་གཙོའི་ལམ་ལུགས་རེད་ལ་ཡར་རྒྱས་ཀྱི་མདུན་ལམ་ཡང་རེད

    མདོ་ན་སྲིད་སྤྱི་གཉིས་ཀྱི་འོས་མི་ཡོངས་ཀྱི་གཏམ་བརྗོད་རང་དབང་འདྲ་མཉམ་ཡོང་ཐུབ་པའི་འོས་བསྡུའི་སྒྲིག་གཞི་ཞིག་དགོས་པ་ནི་གལ་ཆེ་རེད་ཅེས་ཞུ་རྒྱུ་ཡིན།

  8. ཨ་ཁུ་འབྲོག་པ། says:
    2016-06-24 at 1:45 pm

    ༄། །རྟ་རྒྱུགས་ཚར། རྡུལ་ཡལ་ཚར་ཟེར་བ་ལྟར་འོས་བསྡུའི་སྐབས་འོས་བསྡུའི་སྒྲིག་གཞིར་མ་བརྩིས་པར། མ་རབས་ཡོད་ཚད་འཁྲབ་ཏེ་ཁེ་བཟང་ཡོད་ཚད་རག་ཟིན་མཚམས། མ་འགྲིགས་པ་ཐམས་ཅད་འོས་བསྡུའི་སྒྲིག་གཞིས་མ་འགྲིགས་པ་བཟོ་ཐབས་དང་། ༧གོང་ས་མཆོག་དང་མི་མང་དབུ་སྐོར་ཞུ་ཕྱིར། མ་འོངས་ལོ་ལྔའི་རྗེས་ནས་ཡོང་རྒྱུའི་འོས་བསྡུའི་སྒྲིག་གཞི་བཟོ་ཟེར་པ་ནི། ལོ་ལྔ་ཕུལ་ཆེད་ཀྱི་ལས་འཆར་བསྒྲིགས་པ་ཙམ་རེད།

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-24 at 4:18 pm

    མ་གཞི་ནས་འོས་བསྡུ་སྐབས་ཀྱི་བྱ་སྤྱོད་རྣམས་ཐེར་འདོན་བྱས་འདོད་མེད། གང་ལགས་ཞེ་ན། རྟ་རྒྱུགས་ནས་རྡུལ་ལངས་ཟིན་པ་རེད། འོན་ཀྱང་འོས་བསྡུ་སྐབས་མ་འོས་པ་ཚང་མ་སྲིད་སྐྱོང་བློ་སེང་གིས་བཟོས་པ་རེད་ཟེར་ན་ངོས་ལེན་རྩ་བ་ནས་མེད། རྙོག་གླེང་སུས་བྱས་མིན་ཐེར་འདོན་བྱ་འདོད་ན་མི་དང་མི་གདོང་ཐུག་ནས་ར་སྤྲོད་གཏོང་ཆོག་་་་་་གང་ན་འཛོམས་དགོས་ན་གྲ་སྒྲིག་ཨང་གསར་ཡོད་གདའ། དེ་ཤེས་པར་གྱིས། བུ་ཁྱིམ་སློབ་གྲྭ་གཙོས་མཐོ་སློབ་ཁག་ནང་རང་བཙན་ལྟ་གྲུབ་ཡོད་མཁན་རྣམས་གཏམ་བཤད་རང་དབང་བཀག་མཁན་རྗེ་བཙུན་པདྨ་རེད། དེར་ཁུངས་དང་དཔང་རྟགས་ཡོད་གདའ། བློ་སེང་དམངས་ཀྱིས་འོས་འདེམས་ཐོག་ནས་ཡང་བསྐྱར་སྲིད་སྐྱོང་ལ་ཐོབ་ཙང་ད་དུང་ཡང་མྱི་ངན་རེ་ཟུང་གིས་མ་འོས་པ་དེ་འདྲ་གཞི་མེད་སྐྱོན་འཛུགས་བྱས་བཞིན་འདུག་གདའ། དེ་ཚོར་བདེན་རྟགས་ཡོད་དམ། ཡོད་ན་རེ་རེ་བཞིན་ཁུངས་སྐྱེལ་དང་དགའ་བསུ་ངང་དྭངས་ལེན་ཡོད། དཔེར་ན་དྲ་ཐོག་ཏུ་བཀའ་ཟུར་ཚོ་རྒྱལ་བ་མཆོག་མཇལ་ཁ་སྐབས་༼གསང་བའི་བཀའ་མོལ་རེད༽ཟེར་བ་དེར་དོན་ངོ་མ་གོང་ས༧མཆོག་གི་གསུངས་ཡོད་དམ་མེད། ཡོད་ན་མིང་དང་འགྲེམ་སྤེལ་བྱ་མཁན་དངོས་སུ་དོན་མི་ཐུབ་པར་རྒྱུ་མཚན་གང་ཡིན་ནམ། བཀའ་མོལ་འདི་གོང་ས༧ མཆོག་གི་གསུངས་ཡིན་ན་གསལ་པོ་བཟོས་དང་དེ་ནས་གང་དགོས་བལྟ་ཆོག་གི་རེད་དོ།།

  10. ྸཨ་འབར་འཇིགས་དབང། says:
    2016-06-25 at 12:27 am

    ༅༅། དེ་རིང་འདིར་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ཡོད་ན་བཤད་འབུལ་དགོས་པ་ལས་དེ་མིན་རང་དགའ་གཞན་སྡུག་གི་སྐྱོན་བརྗོད་བྱེད་ས་མ་རེད།
    ཐད་ཀར་བསམ་འཆར་ཡོད་ན་ཤོད་། དེ་མིན་ཁ་རྕུམ་ནས་སྡོད་།་ སྟོང་བཤད་རྒྱག་མི་དགོས།
    བཤད་རྒྱུ་སུ་ལའང་ཡོད། འཇོན་མདོག་ཤེས་མདོག་མ་བྱེད།

  11. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-25 at 1:21 am

    ཨཾ་འབར་ལགས། འོས་བསྡུ་སྒྲིག་གཞི་སྐོར་ལ་བཤད་ན་གང་ཟག་གིས་དབང་སྒྱུར་འོག་འགྲོ་མི་དགོས་པའི་ཁྲིམས་སྒྲིག་གཅིག་བཟོས་དང་དེ་ལས་དགོས་མ་རེད། ཡིན་ནའང་ཁག་པོ་རེད། མ་གཞི་ཁྱོད་རང་གིས་ལག་ལེན་ཅིག་བརྟར་དང་་་་་་་

  12. རྒྱ་གར་རྨ་བྱ། says:
    2016-06-25 at 5:24 am

    སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ http://www.chitu.org ཁ་བྱང་ཁྲིམས་སྒྲིག་ཟེར་བའི་ནང་བཅའ་ཁྲིམས་དང་འོས་བསྡུ་ཡི་སྒྲིག་གཞི་ཆ་ཚང་གསལ་ནས་འདུག་པས་དེར་གཟིགས་ནས་དགོངས་འཆར་གནང་ན་དགེ་ཕན་ཆེན་པོ་རེད། དེ་མིན་བསྙོན་འཛུག་མང་ན་ཡག་པོ་མིན།

  13. BONPO says:
    2016-06-25 at 7:20 am

    ཚོགས་གཙོ་་་་་སྦྲེལ་པོ་་་་་ཟེར་བའི་ཚིག་འདི་བོད་སྐད་ཚད་ལྡན་ཞིག་ཡིན་ནམ། ཚིག་འདི་འདྲ་ཆགས་པོ་འདུག་གམ། བརྡ་དག་མཁས་དབང་ཚོ་ལ་དགོངས་ཚུལ་གང་ཡོད་དམ། །

  14. དྲང་སྲོང says:
    2016-06-25 at 9:10 am

    ཚོགས་གཙོ་སྤྲེལ་པོ་ཟེར་ན་སུ་རེད་…

  15. བསྟན་འཛིན། says:
    2016-06-25 at 9:28 am

    གོང་དུ་ཁག་ཅིག་གིས་གསུངས་པ་ལྟར་གང་ཟག་གིས་དབང་སྒྱུར་མ་ཡིན་པ་དང་རྒྱ་ནག་ཚང་གི་ཁྲིམས་ལུགས་ལྟར་མིན་པའི་དོན་དངོས་ཀྱི་ཁྲིམས་ལུགས་ཞིག་གིས་སྤྱི་ཚོགས་སྐྲུན་ཐུབ་ན་ལེགས། གང་ཟག་གཅིག་བཅའ་ཁྲིམས་ཀྱི་གོང་དུ་ཡོད་བཞིན་དུ་ཁྲིམས་ཀྱིས་དབང་སྒྱུར་བའི་ལམ་ལུགས་ཞིག་ཡོང་རེ་ཡོད་རྒྱུ་མ་རེད། དཔེར་ན། ད་ལོའི་འོས་སྡུར་དང་འབྲེལ་བའི་བཙན་བྱོལ་ཚང་ལ་འཁྲུགས་རྐྱེན་དེ་ཚོ་གང་ཟག་གཅིག་གི་ས་ནས་ཡོང་སྡོད་པ་གསལ་པོ་རེད།

  16. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-25 at 10:26 am

    ཚོགས་གཙོ་སྦྲེལ་པོ་ཟེར་ན་ཐུན་མོངས་ལ་གོ་དགོས་།
    སྔར་བོད་ས་མ་ཤོར་སྐབས་རྫོང་སྡོད་སྦྲེལ་པོ་དང་ལས་སྣེ་སྦྲེལ་པོ་སོགས་ཐུན་མོངས་ཀྱི་འགན་འཁུར་མཁན་ལ་གོ་དགོས་པ་སྦྲེལ་ནི་མཛུབ་མོ་སྦྲ་བའི་སྦྲེལ་བ་ལྟབུ་མཉམ་དུ་སྦྲེལ་བ་ལ་གོ་དགོས་སོ་བོད་སྐད་ངོ་མ་ཡིན་ནོ་།

  17. ཅོ་རི་ཉི་མ། says:
    2016-06-25 at 10:27 am

    ཨོ་རེད་་་ད་དུང་ཡ་རབས་བཟང་སྤྱོད་ཅན་ཡིན་ན་ཅིག་བཤད་ཀྱི་ཡོད་པ། འཛམ་གླིང་ཐོག་ཏུ་སྤྱོད་པ་ངན་ཤོས་ཀྱི་མི་དེས་ཁྲིམས་འཁུར་གྱི་མ་རེད། ས་གནས་ཡུལ་ཁྲིམས་ལ་རྩིས་བཀུར་བྱེད་ཀྱི་མ་རེད། ཁྲིམས་མེད་ལུགས་མེད་བྱེད་མཁན་གྱི་མི་དེ་ལ་སྤྱོད་ངན་ཟེར་བ་རེད། དཔེར་ན། སི་སུད་ལྟ་བུ་ཡིན་ནའང་ཡུལ་མི་ཚོས་ཡུལ་ཁྲིམས་ལ་རྩིས་བཀུར་བྱེད་ཀྱི་རེད། ཡུལ་ཁྲིམས་མི་འཁུར་མཁན་གྱི་མི་ལ་སྤྱོད་ངན་དང་ཡ་རབས་བཟང་སྤྱོད་མེད་མཁན་ཞིག་ལ་བརྩི་ཡི་རེད།

    ཉམ་ཐག་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཡིན་བཞིན་དུ་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་མི་འཁུར་མཁན་གྱི་མི་དེ་སྤྱོད་ངན་ག་འདྲ་ཞིག་མིན་ནམ། ཡ་རབས་བཟང་སྤྱོད་མེད་པའི་མི་ངན་ག་འདྲ་ཞིག་ལ་བརྩི་དགོས་སམ་་་་་སོ་སོས་སོ་སོ་ལ་དྲི་བ་ཐོངས།

  18. ཨ་རོགས་ཁམས་ཕྲུག says:
    2016-06-26 at 7:50 am

    ཀ་བ་གསུམ་སོ་སོའི་འགན་ཁྱེར་ནས་ལས་དོན་བྱས་ན་བཟང་། ཁྲིམས་བཟོ་ལྷན་ཚོགས་སམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་མི་མང་ནས་འོས་བསྡུས་ཟིན་ཙམ་མ་རེད་པས། མི་མང་སྐུ་ཚབ་ཀྱིས་མི་མང་ཚབ་མཚོན་གྱི་ལས་དོན་མི་སྒྲུབ་པར་མི་མང་ལ་ཁྲིམས་འཆར་ཁྱེར་ཤོག་ཟེར་བ་ནི་དགོད་བྲོ་བ་རང་རེད།

  19. ྸཨ་འབར་འཇིགས་དབང། says:
    2016-06-28 at 12:02 am

    ༅༅། དེ་རིང་ངས་ཞུ་རྒྱུ་ཞིག་ལ། སྤྱི་འཐུས་གྲོས་ཚོགས་ནས་ཤར་གླིང་ཟླ་སྒྲོན་ལགས་བཀའ་ཤག་ལ་
    མནའ་མར་བཏང་པ་དེ་ཟླ་གསུམ་ཡས་མས་བར་བཀའ་ཤག་ནས་ངོས་སུ་མ་བཞེས་པར་ཕྱིར་
    འཐེན་གནང་ཞིང་སླར་མནའ་མ་རང་འཇགས་ལེན་རྕིས་ཡོད་ཚོད་ལ།
    སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་ལ་ཞིབ་པར་གཟིགས་དགོས་པ་ལས་སྔོན་ལྟར་འཐམ་མེ་
    འཐོམ་མེ་གནང་ན་མང་ཚོགས་ནས་སྤྱི་ལྷན་ལ་བརྕི་མཐོང་མེད་པ་ཆགས་ཉེན་འདུག་པ་དེ་དོན་
    དགོངས་འཇགས་ཞུ།

  20. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-06-28 at 2:44 am

    ཧཧཧ་་་་ཐམ་མེ་ཐོམ་མེ་ཟེར་ན་དོན་རྡོག་ཤར་གླིང་ལགས་བཀའ་བློན་ལ་འཇོག་མི་ཉན་ཟེར་བ་མ་རེད་དམ། མྱི་ངན་ཁྱོད་ཚོ་མགུ་བའི་དུས་ཅིག་ཤར་རྒྱུ་ཡོད་མ་རེད་དོ།།

  21. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-28 at 4:04 am

    འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་ངེས་པར་འགྲོ་
    དགོས་པ་གཅིག་རང་ལོ་ཧྲིལ་པོ་ཟེར་བ་དེ་རེད་དེ་ལ་
    ཕྱི་ལུགས་ཀྱི་རྩི་སྟངས་ང་ཚོ་བོད་པ་རང་གི་རིག་གཞུང་དང་འབྲེལ་བའི་རྩི་སྟངས་བཅས་ཁག་གཉིས་ཡོད་པ་དེ་
    གཉིས་གང་ལ་རྟེན་འཁེལ་ཡང་བཅའ་སྒྲིག་ནང་གསལ་དགོས་པ་དང་གཉིས་པ་དེ་ལོ་ཧྲིལ་པོ་ལོན་ཡོད་མེད་དེ་ཟླ་བ་དང་ཉི་མ་ཆུ་ཚོད་སྐར་ཆ་སོགས་རྩི་དགོས་པ་དེ་ཡང་བཅའ་སྒྲིག་གཉིས་ནང་གསལ་དགོས་པ་དང་གསུམ་པ་དེ་འོས་འཕེན་རང་ལོ་18 ལོན་ཡོན་མེད་དང་འོས
    ་གཞི་ལ་ལངས་མཁན་རང་ལོ་25 དང་རང་ལོ་35 བཅས་ཚང་མ་ལ་གཅིག་བསྒྱུར་གྱི་གཟིགས་དགོས་པ་ལས་འདི་ལོ་བཀའ་ཤག་གི་བཀའ་བློན་ཤར་གླིང་ཟླ་སྒྲོན་གྱི་ལོ་ལོན་ཡོད་ཙམ་ལས་འོས་འཕེན་རང་18ལོན་པ་དེ་ཚོ་ལ་ཟླ་བ་དང་ཉི་མ་ཆུ་ཚོད་དང་སྐར་ཆ་སོགས་ལ་ཐུགས་གནང་མི་འདུག་ན་ཁྲིམས་བཟོ་གི་ཕྱག་ལས་ཡོངས་རྫོགས་འདྲ་མཉམ་དང་དྲང་བདེན་གྱི་སྟངས་འཛིན་གནང་དགོས་པ་ལས་གཡག་ཞ་ར་གི་རྩ་ཟ་བ་ནང་བཞིན་མིན་པ་ཞིག་ངེས་པར་དུ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་དོན་ལ་གནས་མི་དགོས་པ་ཡིན་ནམ་?

  22. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-29 at 3:28 am

    བཅའ་ཁྲིམས་དོན་ཚན་གསུམ་པ་ཆབ་སྲིད་ཀྱི་རང་
    བཞིན་ཟེར་བའི་ནང་མང་གཙོ་སྤྱིའི་ལྟ་གྲུབ་དང་མཐུན་པའི་ཐ་སྙད་ཡུལ་མིའི་རྒྱལ་ཁབ་( Republic)
    ཟེར་བ་དེ་འཁོད་ཡོད་པ་དང་དེའི་གོ་དོན་ཡང་རྒྱལ་ཁབ་
    དང་སྲིད་གཞུང་གི་འགོ་འཁྲིད་དེ་མི་མང་ནས་འདམས་པའི་མི་ཞིག་དགོས་པ་ལྟར་(The head of Nation
    and head of state is elected by people) དགོས་པ་
    ལྟར་གོང་ས་མཆོག་ནས་སྲིད་དབང་མི་མང་ལ་གནང་སྐབས་སྤྱི་འཐུས་གྲོས་ཚོགས་སུ་གསུང་འཕྲིན་ཕེབས་པའི་ནང་དུ་ཡང་བཅའ་ཁྲིམས་ནང་ཡུལ་་མིའི་རྒྱལ་ཁབ་འཁོད་པ་ལྟར་དེ་དང་ཕྱོགས་མཐུན་དགོས་སྐོར་གསལ་སྟོན་གནང་ཡོད་ན་ཡང་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ལ་ཁ་མ་ཕྱོགས་པ་དང་སྐུ་དབང་མི་མང་ལ་གནང་ཚར་བའི་རྗེས་ནས་ཡུལ་མིའི་རྒྱལ་ཁབ་ཟེར་བའི་རིན་ཐང་ཅན་གྱི་མང་གཙོའི་ཐ་སྙད་དེ་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་ནས་བཅའ་ཁྲིམས་བསྐྱར་གནང་འདུག་ན་
    ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདིའི་འབྱུང་ཁུང་དང་གོ་དོན་སོགས་ད་ལྟ་བར་ཤེས་ཐུབ་མ་སོང་ན་ང་ཚོའི་མང་གཙོ་དེ་ཡར་འཐོན་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་རྒྱུའི་མངོན་འདོད་དང་ཡིད་ཆེས་དེ་བཙན་བྱོལ་གྲོས་ཚོགས་ཡོད་ན་དེ་སྔའི་ཐ་སྙད་ཡུལ་མིའི་རྒྱལ་ཁབ་རང་སོར་བསྐྱར་བཅོས་དགོས་པ་དེ་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཀྱི་སླབ་བྱ་ནན་པོ་ཞིག་ན་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་ཡིད་ཆེས་དང་དགའ་ཞེན་རྩི་བཀུར་ཉམས་ལེན་གནང་མཁན་གྱི་བོད་མི་ཚང་མས་ཐུགས་སྣང་དང་དཔྱད་ཞིབ་ནན་པོ་གནང་དགོས་པའི་འབོད་བསྐུལ་ཡང་ཞུ་འདེད་བྱུང་།

  23. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-29 at 3:50 am

    ནོར་བཅོས་དང་པོ་ བཅའ་ཁྲིམས་བསྐྱར་(བཅོས་)
    ནོར་བཅོས་གཉིས་པ་ གྲོས་ཚོགས་(ལ)
    ནོར་བཅོས་གསུམ་པ་ ཞིག་(ཡིན་)

  24. BONPO says:
    2016-06-29 at 8:05 am

    ཆེས་མཐོའི་ཚོགས་གཙོ་རྣམ་པ་གཉིས་ལ་་་་སྦྲེལ་་་་ཞེས་པའི་ཚིག་འདི་སྦྱར་བ་ཡིན་ན་ཁྱད་མཚར་པོ་འདྲ་ཞིག་མི་འདུག་གམ། དོན་དག་ཞིག་གོ་རྒྱུ་ཡོད་ནའང་ཚིག་སྐྱོན་ཏོག་ཙམ་འདུག་བསམ་གྱི་ཡོད། ཡིན་ནའང་མི་མངས་པོས་ཞིབ་བསྡུར་བྱས་ནས་ཚིག་འདི་བཞག་པ་ཡིན་གྱི་རེད། ཡང་མིན་ན་མིང་ཚིག་གཞན་མ་བརྙེད་པ་ཡིན་འགྲོ། ཡང་མིན་ན་མི་གཅིག་གིས་གང་གསུངས་པ་དེ་ཡིན་ཤག་བྱས་ནས་བཞག་བཞག་པ་ཡིན་འགྲོ། ང་ནི་མིང་ཚིག་སྐོར་ལ་མཁས་པ་དེ་འདྲ་གང་ཡང་མིན། སྐྱོན་འདོན་དགོས་ན་ཨ་འོ་ཙམ་ཡོད། ད་དེ་འདྲ་ཞིག་གོ་ཨ་རོགས་ཚོ། །

  25. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-01 at 10:08 am

    སྦྲེལ་པོའི་གོ་དོན་གང་ཡིན་སྨོན་ལམ་ཚིག་མཛོད་ལ་གཟིགས་ན་མཁྱེན
    ཐུབ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme