Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོད་ཀྱི་ལམ།

Posted on 2018-04-032018-04-03 By ཁ་བརྡ 1 Comment on འོད་ཀྱི་ལམ།

ཁ་སྒང་ཤེས་རབ་རྒྱ་མཚོ།

ཨེ་མ་ལུང་རིགས་ནོར་བུའི་མཛོད་འཛིན་བཤེས་གཉེན་རི་དབང་བྱེ་བའི་ཞབས་སེན་དབུ་སྐྱེས་ཚལ་དུ་རབ་བླངས་ཤིང༌།།
ཐུབ་བསྟན་ཕ་ལམ་ཞུན་མའི་སྙེ་མ་རྣམ་དཔྱོད་མཆོག་གི་རླུང་བུར་འཁྲིལ་བས་ཀུན་བཟང་འབྲས་བུའི་རྡོག་པ་འབུམ།།
མཐའ་དག་ངུར་སྨྲིག་ཆོས་ཀྱི་གྲྭ་ན་མ་སྨད་བརྒལ་རྟགས་རིགས་པའི་སྐྱོགས་ཀྱིས་ཀུན་ཏུ་ཀུན་ལ་ཉེར་བསྟབས་པས།།
ཀླུ་སྒྲུབ་ལ་སོགས་རྒྱལ་རྣམས་ཡིད་ཀྱང་ངོ་མཚར་གཏམ་གྱི་རོལ་མོར་ཆགས་ཏེ་ཏིང་འཛིན་ཟས་ལ་སྲེད་པ་བོར།།

འཆད་པ་ཆུ་སྤྲིན་འཁྲིགས་པའི་གསེབ་ནས་དགེ་ལེགས་ཆར་གྱི་ཟེགས་མ་འཐོར་བས་ས་གསུམ་ཡིད་ཀྱི་པད་འདབ་གྲོལ།།
རྩོད་པ་མུན་སེན་གློག་གི་ཞགས་ཐག་བརྒལ་རྟགས་རིགས་པའི་ཀློང་ནས་འཁྱུག་པས་རིག་འཁྲུལ་མུན་པའི་སྣང་བ་བདས།།
རྩོམ་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས་དྲེགས་ལྡན་རལ་པའི་རྩེ་ནས་འཕུར་བས་ཁེངས་པའི་ཡིད་ལ་གྲང་བ་སྟེར།།
བློ་བཟང་དོན་གྱི་རིག་པའི་གྲལ་ན་འགོག་མེད་སེང་ཆེན་གཅིག་པུར་བཞེངས་པས་སྙན་པའི་སྙན་པ་བླ་རུ་བཏེགས།།

དེ་ཚེ་བློ་གྲོས་ཤེད་མོང་གཅིག་གིས་ཁེངས་ལྡན་རལ་བ་བསྙིལ་བའི་གཏམ་ཚོགས་གངས་ཀྱི་རི་བོ་བརྒལ་བྱས་ཏེ།།
ཤར་ནུབ་རིག་པའི་ཚལ་དག་རྒྱུ་བས་གཟུར་གནས་ཡིད་ཀྱི་སུག་པ་འགྱུ་བའི་བསྟོད་ཚིག་གླེགས་བམ་བརྩེགས་བྱས་ཀྱང༌།།
ངན་བྱུས་ཧ་ལོའི་མལ་དུ་གཟིམ་རྣམས་གངས་ལྡན་ར་བ་ཟ་བའི་རྨི་ལམ་མ་བཏང་འབྱུང་པོའི་དཔུང་ཚོགས་བཅས།།
གྲོག་རོང་གྲོག་མའི་ཚང་ཆེན་བརྡོལ་བཞིན་ས་ཡ་དྲུག་གི་མིག་ཀོང་ཚལ་དག་མུན་སྟུག་རོལ་བའི་ཟླ་བོར་བྱིན།།

དེ་བས་ཀུན་ཏུ་ཀུན་བཟང་སྤྱོད་པའི་མ་སྨད་རྨད་བྱུང་བྱུང་བ་འབུམ་དགུ་ཐུགས་སྟོབས་ཀྱོ་བ་རྣོན་པོ་ཡིས།།
རིས་སུ་བཞེངས་ལ་རིས་མེད་རབ་འབྱམས་རྒྱལ་བའི་འཕྲིན་ལས་བསིལ་བའི་གདུགས་དཀར་གཡོ་བའི་གཡར་དམ་ཉེར་བསྒོས་ཏེ།།
གངས་སུལ་བྲག་འཕྲང་བརྒལ་བའི་ངལ་བ་དཔུང་བ་གཉོམ་པོས་འཁུར་བའི་གཏམ་རྒྱུད་ད་ལྟའང་ད་དུང་གསེར་ཞུན་གྱིས།།
འཛམ་གླིང་འཛིན་མའི་བྱུང་རབས་ངོས་སུ་བྲིས་དང་འབྲི་བར་སྟོབས་ལྡན་སུས་ཀྱང་འགྲན་པའི་བསྐལ་བ་ཡོད་མ་དམིགས།།

ཐུགས་བསྐྱེད་གངས་ཀྱི་སུལ་ནས་བབས་པའི་ཟབ་དོན་ཆུ་ཀློང་བྱེ་བ་འབུམ་དགུ་གཡས་སུ་འཁྱིལ་བའི་དཔལ་ཡོན་ནི།།
འཕགས་ཡུལ་འཛིན་མའི་ལྟོ་བར་བསྐྱིལ་ལ་ནེ་རུ་ལ་སོགས་གྲགས་པའི་རྔ་གཡབ་སྲིད་ན་མཐོ་བའི་ཆེན་པོ་དག།
ངེས་དོན་རོགས་འདེགས་དཔུང་པ་སྦོམ་པོ་མ་ལྷོད་འཇུངས་མེད་གཞུ་མོ་བདུངས་བས་སྤུར་རྒྱལ་ནོར་བུའི་བང་མཛོད་ཀྱང༌།།
ས་ཆེན་ས་ཡི་རྨི་ལམ་ཞིང་དུ་ཐིམ་པའི་ངང་ཚུལ་འཇའ་ཡིས་ཟོས་པའི་སྒྲུང་གཏམ་རིང་མོར་རྫོགས་ཡོད་མིན།།

དེ་ནས་གནའ་དེང་གཙུག་ལག་བྱེ་བའི་ཆུ་གཏེར་རླབས་ཕྲེང་རྩེན་པའི་མཉེས་གཤིན་ཐུགས་སྟོབས་བུམ་པར་བསྲེལ་བ་ལས།།
བྱུང་བའི་ངོ་མཚར་གདམས་པའི་བདུད་རྩི་བསྩལ་དང་སྩོལ་ལ་འཕངས་པ་མེད་པས་འགལ་རྐྱེན་མུན་ཚོགས་ཡོངས་བདས་ཏེ།།
བསྐལ་བ་དུ་མར་མིག་སྟོང་ཅན་ཡང་འབད་པས་བཙལ་ཀྱང་རྙེད་དཀའི་ནོར་ཚོགས་སྤུངས་པའི་ཞིང་ས་སྔར་མེད་པ།།

ངེས་དོན་རིག་པའི་བསྟི་གནས་འབུམ་ཕྲག་ཅིག་ཅར་བཞེངས་པའི་འཕྲིན་ལས་རྔ་ཆེན་ཉི་ཟླས་མཁའ་ན་རེས་ཀྱིས་རྡུང༌།།
༢༠༡༨།༣།༣༡ ཉིན།

སྙན་ངག

Post navigation

Previous Post: རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་༢༤ པ་འགོ་འཛུགས་གནང་བ།
Next Post:  སྐབས་འཚོལ་པ། 

Comment (1) on “འོད་ཀྱི་ལམ།”

  1. སྣམ་ཕྲུག་འཇམ་རྡོར། says:
    2018-04-03 at 11:05 am

    སྲོལ་རྒྱན་གྱི་རྩ་བ་བརྟན་ལ་ཚིག་སྦྱོར་གྱི་གཉོམ་ལག་བརྐྱངས་ཤིང་དོན་སྙིང་གི་རོ་བཅུད་ལྡན་པའི་རྩོམ་ཞིག་ཏུ་མཇལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme