Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོད་སྟྟོང་འབར་བའི་བསམ་བློ་བ་ཞིག་དགོས།

Posted on 2011-03-04 By དབང་ཕྱུག་ 11 Comments on འོད་སྟྟོང་འབར་བའི་བསམ་བློ་བ་ཞིག་དགོས།

་་་་་་་་་རྨེ་སྲིབ་ནོར་བུ།

ངའི་རྒྱལ་ཁབ་རྩོད་ལེན་ཆེད་དང༌། ངའི་མི་རིགས་ལ་སྣེ་ཁྲིད་ཆེད་བཀའ་བློན་འོས་མི་དག་གིས་རྣམ་དཔྱོད་ཀྱི་འགྲན་སྟེགས་ལས ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན། བཅས་སྲིད་བྱུས་རྩ་དོན་གསུམ་བཏོན་མཁན་གྱི་བསམ་བློ་དེ་ཕྲན་གྱིས་འགངས་ཆེན་བྱེད་ཀྱིན་ཡོད། དེས་ཕྱིར་ངའི་བཀའ་ཁྲི་ལ་ངོ་མཚར་ཆེ་བའི་ལོ་རྒྱུས་ཡོད་མེད་ལ་མ་བལྟོས་པར། འོད་སྟོང་འབར་བའི་བསམ་བློ་བ་ཞིག་དགོས་པར་འདོད།
ཕྲན་བོད་གཞི་བྱེས་གཉིས་ནས་མཚར་ལོངས་བྱུང་མི་ཞིག་ཡིན་ལ། ནམ་རྒྱུན་བོད་ཀྱི་ལོ་རྒྱུས་ཐོག་དཔྱད་ཞིབ་དང་དོ་སྣང་སྤྲད་མཁན་ཞིག་ཡིན་པའི་ངོས་ནས་བཤད་ན། རྩ་དོན་གསུམ་པོ་དེ་བོད་ཀྱི་ལོ་རྒྱུས་ཐོག་གནད་འགག་ཆེན་པོ་གསུམ་དུ་མཐོང་ཞིང༌། རྩ་དོན་འདི་གསུམ་སྒྲུབ་མཁན་ཡང་ལོ་རྒྱུས་ཀྱིས་རེ་སྒུག་བྱས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། མ་འོངས་པའི་བཀའ་ཁྲི་བློ་བཟང་སེང་གེ་ཡིན་མིན་གང་ཡིན་རུང༌། རྩ་དོན་འདི་གསུམ་བསྒྲུབ་མ་ཤེས་པར་དུ་དུས་ནམ་ཡང་ང་ཚོ་འཛམ་གླིང་ཐོག་རང་དབང་ངང་ཡར་ལངས་མི་ཐུབ།

༡ རྩ་དོན་དང་པོ་་་་་་་་་་་་་་ཆིག་སྒྲིལ་སྲིད་བྱུས།

བོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན། ༡ ཆོས་རྒྱུད་དགོན་སྡེ་ཡོངས་ཀྱི་བླ་སྤྲུལ་ཁག་གི་མི་དགེ་བའི་འཛིན་སྐྱོང་བྱེད་ཕྱོགས་ཀྱིས་སེར་མོ་བའི་སྤྱི་ཚོགས་ཁྲོད་འགལ་ཟླ་བྱུང་ཡོད་ལ། འགལ་ཟླ་དེའི་ཤུགས་རྐྱེན ང་ཚོའི་སྤྱི་ཚོགས་སུ་ཐེབས་ཏེ་འགལ་ཟླའི་རྨ་ཁ་ཆེན་པོ་བཟོས་ཡོད། ༢ ཆོས་ལུགས་དང་གྲུབ་མཐའ། རིག་གཞུང་གང་གི་ཐོག་ཏུ་ལྟ་ཚུལ་མི་མཐུན་པའི་དབང་གིས། ཤེས་ཡོན་པའི་ཚོགས་སྡེ་ནང་མཐུན་ལམ་མེད་ཕྱིར་སྤྱི་ཚོགས་སུ་འགལ་ཟླ་བཟོས་ཡོད། ༣ ད་སྐབས་ཀྱང་ཆབ་སྲིད་ཀྱི་ཚོགས་སྡེ་རེ་འགའི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་དབང་གིས། ལས་འགུལ་སྤེལ་སྟངས་དང་དྲི་བསྒྲགས་བྱེད་ཕྱོགས་སོགས་ཀྱང་གཅིག་གིས་གཅིག་ལ་ཁ་གཏད་བརྒྱབས་ཕྱིར་སྤྱི་ཚོགས་ནང་འགལ་ཟླ་བཟོ་བཞིན་ཡོད། ༤ ཐ་ན་བོད་ནས་སྐྱབས་བཅོལ་འདིར་འབྱོར་བའི་གསར་རྙིང་གཉིས་ཀྱི་སྤྱོད་ཚུལ་མ་མཐུན་པས་སྤྱི་ཚོགས་ནང་འགལ་ཟླ་ཆགས་ཡོད། འདི་ལྟར་འགལ་ཟླའི་ངན་ཤུགས་ཀྱི་དབང་གིས་ང་ཚོས་མཁས་འཇོན་གཉིས་ལྡན་ཀྱི་ཆབ་སྲིད་མི་སྣ་ཞིག་གདམ་དགོས་ཀྱང་འདེམས་ཐུབ་ཀྱི་མེད། ལྷག་པར་ང་ཚོའི་ནང་འཁྲུགས་འགལ་ཟླའི་འབྱུང་ཁུངས་ངོ་མ་ནི་སྤྱི་འཐུས་གྲོས་ཚོགས་ཡིན། གྲོས་ཚོགས་ཀྱི་འཐུས་མི་མང་ཤོས་ནི་མི་ལོ་བཅུ་ནས་བཅུ་ལྷག་བསྡད་ཡོད་ཕྱིར། འཐུས་མི་སྒེར་དང༌། ས་ཁུལ། ཆོལ་ཁ། ཆོས་རྒྱུད་ཀྱི་སོགས་འགལ་ཟླའི་ནད་རྙིང་གི་དྲ་རྒྱ་ཡིན་ཕྱིར། འདས་ཟིན་པའི་མི་ལོ་ ༥༠ རིང་ནད་རྙིང་དེ་དག་གི་ཐད་ཁྲིམས་བཟོ་ལྷན་ཁང་བརྒྱུད་ནས་ལེགས་བཅོས་ཀྱི་བཅའ་ཁྲིམས་ཤིག་ཀྱང་བཟོ་ཐུབ་མེད། འདི་འདྲའི་སྤྱི་ཚོགས་ཀྱི་འགལ་ཟླའི་མི་གཙང་བ་དག་སེལ་བྱེད་སྤྱད་ནི། བློ་བཟང་སེང་གེས་རྩ་དོན་དུ་བཟུང་པའི་ཆིག་སྒྲིལ་སྲིད་བྱུས་ཁོ་ན་ལས་གཞན་མེད།

༢ རྩ་དོན་གཉིས་པ།་་་་་་་་་་་གསར་གཏོད་སྲིད་བྱུས།

འདས་ཟིན་པའི་མི་ལོ་༥༠རིང་བོད་གཞུང་གི་སྲིད་བྱུས་འཛིན་སྐྱོང་དང༌། བོད་དོན་འཐབ་རྩོད། སྒྲིག་འཛུགས། ཤེས་ཡོན། འཕྲོད་བསྟེན་བྱེད་ཕྱོགས་སོགས་ལད་ཟློས་རང་བཞིནན་ཅན་ཡིན་ལ། ལད་ཟློས་རང་བཞིན་ཅན་གྱི་ལམ་ལུགས་དེ་བསྐྱར་ཟློས་འཛིན་སྐྱོང་གི་ཉམས་མྱོང་རྒྱུས་སྤེལ་བྱས་སྟབས། ང་ཚོའི་འཛིན་སྐྱོང༌། འཐབ་རྩོད། སྒྲིག་འཛུགས། ཤེས་ཡོན་སོགས་ཀྱི་བསྡུས་པའི་གཞུང་དམངས་གཉིས་ཀྱི་ངོ་བོའི་ཐད་ཡོད་པ་གཞིར་བཞགས་དང༌། མེད་པ་གསར་གཏོད་ལམ་སྲོལ་དུ་འགྲོ་མྱོང་མེད། འདས་སོན་ཀྱི་གནས་སྟངས་འདི་འདྲ་ཞིག་གི་ཞབས་འོག་ནས་ང་ཚོས་བོད་དོན་ཐད་ལས་དོན་རླབས་ཆེན་ཞིག་དང་གྲུབ་འབྲས་འབུར་ཐོན་ཞིག་བཞགས་མྱོང་མེད། ད་དུང་མཐོ་རིམ་གཞུང་འཛིན་མི་སྣ་འགའི་ལས་ཁུངས་ནི་དབང་ཡོད་དང༌། མཁྲེགས་འཛིན། བཤུ་བཞོག་གདུག་རྩུབ་ཆེ་བའི་འཐབ་ར་ཞིག་ཡིན་སྟབས། རྒྱལ་སྤྱིའི་ཤེས་ཡོན་ལ་སྦྱང་འབྲས་ཕུལ་བྱུང་ཐོན་པ། བོད་དོན་ལ་སྤྱི་སེམས་ཀྱི་ལྟ་ཚུལ་དང་ལར་ཞེན་ཡོད་པ། ཆབ་སྲིད་དང་མཚན་རྩལ་སོགས་སུ་ཆེད་སྦྱང་ཐོན་པའི་མཁས་དབང་འགའ་རེ་ང་ཚོའི་སྤྱི་ཚོགས་ཁྲོད་རང་ཉིད་ཀྱི་ལག་ཁྱེར་དང་མཐུན་པའི་ལས་གནས་སུ་བསྡོད་ཐུབ་མེད། དཔེར་ན། མཁས་དབང་ཟླ་བ་ནོར་བུ་ང་ཚོའི་སྤྱི་ཚོགས་ཁྲོད་བསྡོད་ཐུབ་མེད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཁོངས་གཏོགས་བདེ་ལེགས་སྨན་ཁང་དང༌། བོད་གཞུང་སྨན་རྩིས་ཁང་གཉིས་སུ་ཕྱི་ལུགས་བོད་ལུགས་སྨན་པ་འབུམ་རམས་པ་གང་མང་བྱུང་ཡོད་ཀྱང་གོ་ཐོབ་ལས་གནས་མི་སྤྲོད་པ་མ་ཟད། འཛིན་སྐྱོང་མི་ལེགས་པ་དང་སྒྲིག་འཛུགས་མི་ལེགས་པའི་ངན་བྱུས་ཤིག་གིས་བཙིར་གནོན་གྱིས་ཕུད་བཞིན་ཡོད། ད་དུང་རྩོམ་པ་པོ་དང་དཔྱད་ཞིབ་པ་འགའ་རེ་ཡང་འཚོ་བསྡོད་མ་ཐུབ་པར་ཕྱི་རྒྱལ་སོགས་སུ་བྲོས་བྱོལ་དུ་འགྲོ་དགོས་པའི་ལོ་རྒྱུས་ཀྱང་བྱུང་ཡོད། གནད་དོན་དེ་གོང་བརྗོད་གཞུང་གི་འཛིན་སྐྱོང་དང༌། སྒྲིག་འཛུགས་སོགས་དྭངས་གཙང་མིན་པ་དང༌། ལེགས་བཅོས་དང་གསར་གཏོད་མ་བྱས་པའི་ངན་སྐྱོན་ཁོ་ན་ལས་མ་འདས། ཆེས་ཡ་མཚན་པ་ཞིག་ལ། སྐྱུག་ཞེན་བྲོ་བའི་གནས་སྟངས་འདིའི་ཁྲོད་ནས་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང༌། མ་ཉམས་གོང་འཕེལ་བཏངས་ཡོད་ཅེས་མཛོད་སྒོ་གང་ཡོད་ལ་རྒྱལ་ཁའི་གླུ་དབྱངས་མ་ཎི་ལྟར་བགྲེང་བཞིན་ཡོད།
ང་ཚོའི་སྐྱོ་གར་གྱི་དུས་རབས་འདི་མཇུག་སྒྲིལ་དགོས་ན། གསར་གཏོད་སྲིད་བྱུས་རྩ་འཛིན་བྱས་ནས་དྭངས་ཤིང་གཙང་བའི་ཁོར་ཡུག་གསར་བ་ཞིག་བསྐྲུན་ཐབས་བྱ་རྒྱུ་གལ་འགངས་ཆེ་སྙམ།

༣ རྩ་དོན་གསུམ་པ།་་་་་་་རང་མགོ་རང་ཐོན་གྱི་སྲིད་བྱུས།

རྩ་དོན་འདི་ནི་གཙོ་བོ་དཔལ་འབྱོར་གྱི་གནད་དོན་ཞིག་རེད། འདས་ཟིན་པའི་མི་ལོ་ ༥༠ རིང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དཔལ་འབྱོར་གྱི་ཐད་རང་མགོ་རང་ཐོན་བྱུང་མྱོང་མེད། དགོན་སྡེ་ཁག་དང༌། སློབ་གྲྭ་ཁག གཞུང་སྒེར་ཚོགས་པ་ཁག་གང་ཡིན་རུང་རོགས་དངུལ་ལ་མ་བརྟེན་པ་ཞིག་མེད། ང་ཚོའི་ཚོགས་སྡེ་དང་མི་སྒེར་གང་ཡིན་རུང་དཔལ་འབྱོར་གྱི་ཐད་ནས་རང་ཁ་རང་གསོ་མི་ཐུབ་ཅིང༌། ཐོན་དངོས་མཐའ་དག་ནི་ལོ་ཟླའི་འགྲོས་དང་བསྟུན་ནས་གོང་ཚད་མཐོ་རུ་འགྲོ་བ་ལས་ཆག་ཡང་དུ་གྱུར་དུས་མེད། དེས་ན་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པའི་ཚོགས་སྡེ་ཞིག་གི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་མི་ཐུབ་པ་ཆོས་ཉིད་ཅིག་ཏུ་ཆགས་ཡོད་ལ། སྒེར་ཁྱིམ་བདག་འཛིན་དཀའ་བའི་མི་བོ་ཞིག་གིས་སྤྱི་དོན་ཐད་ནུས་ཤུགས་མི་ཐོན་པའང་གནས་ལུགས་ཤིག་ཏུ་གྱུར་ཡོད་པ་དཔེར་ན། ས་གནས་ངྷ་ས་འདིར་བོད་མི་བརྒྱ་ཆ་གྱ་ཅུས་རྒྱ་གར་ཁང་གླ་བྱས་ཡོད། ཁང་གོང་དང་ཟ་རིན་ལོ་རེ་རེར་ལྡབ་འགྱུར་ཆེ་འགྲོ་ཡོད་རུང༌། ང་ཚོས་ཚོད་འཛིན་བྱ་ཐབས་མེད་པ་ནི་རང་མགོ་རང་ཐོན་མིན་པས་རེད། ཆེ་ས་གཞུང་གི་དཔལ་འབྱོར་ཐད་དང༌། ཆུང་ས་སྒེར་ཁྱིམ་གང་ཡིན་རང་མགོ་རང་ཐོན་དགོས་པ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་བརྟན་ལྷིང་གི་གནད་དོན་ཞིག་ཡིན། ད་དུང་མུ་མཐུད་ནས་འདི་ལྟར་འགྲོ་རྒྱུ་ཡིན་ན། འབྱུང་འགྱུར་བོད་མིའི་སྤྱི་ཚོགས་ཁྲོད་རྐུན་ཇག་འཕྲོག་གསུམ་གྱིས་དཔལ་འབྱོར་འཚོ་བསྒྲུབ་སོགས་ནག་ལས་ཡོང་མི་སྲིད་པ་ཞིག་གཏན་ནས་མིན། ང་ཚོའི་འཚོ་གནས་བརྟན་ལྷིང་དང༌། ལས་འགུལ་ལ་གཞི་རྒྱ་དགོས་པ། འཐབ་རྩོད་བརྒྱུན་མཐུད་དགོས་ན་བློ་བཟང་སེང་གེའི་རང་མགོ་རང་ཐོན་ཞེས་པའི་སྲིད་བྱུས་དེ་ང་ཚོས་ངེས་པར་དུ་རྩ་དོན་དུ་འཛིན་དགོས།
མདོར་ན། སྒར་ཚིགས་མེད་པའི་བོད་དོན་འཐབ་རྩོད་དང༌། བརྟན་ལྷིང་མེད་པའི་འཚོ་གནས། རྨོངས་མུན་འཐིབ་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་དག་གཙང་སེལ་གྱིས་མཇུག་བསྡོམས་བརྒྱག་དགོས་ན། རྒྱལ་སྤྱིའི་རང་བཞིན་ཅན་གྱི་བསམ་བློ་ཡི་བོད་དོན་ལ་ལྟ་ཚུལ་ཡོད་པ། ཤར་ཨེ་ཤ་ཡའི་བསམ་བློའི་རང་བཞིན་ཅན་གྱི་བོད་དོན་ལ་ལྟ་ཚུལ་ཡོད་པ། ལྷག་པར་དུ་བོད་སྤྱིའི་བསམ་བློའི་རང་བཞིན་གྱྀས་བོད་དོན་ལ་ལྟ་ཚུལ་ཏེ། ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན་བཅས་དགོས་པ་ལས། འདས་ཟིན་པའི་ས་གནས་ཆུང་ཆུང་རེའི་བསམ་ཚུལ་དང་ལྟ་ཚུལ་མཁྲེགས་འཛིན་བྱས་ནས་བོད་དོན་བྱེད་ཁུལ་དེ་ནི་ང་ཚོ་ལ་དགོས་ངེས་ཤིག་གཏན་ནས་མིན། ཞེས་༢༠༡༡།༢།༢་ལ་རྨེ་སྲིབ་ནོར་བུས།

སྣ་ཚོགས།

Post navigation

Previous Post: བློ་སེང་གི་བརྩམས་ཆོས་ལ་དཔྱད་པ།
Next Post: སྐྱེས་པ་ཞིག་དྲན་ཚུལ།

Comments (11) on “འོད་སྟྟོང་འབར་བའི་བསམ་བློ་བ་ཞིག་དགོས།”

  1. བོན says:
    2011-03-04 at 1:07 pm

    མོས་མཐུན་ཡོད། གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་དང་བོན་རྒྱལ་ཁབ་ཆེན་པོ་རྒྱལ་བའི་གླུ་དབྱངས་བཅས་ཕུལ། །

  2. ཅོ་རི་ཉི་མ། says:
    2011-03-04 at 1:08 pm

    ཧཧཧཧཧཧཧཧཧཧཧ་་་བློ་སེང་ལས་ཁྱེད་རང་གིས་རྩ་དོན་གསུམ་གྱི་ཐོག་ཏུ་འགྲེལ་བཤད་ཡག་བ་བརྒྱབས་འདུག

    བློ་སེང་ནི་ཁ་ནས་ཆིག་སྒྲིལ་བཤད་མཁན་ཞིག་ཡིན་ཀྱང་དོན་ཐོག་ཏུ་མདོ་ཁམས་ཆུ་བཞི་སྒང་དྲུག་དུམ་བུ་ཁ་བྲལ་བཏང་མྱངས་མཁན་གྱི་མི་སྣ་གཙོ་གྲལ་ཞིག་རེད།
    ད་ལྟའི་ཆ་ནས་ཀྱང་བློ་སེང་བཀའ་ཁྲིའི་འོས་མི་ནང་དུ་ལངས་སྟངས་ཡང་རྒད་གཞོན་བར་དུ་དཀྲུགས་ཤིང་དང་། སྐུ་དྲག་དང་མི་ཚང་དཀྱུས་མའི་བར་གྱི་འཐབ་རྩོད་སོགས་ཁུར་ནས་བཙན་བྱོལ་སྤྱི་ཚོགས་འདིར་དཀྲུགས་གང་ཐུབ་བྱེད་ཀྱི་ཡོད་པ་མིག་མདུན་དུ་བཞག་ནས་ཆིག་སྒྲིལ་རང་བཤད་བ།

    སྤྱིའི་ཆ་ནས་ཆིག་སྒྲིལ་དང་རང་འགོ་རང་ཐོན་ཟེར་བ་གཉིས་ནི་བློ་སེང་གི་ཁུར་ནས་བསླེབས་པའི་ལྟ་གྲུབ་ཤིག་མིན་ལ་སྔར་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གིས་གསུངས་དང་གསུང་བཞིན་པ་རེད། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད་དོ།

  3. ཀིརྟི་སྐྱབས། says:
    2011-03-04 at 2:43 pm

    བློ་སེང་གིས་ཁ་ནས་འུར་བརྒྱབ་པ་ཙམ་ལས་དོན་ལ་ཡོད་ལེ་མ་རེད།

  4. ཀརྡོ་རབ་འབྱམས་པ་ says:
    2011-03-04 at 5:54 pm

    བཀའ་ཁྲི་འོས་མི་གསུམ་དང་བོད་རིགས་ཡོངས་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོད། བཀྲ་ཤིས་བདེ་ལེགས། །

  5. ཟླ་བ་ཆོས་འཛོམས། says:
    2011-03-04 at 6:09 pm

    རྨེ་སྲིབ་པ་ལགས།
    ཁྱོད་ཀྱིས་སྒྲ་ལ་ཉན་ཤེས་པ་དོན་ལ་བལྟ་ཤེས་མཁན་མིན་པ་འདྲ།བློ་སེང་གི་རྩ་དོན་གསུམ་པོ་བོད་གཞུང་གིས་བྱས་ཏེ་ལོ་མང་སོང་ཚར་བ་རེད།
    བློ་སེང་གི་ཕྱོགས་བཟུང་ནས་རྣ་ག་ཚོད་འཐེན་ན་ཡང་ཁ་ནང་ལ་བསླེབ་རྒྱུ་མ་རེད།དེ་ལས་བློ་སེང་སྐྱོན་ཡོད་པ་དེ་ཚོ་ངོས་ལེན་བྱས་ན་ཡག་གི་རེད།མི་སྐྱོན་མེད་ཅིག་མེད་ཟེར་སྲོལ་ཡོད་པ།
    ཐེ་བོ་ཤེར་རྒྱམ་ཟེར་བ་ཞིག་གིས་རྩོམ་ཐུང་ཞྀག་བྲིས་ཏེ་བློ་སེང་རྒྱ་ནག་ཏུ་སོང་བ་འགྲིག་པ་འདྲ་བོ་བཤད་འདུག།ད་དུང་མི་དྲང་མོ་མདའ་འདྲ་ཞིག་དགོས་པ་རེད་ཟེར།དེ་ཡིན་ན་བློ་སེང་གི་ཕྱོགས་ལའང་དྲང་མོ་མདའ་འདྲ་ཞིག་དགོས་པ་རེད་ཡ།

  6. གཉིད་རྒྱལ། says:
    2011-03-04 at 7:27 pm

    དེ་གསུམ་ཚང་དགོས་པ་གལ་ཆེན་པོ་རེད་དེ་ཤོད་མཁན་དེ་ལ་ཡང་དེ་འདྲའི་ཚང་ཨེ་ཡོད།

  7. ཀིརྟི་སྐྱབས། says:
    2011-03-05 at 1:59 am

    ཟླ་བ་ཆོས་འཛོམས་ལས་བདེན་པ་སུ་ཡང་མེད། གཙོ་བོ་འུ་ཚོས་ཚིག་ཙམ་ལ་མི་ལྟ་བར་དོན་ལ་ལྟ་རྒྱུ་གལ་ཆེ་གི།

  8. སྲིད་ཐར་དྲིལ་བུ། says:
    2011-03-05 at 3:56 am

    བཀྲུས་ན་མི་དག་པའི་བོད་རིགས་དབུས་གཙང་དང་ཁམས་པ་སྤུན་ཟླ་ཚོར་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

  9. ནམ་མཁའ། says:
    2011-03-06 at 12:49 pm

    གྲོགས་པོ་ཚོས་ཚ་ཚ་འུར་འུར་མ་བྱེད་དང་།
    བཀའ་ཁྲིའི་བཞུགས་ཁྲིའི་སྟེང་སུ་ཞིག་སླེབས་མིན་མགྱོགས་པོར་ཤེས་ཡོང་།

  10. སྲོལ་རྒྱུན། says:
    2013-05-21 at 11:37 am

    འུ་ཅག་གིས་ནང་འཛིང་བྱས་ནས་ཉི་མ་འགྲོ་ཐབས་མི་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྙམ།

  11. ཨོ་རྒྱན་ཉི་མ། says:
    2013-05-21 at 2:01 pm

    བཀའ་བློན་གྱིས་གསར་གཏོད་ཇི་ལྟར་བྱ་འཆར་འདུག ཟས་གོས་གནས་མལ་གང་གསར་པ་བཟོ་རྒྱུ་ཡིན་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme