Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོད་དཀར་དྲ་ཚིགས་ལ་སྐད་སྐུར་བ

Posted on 2010-02-10 By dhatsenpa 22 Comments on འོད་དཀར་དྲ་ཚིགས་ལ་སྐད་སྐུར་བ

 ན་ནིང་གི་དབྱར་གཞུང་ཞིག་ལ། ཐེངས་གཅིག་དྲ་ཚིགས་རེ་རེ་བྱས་ནས་འཁྱམ་ཕྱིན་པ་ཡིན། སྐབས་ཤིག་ལ་འོད་དཀར་དྲ་ཚིགས་ཟེར་བ་ཞིག་ནང་མགོ་བརྒྱུས་ནས་ཡར་ལྟ་མར་ལྟ་ཞིག་བྱས་པས། བར་སྐབས་ཤིག་རྒྱ་ནག་ལ་དགྱ་ནག་ཅེས་འབྲི་བའི་ནད་ཡམས་ཤིག་བོད་ཕྱི་ནང་གང་སར་ཁྱབ་འགྲོ་བ་དེའི་མགོ་ཁུངས་ལྟ་བུར་འདུག་པ་མཐོང་ནས་ལམ་སང་རྣམ་རྟོག་ཅིག་དང་སེམས་པ་མི་སྐྱིད་པ་ཞིག་བྱུང་ནས་ཕྱི་ལ་ཐོན་པ་ཡིན། དེ་ནས་བཟུང་དྲ་ཚིགས་དེའི་ནང་ལ་རྩ་ནས་འགྲོ་གི་མེད། སྤྱིར་བཏང་དཔྱད་བརྗོད་སྤེལ་སའི་ནང་མི་འདྲ་མི་འདྲ་ཡོང་གི་ཡོད་པས་དེ་རིགས་འགོག་ཐབས་བྲལ་ཡང་། རྩོམ་སྒྲིག་པ་ཚོས་མགོ་བྱས་ནས་ནམ་རྒྱུན་གྱི་རྩོམ་དང་བཅར་འདྲི་ཚུན་ཆད་ནང་དགྱ་ནག་ཟེར་བའི་ཡིག་འབྲུ་འདི་གཉིས་ནད་འབུ་ཞིག་བཞིན་དྲ་ངོས་གང་སར་གཏོར་འདུག ཁུངས་མེད་རྟོག་བཟོའི་ཡི་གེ་འདི་འདྲ་མ་དག་རྒྱུན་འཇམས་སུ་འགྲོ་བའི་ལས་ཆེད་དུ་གཉེར་མཁན་་འོད་དཀར་དྲ་ཚིགས་ལས་མ་མཐོང་།

དེ་ནས་བཟུང་དྲ་ཚིགས་དེའི་ནང་འགྲོ་གི་མེད་ཀྱང་དེའི་སྐོར་སྐད་ཆ་འདྲི་གི་བསྡད་ཡོད། ཁ་སང་གྲོགས་པོ་ཞིག་ལ་དྲ་ཚིགས་དེའི་ནང་ད་རུང་ཡང་དགྱ་ནག་ཅེས་པའི་ཡི་གེ་འདི་བེད་སྤྱོད་གཏོང་གི་འདུག་གམ་དྲིས་པ་ཡིན། ཁོས་ཁ་སང་དེ་རིང་མ་ཤེས། ཟླ་ཤས་སྔོན་དགྱ་ནག་ཟེར་བས་གང་སར་ཁྱབ་འདུག་ཟེར། ད་ལྟ་རྩད་གཅོད་གི་ཡོད། ད་རུང་དེ་ལྟར་་ཡིན་ན་ང་རང་རྣམ་རྟོག་ཟ་བའི་དྲ་ཁང་དེའི་ནང་འགྱུར་བ་ཞིག་མ་ཕྱིན་བར་མི་འགྲོ་ཁོ་ཐག་ཡིན། གཞན་ལ་ཡང་དེའི་ནང་མ་འགྲོ་ཟེར་ནས་འབོད་སྐུལ་ཞུ་གི་ཡིན།
འོད་དཀར་དྲ་ཚིག་ནང་མི་འགྲོ་མཁན་ང་གཅིག་པོ་མ་རེད། ངའི་བཀུར་བར་འོས་པའི་གྲོགས་པོ་གཞན་ཞིག་ཀྱང་དེའི་ནང་རྩ་ནས་འགྲོ་གི་མེད་ཟེར། དེའི་ནང་ཕྱིན་ན་དགྱ་ནག་ཟེར་བའི་ཁུངས་མེད་ཡིག་ནོར་འདི་བསམ་བཞིན་དུ་བྲིས་ནས་གང་སར་ཁྱབ་འདུག དེ་མཐོང་ན་སེམས་པ་མི་སྐྱིད་པ་ཆགས་འགྲོ་གི དེ་བས་འགྲོ་གི་མེད་ཟེར། བསྐུར་བྱའི་སྐད་ནི་འདི་ཙམ་ཡིན། སྤྱིར་བཏང་ཁྱེད་ཚོའི་དྲ་ཁང་ནང་དུ་འཛུལ་ནས་བཤད་ན་ཆོག་ཀྱང་། ནད་ཡམས་དེ་འགོས་ཡོང་བར་ཞེད་གི་འདུག་པ་མ་ཟད་དེར་ཡོང་ན་སེམས་པ་ཡང་མི་སྐྱིད་པ་ཆགས་འགྲོ་གི་འདུག

གསར་འགྱུར།

Post navigation

Previous Post: གངས་ལྗོངས། དཔའ་རྒོད་ཚོའི་སྙིང་གི་དུམ་བུ།
Next Post: བལ་ཡུལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་བོད་གྱི་ལོ་སར།

Comments (22) on “འོད་དཀར་དྲ་ཚིགས་ལ་སྐད་སྐུར་བ”

  1. གཅན་བཟོད་རྒྱམ། says:
    2010-02-10 at 11:53 pm

    བཀུར་འོས་མདའ་ཚན་པ་ལགས། རྒྱ་ནག་ལ་དགྱ་ནག་ཅེས་བྲིས་པ་བདག་གིས་ཀྱང་ཐེངས་མང་པོར་མཐོང་མྱོང་། དེ་ཡང་ཆེས་མང་བ་དང་བདེ་སྤྱོད་ཆེ་བའི་དུས་ནི་ཁ་སང་དེ་རིང་རེད་འདུག རྒྱ་ནག་ལ་དགྱ་ནག་ཟེར་ན་འོས་ཤིང་འཚམས་པ་དང་འདི་ལྟར་ཟེར་དགོས་སྐོར་གྲོགས་ལྷ་ཆབ་སྦྱིན་པས་རྩོམ་ཡིག་ཅིག་བྲིས་པ་དེ་ནས་བཟུང་། རྒྱ་ནག་ལ་དགྱ་ནག་ཅེས་འབྲི་བ་དང་ཡང་ན་དེ་ནས་བཟུང་འབྲི་མཁན་ཇེ་མང་དུ་སོང་བ་འདྲ་ཞིག་མཐོང་སོང་། སྐུ་ཉིད་ཀྱིས་ཚིག་འདི་མཐོང་ཚེ་རྣམ་རྟོགས་ཟ་བ་དང་། ཚིག་འདིའི་ཆེད་དུ་འོད་དཀར་དྲ་ཚིགས་སུ་ཡང་འགྲོ་མི་འདོད་པའི་ཚོར་བ་དེ་འདྲ་ཞིག་ཡོང་དོན་ཅི་ཡིན་དང་། རྒྱ་ནག་དང་དགྱ་ནག་གཉིས་དང་འབྲེལ་བའི་ཁ་གསལ་གྱི་གསུང་ཞིག་གནང་ན་ཅི་འདྲ་འདུག ཡང་སྙིང་སྐུ་ཉིད་དགྱ་ནག་ཅེས་པའི་ཚིག་འདི་དེ་འདྲའི་མི་ཉེས་དོན་གང་ཡིན་གསུང་ན་འགྲིག་གམ། ངས་ཀྱང་ཁོའི་རྩོམ་ཡིག་བཀླགས་པ་ཡིན། འོན་ཀྱང་རྒྱ་ནག་ལ་རྒྱ་ནག་ཅེས་རང་འཇགས་འབྲི་བཞིན་པ་ལས་དགྱ་ནག་འབྲི་ཡཡིན་མེད། འོན་ཀྱང་ང་ལ་རྒྱུ་མཚན་དམིགས་གསལ་བ་མེད་དེ། རྒྱ་ནག་ཅེས་པའི་འབྲི་སྟངས་འདི་ཆེས་སྔ་མོ་ཞིག་ནས་ཡོད་པས་ན་བསམས་གཟས་ནས་འགྱུར་བ་འདྲ་གཏོང་དགོས་པར་མ་མཐོང་བས་སོ།།

  2. གངས་རིའི་བུ། says:
    2010-02-11 at 12:40 am

    འདའ་ཚན་པ་ལགས། རྒྱ་ནག་ལ་དགྱ་ནག་ཅེས་བརྗོད་ཚེ་འདིས་མི་རབས་ཤིག་གི་བདེ་སྡུག་དང་ལོ་རྒྱུས་འགངས་ཆེན་ཞིག་གི་དཔང་པོ་བྱེད་པར་བརྟེན་མི་འཚམས་པ་ཨེ་ཡོད་སྙམ། ཁྱོད་དེ་མི་འདོད་པའི་དགོངས་ཚུལ་གང་ཡིན་ནམ།

  3. རྩམ་དགའ་ says:
    2010-02-11 at 1:25 am

    བཟོད་རྒྱམ་ལགས་ཀྱིས་བཤད་པ་བཞིན་གནས་ལུགས་ཡོད་ན་བཤད་པའི་དུས་ལ་བབས་འདུག དེ་མིན་གང་སར་ཁྱབ་ནས་འགྲོ་བཞིན་འདུག

  4. གཉན་མདང་ཕོ་ཉ། says:
    2010-02-11 at 1:34 am

    བཟོད་རྒྱམ་ལགས
    དགྱ་ནག་ཅེས་པའི་གོ་དོན་དང་འབྲེལ་ནས་
    རྒྱ་ནག་ལ་འགྱུར་བ་གཏོང་དགོས་ན།

    ཡུལ་དུས་ཀྱིས་བཅད་པའི་ཐ་སྙད་མང་པོ་ཞིག་ལའང་དོན་མེད་ངལ་བ་བྱས་པ་མ་རེད་དམ
    ང་ཚོས་མེད་པའི་ཐ་སྙད་དེ་ཚོ་གསར་བཟོ་དང་བེད་སྤྱོད་བྱ་གལ་ཆེ་བ་ལས་

    ཡོད་པ་རྒྱ་ནག་ལྟ་བུ་ལ་ད་རུང་འགྱུར་བ་ཞིག་བཏང་བསྡད་ན།
    བྱེད་རྒྱུ་མེད་ནས་བསྡད་པ་ལྟར་མ་རེད་དམ

  5. ཀརྨ་རྡོ་རྗེ་ says:
    2010-02-11 at 1:51 am

    ཚིག་ཡོད་པ་རྒྱ་ནག་ལྟ་བུ་ལ། དགྱ་ནག་ཅེས་གསར་གསོ་བྱས་པ་ནི།
    བྱེད་རྒྱུ་མེད་ནས་བྱས་པ་ཙམ། མ་ཟད་རྒྱ་ནག་ཚིག་གི་རང་དབང་འཕྲོག་པའང་རེད།

  6. གཅན་བཟོད་རྒྱམ། says:
    2010-02-11 at 2:03 am

    དྲ་གྲོགས་གཉན་མདང་ཕོ་ཉ་ལགས། ངས་གསལ་བཤད་ཙམ་བྱས་པ་ལས་འདི་འདྲ་བཟོ་དགོས་པ་དང་སྒྱུར་དགོས་འོས་པའི་བསམ་ཚུལ་གང་ཡང་བཏོན་མེད། འདིའི་སྐོར་དུས་བབ་ཚང་གི་ཟིན་བྲིས་གྲོགས་ལྷ་ཆབ་ཀྱིས་རྩོམ་ཡིག་ཅིག་བྲིས་འདུག་ཟེས་བཤད་ཡོད།
    གལ་སྲིད་ཐ་སྙད་འདི་ཙམ་ལ་ཡང་དོ་སྣང་བྱེད་འདོད་ན་གཤམ་གྱི་དྲ་ཚིགས་འདི་ལ་གཟིགས་ནས་སྐད་ཆ་རེ་ཤོད་རོགས།
    http://www.tibettimes.net/blogs.php?id=74&post_id=2567

  7. གཞིས་ལུས་བོད་པ། says:
    2010-02-11 at 4:55 am

    ངས་བལྟས་ན་རྒྱ་ནག་ལ་དགྱ་ནག་ཅེས་འབྲི་བ་ནི་ནུབ་བྱང་མི་རིགས་སློབ་གྲྭའི་སློབ་མ་འགས་ཐོག་དང་པོར་བྲིས་པ་ཞིག་རེད་སྙམ། ཁོ་ཚོས་ཨ་ཞང་ཚང་གིས་མི་གོ་བའི་ཆེད་དུ་དེ་ལྟར་བྲིས་པ་ཞིག་རེད་སྙམ། རྗེས་སུ་དགྱ་ནག་ལ་དགྲ་ནག་དུ་འབྲི་མཁན་ཡང་བྱུང་བ་ལྟ་བུའི་ཚོར་སྣང་ཞིག་ཀྱང་བྱུང་། འོན་ཀྱང་ཡི་གེ་དེ་ལྟར་དུ་བྲིས་པ་ཙམ་གྱིས་འོད་དཀར་དྲ་བ་ལ་ཞུགས་ཀི་མིན་ཟེར་ན་དེ་ལས་ཀྱང་སྐྱོན་ཆེ་བའི་དྲ་ཚིགས་འགའ་རེ་འདུག་སྟེ་ད་དེ་ཙམ་ལས་མི་བཤད།

  8. ཀརྨ་རྡོ་རྗེ་ says:
    2010-02-11 at 5:45 am

    ཨ་མདོའི་ཡུལ་སྐད་ཁུངས་སུ་བྱས་ནས། གྲ་ལ་གྱ། དགྲ་ལ་དགྱ་ཞེས་ཡ་བཏགས་ར་བཏགས་བརྗེ་རེས་ཀྱིས་རྒྱ་ནག་ལས་དགྱ་ནག་ཁུངས་དག་པ་ཡིན་ན། ད་ཆ་རྒྱ་ནག་ལ་དགྲ་ནག་ཞེས་འདོགས་རྒྱུར་ཞེད་པ་ཡིན་ནམ། བཙན་གནོན་འཇིགས་སམ། མཐུན་འབྲེལ་ལ་འཇིགས། འོ་ན། རྒྱ་གར་ཡང་དགྱ་གར་ཞེས་འབྲི་དགོས་སམ།
    ངས་བྱས་ན་བོད་རིགས་རྣམས་རྡོའི་དུས་རབས་རྗེས་ལ་ས་མཐོ་ནས་མར་མར་བབས་ནས་ཡུལ་ལུང་ཐང་རྒྱ་ཆེན་པོ་མཐོང་ནས་དེའི་ཕྱོགས་ལ་ཡོད་མི་དེ་ཚོ་སར་བསླེབས་ཚ་བ་ཆེ་བས་གོས་དཀར་པོ་གོན་པ་མཐོང་ནས་རྒྱ་གར་སྐད་དུ་བྷྰརཏ་ཕྱོགས་ལ་རྒྱ་དཀར་ཞེས་བཏགས་ནས་རྒྱ་གར་དུ་ཟུར་ཆག་པ་དང་། བོད་ཤར་ཕྱོགས་ལ་མར་བབས་ནས་ཡུལ་ལུང་རྒྱ་ཐང་གསར་པ་མཐོང་སར་སྡོད་མཁན་མི་ཚོས་གོས་ནག་པོ་གྱོན་པ་མཐོང་ནས་རྒྱ་ནག ཅེས་རྒྱ་ནི་ཐང་ས་རྒྱ་ཆེ་བ་དང་། ནག་ནི་གོས་མདོག་ནག་པོའི་དོན་དུ་གོ་སྙམ།

  9. གཅན་བཟོད་རྒྱམ། says:
    2010-02-11 at 6:08 am

    རྒྱའམ་རྒྱ་ནག་ཅེས་པའི་ཐ་སྙད་འདི་བོད་ཡིག་ཐོག་ཏུ་བྲིས་ནས་མི་ལོ་གཅིག་སྟོང་གསུམ་བརྒྱ་ཙམ་འགོར་གྱིན་ཡོད་ལ། རྒྱ་དཀར་ནག་སོགས་ལ་ཚིག་འགྲེལ་ཡང་འདྲ་མིན་དང་འབྱོར་མིན་སྣ་ཚོགས་བརྒྱབས་དང་རྒྱག་བཞིན་པ་རེད་པས། ལྷག་པར་དུ་བོད་ཀྱི་རིག་གཞུང་གི་ཨ་མར་གྱུར་བའི་ནང་བསྟན་གྱི་བཀའ་བསྟན་སོགས་ཀྱིས་གཙོས་བོད་དཔེ་བྲག་རིའི་ལྟོས་དང་མཉམ་པའི་དཔེ་ཆ་ཚང་མར་རྒྱ་ནག་ཅེས་བྲིས་ཡོད་པས་ན། གལ་སྲིད་དགྱ་དང་རྒྱ་འདི་གཉིས་ལ་ཁྱད་པར་ཆེས་ཆེར་མེད་ན་རྒྱ་ཡིག་འདི་རང་འཇགས་བཞག་ན་བཟང་སྟེ། འདི་ལྟར་ཚོར་བ་ཞིག་གམ་བསམ་ཚུལ་ཙམ་ལ་བརྟེན་ནས་འགྱུར་བ་གཏོང་གིན་བསྡད་ན། ནམ་ཞིག་དེང་གི་བརྡ་དང་ཐ་སྙད་རྣམས་ཀྱང་ཆེས་ཆེར་བརྡ་རྙིང་དུ་འགྱུར་རྒྱུར་གདོན་མི་ཟ་ཞིང་། སྔ་མོའི་སྐད་བརྡ་མང་པོ་དེང་སང་བརྡ་རྙིང་དུ་གྱུར་ཏེ་ཚིག་དོན་མི་རྙེད་པ་དང་མང་ཆེ་བ་ཚིག་འགྲེལ་ལ་བརྟེན་ནས་སྦྱོང་དགོས་པ་འདི་ཚོ་ཡང་། སྔ་མོའི་ཆ་ནས་བརྡ་རྙིང་འདི་འདྲ་མིན་པ་བཤད་ཅི་ལ་དགོས། དེ་བས་གོང་ཞུས་བཞིན་རྒྱ་ནག་གི་རྒྱ་ལ”རྒྱ་”འདི་བྲིས་ན་ཚབས་ཆེ་བའི་གནོད་རྐྱོན་འདྲ་ཅང་མེད་ན་”དགྱ”འདི་མི་འབྲི་རྒྱུ་ན་ཅི་འདྲ། ངས་ནི་བསམ་ཚུལ་ཙམ་ཞུས་པ་ཡིན། གོང་ཏུ་དྲ་ཐག་མཁོ་སྤྲོད་བྱས་པའི་ལྷ་ཆབ་ལགས་ཀྱི་རྩོམ་ཡིག་དེར་གཅིག་གཟིགས་ཐུབ་ལ་བསམ་ཚུལ་གཞན་འདྲ་ཡོང་སྲིད།

  10. གཅན་བཟོད་རྒྱམ། says:
    2010-02-11 at 6:28 am

    ད་དུང་གཤམ་གྱི་དྲ་ཚིགས་འདི་གཉིས་ལ་གཟིགས་དང་རྒྱ་ནག་གི་མིང་ཐོག་སྟངས་སྐོར་ནས་རྩོམ་ཡིག་ཁག་གཉིས་འདུག

  11. གཉན་མདང་ཕོ་ཉ། says:
    2010-02-11 at 6:58 am

    གཅན་བཟོད་རྒྱམ་ལགས་ཀྱིས་གསལ་བཤད་ལ་དགའ་བསུ་ཞུ།

    སྤྱིར་ན་རྒྱ་དཀར་ནག་གཉིས་ཀྱི་རྒྱ་འདི་གཅིག་མཚུངས་གྱི་རྒྱ་ཡིན་ལ།
    སྔོན་མའི་རྒྱ་གཞུང་དག་བོད་བསྒྱུར་གནང་བའི་འགོར་རྒྱ་གར་སྐད་དུ་ཞེས་བརྗོད་ཡོད་པ་དེར་
    ཚིག་འགྲེལ་རྒྱག་དུས་སུ། ཡུལ་གྲུ་རྒྱ་ཆེ་བས་ན་རྒྱ་དང་།་ཟས་དང་གོས་དཀར་པོ་ལ་སྤྱོད་པས་ན་དཀར་ཞེས་བརྗོད་ཅེས་དང་། དཀར་དེ་གར་ལ་སྒྲ་ལྕི་ཡང་གིས་འགྱུར་སོང་བའམ། སྐད་ཟུར་ཉམས་ནས་གར་ཞེས་སོང་བ་ཡིན་པའི་འགྲེལ་བཤད་ཀྱི་རྒྱུན་ཡོད།

    དེ་བཞིན་རྒྱ་ནག་ལའང་ཡུལ་གྲུ་རྒྱ་ཆེ་བས་ན་རྒྱ་དང་གོས་ནག་པོ་ལ་དགའ་ཞེན་གྱིས་སྤྱོད་པས་ནས་ནག་ཅེས་འགྲེལ་ཚུལ་ཡང་ཡོད་པས་འདིར་དོན་གྱི་ལྗིད་ཚད་ལྕི་བའི་བཤད་འགྲེལ་གྱི་རྒྱུན་རིང་པོར་ཡོད་པ་ཞིག་ལས་
    རྒྱ་ཡང་དུ་ཐོགས་སོང་བ་དེ་འདྲ་ཡང་གཏན་ནས་རེད་མི་འདུག

    ཐོག་མ་རྡོ་རིང་ངོས་ཀྱི། རྒྱ་རྒྱ་ཡུལ་ལ་སྐྱིད། བོད་བོད་ཡུལ་ལ་སྐྱིད་ཅེས་པ་འདི་ཚོ་ལའང་ལོ་རྒྱུས་ཀྱི་མཐོང་བཞག་ལོས་དགོས།

    གལ་སྲིད་དགྲ་ནག་ལབ་དགོས་པའམ་བརྗོད་འདོད་ན། འདྲེ་ནག་ཅེས་བརྗོད་ཀྱང་ང་ཚོའི་སྙིང་ནད་སངས་མི་ཐུབ། དེར་བརྟེན་མིང་འདིའི་འབྱུང་རྩ་ནས་གླེང་ན། གཞིས་ལུས་བོད་པའི་སྐད་ཆ་དེ་ལ་བདེན་ཆ་འདུག་སྙམ།

    གཞན་དགྲ་ནག་ཅེས་འདོགས་དགོས་ནའང་
    ད་ག་རང་དགྲ་ནག་ཅེས་བོད་རིགས་ཡོངས་ཀྱིས་གོ་ཐུབ་པའི་མིང་ཚིག་དེར་མ་བཅོས་པ་འདོགས་མེད་པ་

    གོ་དཀའ་བ་དང་འགྲེལ་དཀའ་བའི་ལུང་བ་བྱེ་བྲག་པའི་མིང་ཚིག་ཅིག་ལ་ཅིའི་ཕྱིར་བཙན་འདེད་བཏང་བ་རེད་དམ།

  12. གཅན་བཟོད་རྒྱམ། says:
    2010-02-11 at 7:14 am

    དགོངས་དག་ཞུ། གོང་དུ་དྲ་ཐག་འཇོག་རྒྱུ་བརྗེད་འདུག
    ད་དུང་དྲ་ཐག་འདི་གཉིས་ན་ལུང་རིག་གིས་བརྒྱན་ཏེ་རང་རང་གི་འདོད་ཚུལ་ཡང་གླེང་འདུག་པས་གཟིགས་འཚལ།
    http://www.tibettimes.net/blogs.php?id=74&post_id=1244

    http://www.tibettimes.net/blogs.php?id=4&post_id=5138&&cp=1

  13. མི་རྐང་གླིང་བུ། says:
    2010-02-11 at 9:00 am

    རྒྱ་ནག་ལ་དགྱ་ནག་ཏུ་འདྲི་བ་འདི་ཉེ་བའི་ཆར་དུ་བྱུང་བ་ཞིག་ཡིན་པ་ལས་ལོ་རྒྱུས་ལ་ཕུ་འདེད་བྱེད་ནས་ཐུག་རྒྱུ་ཡོད་པ་ཞིག་མ་མཐོང་། མྱི་དང་མི། མྱེ་དང་མེ་སོགས་ཀྱི་བརྡ་རྙིང་ལ་དཔེ་བྱས་ནས་འབྲི་གི་ཡོད་ན་ནོར་བ་རེད་བསམ།
    གལ་ཏེ་བརྡ་རྙིང་ལ་རྒྱ་ནག་ལ་དགྱ་ནག་ཏུ་བྲིས་ཡོད་ན་སྐད་གསར་གྱི་སྐབས་སུ་དགྲ་ནག་ལ་འགྱུར་འགྲོ་བ་ལས་རྒྱ་ནག་ལ་འགྱུར་ཚུལ་ཡོད་པར་མི་སེམས།
    ཡང་རྒྱ་ནག་གི་འགྱུར་གཞི་བརྡ་རྙིང་ཞིག་ཡོད་ན་རྒྲ་ནག་ཟེར་བ་ཞིག་ཡོད་དགོས་རྒྱུ་རེད། གང་གི་ཕྱིར་ན་ཡ་བཏགས་དང་ར་བཏགས་ངེས་མེད་ཏུ་བྲི་བ་ཙམ་ཞིག་ཏུ་འདོད་པའི་ཕྱིར།
    ཁུངས་ལུང་མེད་པར་བསམ་བཞིན་དུ་བྲིས་ན་རིག་གནས་གསར་བརྗེ་ཆེན་པོའང་ལྷང་ངེར་དྲན་འོང་།

  14. མི་རྐང་གླིང་བུ། says:
    2010-02-11 at 9:32 am

    རྒྱ་ནག་ཏུ་འདྲི་བ་ཞེས་པར་་་་་་་་་་་་་འབྲི་བ་་་་་་་་་ཞེས་བཅོས་རོགས།

  15. མདའ་ཚན་པ། says:
    2010-02-11 at 1:10 pm


    ད་རྒྱ་ནག་གི་སྐོར་སྔོན་མ་ཞིག་ལ་ ་་རྒྱ་ནག་གི་སྒྲ་བཤད་་ ཅེས་པའི་རྩོམ་ཐུང་ཞིག་བྲིས་ཡོད། དེའི་སྐབས་བགྲོ་གླེང་བྱས་པ་ཡིན། དེ་ནས་དེའི་རྗེས་ལ་རྒྱ་ནག་ལ་དགྱ་ནག་འབྲི་མཁན་ཚོར་རིམ་གྲོ་ཟེར་བའི་རྩོམ་ཐུང་ཞིག་བྲིས་ཡོད། དེའི་སྐབས་ཀྱང་བགྲོ་གླེང་བྱས་པ་ཡིན། དེ་ནས་དེའི་རྗེས་ལུང་རིག་གིས་ཀྱང་ངའི་སྔོན་གྱི་བསམ་ཚུལ་བརྗོད་པ་དག་དང་མཐུན་པར་རྒྱ་ནག་དེ་ཆིན་དང་ཚིན་ལས་བྱུང་ཚུལ་བྲིས་སྐབས་ཀྱང་བགྲོ་གླེང་བྱས་པ་རེད། ད་མང་པོ་བཤད་རྒྱུ་མེད།
    ཁུངས་དགེ་ཆོས་ལ་གཏུགས་ནས་རྒྱ་ནག་དེ་དགྲ་ནག་ལས་བྱུང་ཚུལ་བྲིས་པ་དེ་ཚོ་ཁུངས་མེད་ཞེ་ཅིག་རེད། དགེ་ཆོས་ཀྱིས་ཨ་མདོའི་སྐད་དུ་ཡ་བཏགས་ཅན་མང་པོ་ཞིག་བརྡ་རྙིང་ཡིན་པ་་དེ་གཅིག་པོར་ཁུངས་བཅོལ་ནས་རྒྱ་ནག་ཀྱང་དགྲ་ནག་ཡིན་པར་བཤད་འདུག ཨ་མདོའི་སྐད་དུ་གང་ཞིག་བརྡ་རྙིང་ཡིན་པ་དང་གང་ཞིག་བརྡ་རྙིང་མིན་པ་དེ་ལ་ཞིབ་འཇུག་རོབ་ཙམ་བྱས་ན་གསལ་པོ་ཞེ་དྲག་ཡོད་པ་རེད།
    སྔོན་དུ་བཤད་ཟིན་པ་ལྟར། ཨ་མདོའི་སྐད་ཀྱི་ཡ་བཏགས་ཅན་གང་ཞིག་བརྡ་རྙིང་ཡིན་དང་གང་ཞིག་མིན་པ་དེ་དབྱེ་མཚམས་གསལ་པོར་ཡོད་པ་རེད། དེ་ནི་བོད་ནང་གི་སྐད་གཞན་དང་ཡིག་སྐད་ཀྱིས་ཁ་གྲག་གི་ཡོད་པ་རེད། ཨ་མདོའི་སྐད་དུ་ཡ་བཏགས་ཡིན་ཡང་བོད་སྐད་གཞན་དང་ཡིག་སྐད་ནང་ར་བཏགས་ཡིན་པའི་དཔེ་མཚོན།
    ཨ་མདོ བོད་སྐད་གཞན། ཡིག་སྐད།
    མྱེ མེ མེ
    གྱི གྲི གྲི
    གྱུ་མོ གྲུ་མོ གྲུ་མོ
    སྒྱོ སྒྲོ སྒྲོ
    སྒྱོག སྒྲོག སྒྲོག
    ཁྱབ ཁྲབ ཁྲབ
    སྒྱུང སྒྲུང་། སྒྲུང་།
    སྒྱ སྒྲ སྒྲ
    ཁྱ ཁྲ ཁྲ
    སྐྱ སྐྲ སྐྲ
    སྒྱུང་། སྒྲུང་། སྒྲུང།
    གྱོ གྲོ གྲོ
    གྱོ་མོག གྲོ་མོག གྲོ་མོག
    གྱོ་གྱོ གྲོ་གྲོ གྲོ་གྲོ
    གྱོ་མ གྲོ་མ གྲོ་མ
    གྱུམ་པ གྲུམ་པ གྲུམ་པ།
    གྱིབ་མ གྲིབ་མ གྲིབ་མ
    གྱག གྲག གྲག
    གྱལ་བསྒྲིགས གྲལ་བསྒྲིགསས གྲལ་བསྒྲིགས
    གྱང་། གྲང་། གྲང་།
    གྱངས། གྲངས གྲངས།
    གྱིབ་མ གྲིབ་མ གྲིབ་མ
    གྱིམ གྲིམ གྲིམ
    གྱུ་ཁ གྲུ་ཁ གྲུ་ཁ
    གྱོག གྲོག གྲོག
    གྱོད་པུ གྲོད་པུ གྲོད་པུ
    འགྱོ འགྲོ འགྲོ
    སྒྱིམ སྒྲིམ སྒྲིམ
    སྒྱོན སྒྲོན སྒྲོན
    ཁྱ་ཁྱ ཁྲ་ཁྲ ཁྲ་ཁྲ
    སྐྱང་། སྐྲང་། སྐྲང་།
    བརྡ་རྙིང་མིན་པ་དང་སྐད་གཞན་དང་ཡིག་སྐད་ལ་གཅིག་མཚུངས་ཡིན་པའི་དཔེ་མཚོན།
    ཨ་མདོ སྐད་གཞན ཡིག་སྐད
    རྒྱ རྒྱ རྒྱ
    རྒྱ་མ རྒྱ་མ རྒྱ་མ
    རྒྱ་ནག རྒྱ་ནག རྒྱ་ནག
    རྒྱ་ཁྱོན རྒྱ་ཁྱོན རྒྱ་ཁྱོན
    རྒྱ་མཚོ རྒྱ་མཚོ རྒྱ་མཚོ
    རྒྱ་སྲང རྒྱ་སྲང རྒྱ་སྲང
    རྒྱགས རྒྱགས རྒྱགས
    རྒྱན་ཆ རྒྱན་ཆ རྒྱན་ཆ
    རྒྱང རྒྱང རྒྱང
    སྒྱེ་མོ སྒྱེ་མོ སྒྱེ་མོ
    གྱི་ལིང གྱི་ལིང གྱི་ལིང་།
    ཀྱ་མ་ཀྱུ ཀྱ་མ་ཀྱུ ཀྱ་མ་ཀྱུ
    ཁེ་གྱོང་། ཁེ་གྱོང་། ཁེ་གྱོང་།
    སྒྱོགས སྒྱོགས སྒྱོགས
    ཁྱབ ཁྱབ ཁྱབ
    སྐྱ་མི སྐྱ་མི སྐྱ་མི
    རྐྱ རྐྱ རྐྱ
    རྐྱང རྐྱང རྐྱང
    རྐྱལ རྐྱལ རྐྱལ
    སྐྱ སྐྱ སྐྱ
    གོང་གསལ་བརྡ་རྙིང་དེ་ཚོ་ཕུད་ གཞན་ཕལ་ཆེ་བ་གཞན་སྐད་དང་གཅིག ད་ཁྱེད་ཚོ་རེ་ཟུང་ལྟར་ན། རྒྱ་མ་ལ་གྲ་མ རྒྱ་མཚོ་ལ་གྲ་མཚོ། རྒྱ་སྲང་ལ་གྲ་སང་ངམ་དགྲ་སྲང་། རྒྱ་ཆེ་བ་ལ་གྲ་ཆེ་བའམ་དགྲ་ཆེ་བ་ཟེར་ནས་མ་ཤེས་ཤེས་ཁུལ་དང་མ་དག་རྒྱུན་འབྱམས་གཏོང་རྒྱུ་ཡིན་ནམ། མ་བརྟག་གཡམ་རྒྱུགས་ཟེར་བ་དེ་འདི་འདྲ་ལ་བཤད་གི་ཡོད་པ་རེད། རང་ལ་རང་གི་ཀླད་པ་མེད་ན་ཆེ་ཆེ་གཉན་གཉན་ཚོའི་ཁ་ཆུ་ལྡག་སྡོད་རྒྱུ་ལས་ཡོད་པ་མ་རེད། དགེ་ཆོས་ཀྱིས་སྐྱག་པ་ཞིག་བཏང་ནའང་ཞིམ་སྣང་སྟེར་གི་ཡོད་པ་འདྲ།

  16. མདའ་ཚན་པ། says:
    2010-02-11 at 1:14 pm

    ཨ་མདོའི་སྐད་དུ་གང་ཞིག་བརྡ་རྙིང་ཡིན་དང་གང་ཞིག་མིན་པའི་སྐོར་ལུང་པ་གང་བྲིས་པ་ཡིན་ཏེ་ད་ཚང་མ་འཕྲོ་བརླག་ལ་ཕྱིན་འདུག ཉོབ་བ་ལ།

  17. Gedun says:
    2010-02-11 at 1:18 pm

    ཨ་རོ་མགོན་པོ། གོང་དེ་མ་རེད་དམ། མཚམས་རེར་བོད་ཡིག་གི་རྟགས་འགའ་ གློག་ཀླད་ཀྱིས་རང་གི་བརྡ་རྟགས་སུ་འཁྲུལ་ནས་མི་ཤར་བ་ཡོང་གི་འདུག ཡིན་ན་ཡང་ཁྱེད་ཀྱི་མཆན་དེ་གོང་གི་འདི་མིན་ནམ། ད་དུང་ཡོད་དམ།

  18. མདའ་ཚན་པ། says:
    2010-02-11 at 1:29 pm

    གཅན་བཟོད་རྒྱམ་ལགས། ཁྱེད་ཀྱི་དྲི་བ ་་སྐུ་ཉིད་ཀྱིས་ཚིག་འདི་མཐོང་ཚེ་རྣམ་རྟོགས་ཟ་བ་དང་། ཚིག་འདིའི་ཆེད་དུ་འོད་དཀར་དྲ་ཚིགས་སུ་ཡང་འགྲོ་མི་འདོད་པའི་ཚོར་བ་དེ་འདྲ་ཞིག་ཡོང་དོན་ཅི་ཡིན་་ ཟེར་ནས་དྲིས་འདུག་པར་ལན་འདི་རེད་ཟེར་བ་ཞིག་རྒྱག་རྒྱུ་མེད་གི
    ངས་ཀྱང་ཚོར་བ་དེ་འདྲ་ཞིག་ཡོང་དོན་ཅི་ཡིན་ན་བསམ་ནས་ལན་འཚོལ་གི་ཡོད་དེ་ལན་ཡག་པོ་ཞིག་རྙེད་གི་མི་འདུག
    མི་འགའ་རེས་བསམ་བཙུགས་ནས་མ་དག་རྒྱུན་འབྱམས་སུ་གཏོང་གི་ཡོད་པ་དེ་དང་། དེ་ནས་དགྱ་ནག་ཟེར་ན་གོ་རྒྱུ་གང་ཡང་མེད་པའི་ཚིག་གསར་ཡ་མཚན་པ་ཞིག་རེད། གལ་སྲིད་དགྲའི་དོན་ཡིན་ན་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རིན་ཐང་ལ་དགྲ་རུ་ལྟ་བའི་ཐ་སྙད་ངན་པ་ཞིག་ཡིན་པ་མ་ཟད། ལོ་རྒྱུས་རིང་ཞིང་རླབས་ཆེ་བའི་མི་རིགས་ཤིག་དང་དེའི་རིག་གཞུང་དང་བཅས་པར་དགྲ་རུ་འཛིན་པའི་ཞེ་ནད་ཅིག་མངོན་སུམ་དུ་མཐོང་ཡོང་གི་འདུག་པ་དེ་ཡིས་མིན་ནམ་བསམ་གི་ཡོད།

  19. མདའ་ཚན་པ། says:
    2010-02-11 at 1:29 pm

    རེད། རེད། ད་སླེབས་འདུག

  20. lhamo says:
    2010-02-11 at 7:19 pm

    བོད་ཡིག་ལ་བར་སྟོང་འཇོག་པར་མོས་མཐུན་ཡོད་མཁན་རིགས་གཉིས་འདུག ཅིག་ནི་བོད་ཡིག་དེ་ཡིག་རིགས་གཉིས་པའི་ཚོད་ནས་སྦྱོང་མཁན་དང་། གཅིག་ནི་ཕྱི་རྒྱལ་དུ་བོད་ཡིག་དགེ་རྒན་བྱེད་མཁན་རེད། དེ་གཉིས་ལ་དཀའ་ངལ་གཅིག་པ་ཞིག་ཐུག་པ་ནི། བོད་ཡིག་སྦྱོང་བ་དང་གཞན་ལ་སློབ་ཁྲིད་བྱེད་དུས། རང་ངམ་སློབ་མས་བོད་ཡིག་གི་གཅོད་མཚམས་མི་ཤེས་པའི་དབང་གིས་བོད་ཡིག་ཤེས་དཀའ་བ་དང་སློབ་དཀའ་བའི་གནད་དོན་དེ་ལྷག་པ་རེད། དེའི་རྐྱེན་གྱིས་བོད་ཡིག་ཡིན་ཚད་བར་སྟོང་འཇོག་དགོས་ཟེར་བ་དངོས་གནས་ཐལ་ཆ་ཆེ་འདུག ང་ཚོས་བོད་ཡིག་ལ་བར་སྟོང་འཇོག་པ་དེ་བོད་ཡིག་སྦྱོང་ཐབས་དང་སློབ་ཐབས་གསར་པ་དང་ཐབས་ཤེས་འཕེར་པོ་ཞིག་ལ་བརྩིས་ནས་ལག་ལེན་བསྟར་བ་ཙམ་གྱིས་ཆོག་པ་ཡིན། སྦྱོང་སློབ་ཀྱི་གོ་རིམ་ནང་དེ་ཉིད་བེད་སྤྱད་ནས་རང་གི་སྦྱངས་འབྲས་མྱུར་དུ་འཕར་བར་ཕན་ན་བསམ་ཚུལ་དེ་བཏོན་རིན་ཆོག་ཡོད། དེ་མིན་དེའི་དབང་གིས་བོད་ཡིག་ཡིན་ཚད་ཚང་མ་བར་སྟོང་འཇོག་དགོས་པ་དང་། ཐ་ན་བོད་ཡིག་ལ་གསར་བརྗེ་ཆེན་པོ་ཞིག་བྱེད་དགོས་པའི་བློ་སྟོབས་ངར་མ་ཞིག་གིས་སྐུལ་བ་ཡིན་ན། ཕྱིས་འབྱུང་བཞད་གད་ཀྱི་གནས་ལས་གཞན་གང་ཡང་མེད། བདེ་སྐྱིད་ལགས་ཀྱིས་རྩོམ་འདི་བྲི་བར་སྐུ་ངལ་དཔེ་མི་སྲིད་བསྐྱོན་འདུག་ལ། སྒྲུབ་བྱེད་མང་པོ་བཀོད་ཅིང་། དཔེ་ཡང་མང་པོ་དྲངས་འདུག ཡག་པོ་ཞེ་དྲག་རེད། འོན་ཀྱང་ཁྱེད་རང་བོད་ཡིག་ལ་བྱང་ཆ་མེད་པ་དང་། བོད་ཡིག་དེ་སྦྱོང་དཀའ་བ་རྒྱུ་མཚན་དུ་བྱས་ནས། བོད་ཡིག་ལ་གསར་བརྗེ་ཞིག་བྱེད་དགོས་འདུག་བཤད་པ་དེ་ཤུགས་ཆེ་དྲག་འདུག གོང་དུ་རབ་འབྱོར་ལགས་ཀྱིས་གསུངས་པ་དེ་ཡག་པོ་འདུག བདེ་སྐྱིད་ལགས་ཀྱི་བར་སྟོང་བཞག་ནས་བོད་ཡིག་སྦྱོང་ཐབས་བོད་ཡིག་ཡིག་རིགས་གཉིས་པར་བྱས་ནས་སློབ་སྦྱོང་གནང་མཁན་དང་། ཕྱི་རྒྱལ་དུ་བོད་ཡིག་ཡིག་རིགས་གཉིས་པའི་ཚོད་དུ་སློབ་ཁྲིད་གནང་མཁན་མདའ་ཚན་པ་ལྟ་བུས་བེད་སྤྱོད་བཏང་ན་བོད་ཡིག་སྦྱོང་སློབ་བདེ་བ་ཡོད་ངེས། དེ་ལས་ལྷག་པའི་ནུས་པ་དང་ཕན་འབྲས་ཐ་ན་གསར་གཏོད་དང་བོད་ཡིག་གི་ལོ་རྒྱུས་ཐོག་ཡར་ཐོན་གྱི་གོམ་པ་ཆེན་པོ་ཞིག་སྤོས་པའམ་གསར་བརྗེའི་རིན་ཐང་ཡོད་པ་ནི་གཏན་ནས་མཐོང་མ་སོང་། སྤྱིར་སྐད་ཡིག་གཉིས་པ་སྦྱོང་བ་དེ་མི་རིགས་དང་རྒྱལ་ཁབ་གང་གི་མི་སུ་ཡིན་རུང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། ཕྱི་རྒྱལ་མགོ་སེར་ཚོས་རྒྱ་ཡིག་ནི་གནམ་ཡིག་ལྟ་བུར་མཐོང་ནས་དེ་ལས་སྦྱངས་དཀའ་བའི་ཡི་གེ་ཞིག་ཡོད་ས་མ་རེད་ཟེར་བ་དང་ཐ་ན་སྒྲ་སྦྱོར་ཁོ་ནས་རྒྱ་སྐད་སྦྱོང་བ་ལས་རྒྱ་ཡིག་སྦྱོང་བའི་ངལ་བ་བསྟེན་གྱི་མེད། རྒྱ་མི་ཚོས་དབྱིན་ཡིག་དང་ལྷག་པར་དབྱིན་སྐད་དེ་བྱང་པོ་ཞིག་ཡོང་དཀའ་བ་དང་རྒྱ་ནག་ཏུ་ལོན་པའི་རྒྱ་མི་ཞིག་གིས་དབྱིན་སྐད་ཆུ་རྒྱུགས་རྒྱུགས་ཤིག་བརྒྱབ་པ་ཧ་ལམ་མི་སྲིད་ཙམ་དུ་ངོས་འཛིན་པ་རེད། དེ་ཚོ་དང་བསྡུར་ན། ང་ཚོའི་བོད་མི་ཚོ་གནས་བབ་བམ་བློ་རིག་བཀྲ་བ་དང་སྨྲ་ལྕེ་བདེ་བ་གང་གིས་དབང་དུ་སོང་མ་ཡིན་ན་ཡང་འདྲ། གང་ལྟར་སྐད་རིགས་གཞན་པ་སྦྱོང་བ་ལ་ལྷན་སྐྱེས་ཀྱི་ཚོར་བ་སྐྱེན་པོ་ཞིག་ཡོད་པ་དང་དཀའ་ལས་མགོ་སེར་དང་རྒྱ་མི་ནང་ལྟར་འཕྲད་ཀྱི་མེད་བཟོ་འདུག དེ་མིན་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་དབྱངས་གསལ་ཡི་གེ་ཡིན་པའི་དབང་གིས་སྦྱོང་བདེ་བའི་ཆ་ཡོད་པ་དང་། མི་གཅིག་པ་ནི་བོད་ཡིག་བར་སྟོང་མི་འཇོག་པ་དང་དབྱིན་ཡིག་བར་སྟོང་འཇོག་པ་ཙམ་རེད། ང་ཚོ་བོད་པ་ཚོས་བོད་ཡིག་དེ་ཡིག་རིགས་གཉིས་པའི་ཚུལ་དུ་སྦྱོང་དུས་མི་རིགས་གཞན་ལྟར་དཀའ་ཁག་མེད་དེ་ང་ཚོའི་ཕ་སྐད་བོད་སྐད་ཡིན་པའི་དྲིན་ཞིག་ཡོད་ལ། གལ་ཏེ་ཁྱེད་རང་སྐད་ཡིག་གཉིས་པའི་ཚོད་ནས་བོད་ཡིག་བོད་སྐད་སྦྱོང་དགོས་ན་ཡང་། དབྱིན་ཡིག་དང་བོད་ཡིག་དབྱངས་གསལ་ཡི་གེ་ཆ་ཡིན་པའི་ཐོག་ནས་སྦྱོང་བདེ་བའི་གནད་ཅིག་ཡོད་པ་གཏན་གཏན་རེད། དེས་ན་བོད་ཡིག་ཡིག་རིགས་གཉིས་པའི་ཐོག་ནས་སྦྱོང་དུས་བར་སྟོང་བཞག་ནས་སྦྱངས་ན་སྦྱོང་བདེ་བ་རྣམས་བར་སྟོང་བཞག་ནས་སྦྱོངས་ཤིག ཕྱི་རྒྱལ་བར་བོད་ཡིག་སློབ་དུས་བར་སྟོང་བཞག་ནས་སློབས་ན་འབྲས་བུ་ཐོན་ཆེ་བར་ཡོད་པ་བར་སྟོངས་བཞག་ནས་སློབས་ཤིག རབ་འབྱོར་ལགས་ཀྱིས་གསུངས་བ་བཞིན་དེ་ལྟར་བོད་ཡིག་སྦྱངས་ནས་ལོ་གསུམ་སོང་རྗེས་ཁྱེད་རང་གིས་བར་སྟོང་མེད་པའི་བོད་ཡིག་ཀློག་ཤེས་ལ། བར་སྟོང་མེད་པའི་བོད་ཡིག་གི་རྩོམ་ཞིག་ཀྱང་ཧ་ལམ་འཁྱོལ་ཙམ་ཡོང་སྲིད། དེས་ན་ཁྱེད་རང་བར་སྟོང་མེད་པའི་བོད་ཡིག་རྣལ་མ་སྤྱོད་མཁན་ཞིག་ལ་ཆགས་པ་བྱ་ཕྱིར། སྔོན་ལ་བར་སྟོང་བཞག་ནས་བོད་ཡིག་གི་ཀ་ཁའི་ལམ་དུ་ཞུགས་རོགས་ཞུ། དེ་ནས་ལོ་བཅུ་སོང་རྗེས་ཁྱེད་ཀྱིས་བར་སྟོང་མེད་པའི་བོད་ཡིག་ཤར་མར་འབྲི་ཀློག་ཐུབ་ལ། བར་སྟོང་མེད་པའི་བོད་ཡིག་གི་རྩོམ་སྤུས་མ་རེ་བྲི་ཐུབ་སྲིད། དེའི་དུས་སུ། བོད་ཡིག་ལ་གསར་བརྗེ་སྤུས་ལེགས་ཤིག་བྱ་རྒྱུ་འདུག་མིན་བསམ་མནོ་བཏང་ནས་ཐོན་མི་སམ་བྷོ་ཊ་གཉིས་པ་ཞིག་ཆགས་ནས་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ཐོག་ཞབས་རྗེས་ཁྲ་ཐིང་ཐིང་རིན་ཐང་ཡོད་པ་ཞིག་བཞག་རྩིས་གནང་ན། ཁྱེད་རང་གི་བློ་སྟོབས་དང་སྙིང་རུས་ལ་ངས་གུས་བཀུར་ཞུ་ངེས་ཡིན།

  21. མདའ་ཚན་པ། says:
    2010-02-11 at 10:54 pm

    ལྷ་མོ། ཡི་གེར་བར་སྟོང་བཞག་ན་ཚིག་མཚམས་གཅོད་ཉེས་ལས་སྐྱོབས་ཐུབ་གི་རེད། ཕྱི་རྒྱལ་གཅིག་པོ་མ་རེད། བོད་མིའི་ནང་ཡང་ཚིག་གི་གཅོད་མཚམས་ཉེས་ནས་དོན་མ་གོ་བ་དང་ལོག་པར་འགྲེལ་བ་ཡོད་སྐད་འདུག
    ངའི་དཔེ་མཚོན་གཅིག་ང་རང་བཞག་ཡོད། གཞན་ཞིག་ངའི་གྲོགས་པོ་གཉིས་བཞག་ཡོད།
    ངས་ཆུང་དུས་དཔེ་ཆ་ཀློག་སྐབས་ཐེངས་གཅིག་ཀློག་ན་གོ་གི་མི་འདུག ཐེངས་གཉིས་གསུམ་ཀློག་ན་རིམ་པའི་གོ་ལོན་ཡོང་གི་འདུག དེ་ཕལ་ཆེར་ཀློག་སྟངས་མ་འགྲིགས་པ་ཡིན་པ་འདྲ།
    དེ་ནས་ངས་བོད་ནང་དུ་དགེ་གྲོགས་གཉིས་ལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སློབ་ཁྲིད་བྱས་པའི་སྐོར་དཔེ་མཚོན་ལ་དྲངས་ཡོད། ངས་དཔེ་ཁྲིད་བྱེད་སྐབས་འགྲེལ་བཤད་རྒྱག་མི་དགོས་པར། ངས་ཀློག་ཕྱིན་ན་ཁོ་གཉིས་ཀྱིས་གོ་གི་འདུག་ཟེར། ཁོ་རང་གཉིས་ཀྱིས་ཀློག་ཕྱིན་ན་གོ་གི་ཡོད་པ་མ་རེད། དེ་ཡང་ཀློག་ཉེས་ཤིག་གི་སྐྱོན་ཡིན་པ་འདྲ།
    ད་བར་སྟོང་བཞག་པ་ཡིན་ན། ཚིག་གི་གཅོད་སྟངས་ནོར་གྱི་ཡོད་པ་མ་རེད། དེ་མ་ནོར་ན་གོ་བ་ལོན་པར་ཕན་ཐོག་གི་ཡོད་པ་རེད། གོ་བ་ལོན་པར་ཕན་ཐོགས་པ་དེས་བོད་ཡིག་གི་དགའ་སྣང་གི་ཞིག་སྐྱེད་སྲིང་བྱེད་ཐུབ་གི་ཡོད་པ་རེད། བོད་ཡིག་དགའ་སྣང་སྐྱེས་ཕྱིན་ཆད་དོ་བདག་སོ་སོར་ཡར་རྒྱས་ཟེར་བ་ཞིག་འགྲོ་རྒྱུ་ཡོད་པ་རེད། བོད་ཕྲུག་མང་པོ་ཞིག་ལ་བོད་ཡིག་ཀློག་རྒྱུའི་དགའ་སྣང་ཡོད་པ་མ་རེད། ངས་དགའ་སྣང་གསོ་སྐྱོང་བྱེད་རྒྱུ་དེ་ཨང་པོ་རེད་ཟེར་གི་ཡོད། ད་དེ་ཙམ་ཡིན། ཁ་སང་ནས་འདིའི་སྐོར་བཤད་ཚར་ཡིན།

  22. ཀརྨ་རྡོ་རྗེ་ says:
    2010-02-14 at 7:52 pm

    བར་སྟོང་ མ་བཞག ཚེག་གཉིས་་མ་འབྲི་བར་་བོད་མི་བརྒྱ་ཆ་༩༩ལྷག་བོད་ཡིག་ཀློག་ཐུབ་པ་དང་། བོད་སྐད་རྒྱག་ཐུབ་པ་ཅིག་ཐབས་ཤེས་གསར་པ་ཅིག་སྟོན་རྒྱུ་མེད་ན་ཚིག་གིས་སྟོང་བཤད་དུ་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme