Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འུ་ཐུག་ཐབས་ཟད་ཀྱི་ཐབས་ཤེས།

Posted on 2019-12-242019-12-24 By ཁ་བརྡ No Comments on འུ་ཐུག་ཐབས་ཟད་ཀྱི་ཐབས་ཤེས།

དགེ་བསྟན།

ནམ་ཞིག་གི་ཚེ། ངེད་ཅག་གི་ས་གནས་འདིར་རིན་པོ་ཆེ་ཞིག་ཡོད་པར་གྱུར། ཁོང་གི་མཚན་ལ་དགེ་སྒྲུབ་རིན་པོ་ཆེ་ཞེས་ཞུ། མཚན་འདི་ས་འདིའི་མི་རྣམས་ཀྱིས་གསོལ་བ་རེད། ས་འདིར་མ་ཕེབས་གོང་ཁོང་གི་མཚན་ལ་ག་རེ་ཞུ་བ་ངས་མི་ཤེས། ས་འདིའི་མི་རྣམས་ཀྱིས་ག་རེ་བྱས་ནས་ཁོང་གི་མཚན་ལ་དགེ་སྒྲུབ་རིན་པོ་ཆེ་ཞེས་གསོལ་བ་རེད་ཟེར་ན། དེ་ནི་དཀའ་ལས་ཁག་པོ་ཞིག་མིན་ཏེ། ཁོང་གིས་རྒྱུན་དུ་དགེ་སྒྲུབ། དགེ་སྒྲུབ། དགེ་སྒྲུབ་ཞེས་གླེང་བས་རེད། ཁོང་གིས་སྡིག་སྤོང་དགེ་སྒྲུབ་ཀྱི་སྐོར་ལ་བཀའ་སློབ་གནང་དུས། ཁྱེད་རང་ཧ་ལས་ཤིང་ཧོན་འཐོར་ཏེ་ཁ་གདངས་ནས་མཉན་ནས་སྡོད་པ་ལས་འོས་མེད་དེ། ཁོང་གི་ཞལ་དང་ལྗགས་ནི་གློག་དམར་འཁྱུག་པ་དང་འདྲ་ལ། གསུང་ནི་ཆུ་བཞུར་བ་དང་མཚུངས། དངོས་གནས་འཆད་པ་ལ་མཁས་པ་ཞིག་ཡིན།

ས་གནས་འདིར་ན་གཞོན་ཚོགས་པ་ཞིག་ཡོད། ཚོགས་མིའི་ཁོངས་སུ་སྐྱ་སེར་གཉིས་ཀ་ཡོད་ལ། ཕོ་མོ་གཉིས་ཀའང་ཡོད། སློབ་ཕྲུག་ཡོད་ལ། སློབ་ཟུར་དང་གྲྭ་ཟུར་ཡང་ཡོད། ངེད་ཚོའི་ཚོགས་པའི་དམིགས་ཡུལ་ནི་སྤྱི་ཚོགས་འཆམ་མཐུན་དང་བདེ་ཐང་བཟོ་རྒྱུ་དེ་ཡིན། གསལ་བར་བཤད་ན། མི་རྣམས་ཀུན་སྤྱོད་བཟང་བ་དང་ལྟ་བ་ཡང་དག་ཅན་བཟོ་རྒྱུ་དེ་ཡིན། འདས་པའི་ལོ་འགའ་ཞིག་གི་རིང་། ངེད་ཚོས་ཧུར་ཐག་བྱས་ནས་ལས་འགུལ་སྤེལ་བས། ན་གཞོན་ཆང་རག་དང་ཐ་མག་སྤྱོད་མཁན་མངོན་གསལ་དུ་ཇེ་ཉུང་དུ་སོང་བར་མ་ཟད། དཀར་སྐྱོང་བ་ཡང་མང་པོ་ཞིག་གསོ་སྐྱོང་བྱེད་ཐུབ་ཡོད།

རིན་པོ་ཆེ་ཞིག་ཕེབས་པ་ལ་དང་པོ་ང་ཚོས་རེ་བ་ཆེན་པོ་བྱས། འོན་ཀྱང་། བསམ་པའི་ཡུལ་ལས་འདས་པ་ཞིག་ལ། ཉིན་ཞག་དང་ལོ་ཟླ་མང་པོ་རིམ་གྱིས་འདས་པ་ན། དགེ་སྒྲུབ་རིན་པོ་ཆེ་ནི་ངེད་ཚོས་ཁ་གཏད་གཅོག་ཡུལ་གཙོ་བོ་དེར་གྱུར།

ཁོང་ལ་ཁ་གཏད་གཅོག་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཏེ། ཁྱོད་ལ་སྟག་མོ་ངར་མ་ལྟ་བུའི་སྙིང་སྟོབས་དང་གླང་ཆེན་སྨྱོན་པ་ལྟ་བུའི་སྤོབས་པ་མེད་ན། ལུང་དང་རིགས་པའི་སྒྲུབ་བྱེད་ཅི་ཙམ་ཡོད་ཀྱང་། ཁོང་གིས་ཁྱོད་རང་མི་མང་འཚོགས་པའི་དབུས་སུ་པག་རྩམ་རྫི་རྫི་དང་སྒོག་པ་བརྫོགས་བརྫོགས་བྱེད་ངེས་ཡིན། དེར་བརྟེན། ཁོང་གིས་ལན་མང་པོར་ང་ཚོ་ཕམ་པར་བྱས། ཡིན་ནའང་། ངེད་ཚོས་བདེན་པ་ངེད་ཅག་ལ་ཡོད་པ་ཤེས་ཡོད།

ཁོང་གིས་ཤ་ཟ་བ་ལ་ཕན་པ་ཡོད་པ་ལས་ཉེས་པ་མེད་ཚུལ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་བསྒྲུབས། ཁོང་གིས་མདོ་ལུང་རྐྱང་རྐྱང་དྲུག་གསུམ་བཅོ་བརྒྱད་དྲངས། ཁོང་ན་རེ། “དུད་འགྲོ་ནི་དུད་འགྲོ་རང་རེད། གླེན་ཞིང་ལྐུགས་པ་རེད། ཁོ་ཚོར་ཆོས་སྒྲུབ་པའི་གོ་སྐབས་ཡོད་མ་རེད། ཨུ་ཧུམམམམ་་་་་་” ཁོང་གིས་མགྲིན་པ་བསངས་ཏེ་མུ་མཐུད་ནས། “ང་ཚོས་ཁོ་ཚོའི་ཆེད་དུ་ཆོས་བསྒྲུབ་དགོས་པ་རེད་དམ་མ་རེད།” ཁོང་གིས་ཁྲི་ཐོག་ནས་སྤྱན་ཟུང་གོར་མོ་སྡེར་མ་འདྲ་ཞིག་བགྲད་ནས་མི་མང་ལ་བལྟས་འདུག “གལ་ཏེ། ཆོས་དང་ཟང་ཟིང་གི་འབྲེལ་བ་གང་ཡང་མེད་ན། སེམས་ཅན་དེ་ལ་གང་ཡང་ཕན་གྱི་མ་རེད། དེ་འདྲ་སོང་ཙང་། ཤ་བཟས་ནས་སེམས་ཅན་དེའི་ཆེད་དུ་གཟུངས་སྔགས་ཟབ་མོ་བགྲངས་ན། སེམས་ཅན་དེ་ངན་སོང་ལ་མི་འགྲོ་ཐག་ཆོད་ཡིན། ངས་ཐག་བཅད་ནས་བཤད་པ་ཡིན།”

ཁོང་གིས་བཀའ་སློབ་གནང་རིམ་བཞིན་ངེད་ཚོགས་པའི་ཚོགས་མི་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། སྐབས་ཤིག་ལ་ཚོགས་མི་བརྒྱ་ལྷག་ཡོད་མྱོང་བའི་ཚོགས་པ་འདི་ད་ལྟ་སྟོང་ལ་ཉེ། ད་ལྟ་ཚོགས་མི་དྲུག་ལས་ལྷག་མེད། ཚོགས་མི་ཉུང་དུ་ཕྱིན་པ་ཙམ་ག་ལ་ཡིན་ཏེ། ས་འདིར་དཀར་སྐྱོང་བ་ཡང་ཇེ་ཉུང་ཇེ་ཉུང་རེད། དེ་ལས་ལྡོག་སྟེ་ཤ་ཟ་མཁན་ཇེ་མང་། ཆང་འཐུང་མཁན་ཇེ་མང་། སྔགས་བགྲང་མཁན་ཇེ་མང་། ཕྲེང་ཐོགས་ཇེ་མང་། རྙོག་གཞི་ཇེ་མང་། མདོར་ན། བཀྲ་ཤིས་བདེ་ལེགས་ཇེ་ཉུང་དང་ཁ་ཆག་སྣ་རལ་ཇེ་མང་རེད།

ང་ཚོས་ངེད་ཅག་གི་ཚོགས་པ་འདིས་ད་ལྟའི་བར་དུ་བསྒྲུབས་པའི་བྱ་བཞག་ནི། སྤྱི་ཚོགས་ལ་ཕན་པ་དང་། ཆོས་དང་མཐུན་པ། དེང་རབས་ཀྱི་ལམ་སྲོལ་དང་མཐུན་པ་བཅས་ཡིན་པ་ཤེས་ཡོད། ད་དུང་ཚོགས་པ་འདི་འཆི་གསོན་གྱི་མཚམས་ལ་སླེབས་ཡོད་པ་དང་། དེའི་འགག་རྩ་གང་ལ་ཐུག་ཡོད་པ་ཡང་ཤེས་ཡོད། ཚོགས་པ་འདི་གསར་འཛུགས་བྱེད་སྐབས་དམ་བཅའ་ཤིན་ཏུ་བརྟན་པོ་བཞག་ཡོད་པས། ལས་སླ་པོ་བྱས་ནས་བློས་གཏོང་མི་ཐུབ།

འཆི་གསོན་གྱི་འགག་མདོ་རུ་སླེབས་དུས། ང་ཚོ་གོ་མེད་ཚོར་མེད་དུ་སྡོད་ཐབས་བྲལ། ང་ཚོ་ཚོགས་མི་དྲུག་པོ་འཛོམས་ནས་གྲོས་བསྡུར་ཞིག་བྱས། ཚང་མའི་བློ་རྩ་ཧ་ཅང་བརྟན། ཚོགས་པ་འདི་ནམ་མཁའི་འཇའ་ལྟར་ཡལ་དུ་འཇུག་འདོད་པ་སུ་ཡང་མེད། འོན་ཀྱང་། ཐབས་ལམ་ཅི་ཞིག་ཡོད། “ང་ལ་ཐབས་ཤེས་གཅིག་ཡོད་་་་་་་་་” ཁུ་སིམ་མེ། འཇམ་ཐིང་ངེར་གྱུར་ནས་སྐར་མ་འགའ་འགོར་རྗེས་ཚོགས་གཙོས་ཁ་གྲགས་བྱུང་། ཁོས་མུ་མཐུད་ནས། “ཁྱེད་རང་ཚོ་འདོད་མོས་ཡོད་མེད་མི་ཤེས།” ང་ཚོ་ཚང་མས་གཟབ་ནན་བྱས་ནས་ཁོ་ལ་ཉན། ཚོགས་གཙོས་གདངས་ཚོད་ཆེན་པོའི་སྒོ་ནས་ཁོའི་ཐབས་ཤེས་དེ་ང་ཚོར་གསལ་བཤད་བྱས་བྱུང་། “ཁྱེད་རང་ཚོ་མོས་མཐུན་ཡོད་དམ། ཡང་ན། ཐབས་ཤེས་གཞན་ཡོད་དམ།” མཇུག་ཏུ་ཁོས་དེ་ལྟར་དྲིས། ང་ཚོ་ཚང་མས་”ཤིན་ཏུ་ལེགས་སོ།། མོས་མཐུན་ཡོད།” ཅེས་བརྗོད།

ས་ག་ཟླ་བ་ཤར་བྱུང་། ས་གཞི་ལ་ལྗང་མདོག་རྒྱས་ཤིང་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད། དེ་ནི་ནམ་མཁའི་ལྷ་དང་ལྷ་མོ་རྣམས་མི་ཡུལ་ལ་སེམས་ཤོར་ནས། མེ་ཏོག་སྣ་ཚོགས་སུ་བརྫུས་ནས་མི་ཡུལ་ལ་བབས་པ་དང་མཚུངས། མི་ཡུལ་བསྐྱུར་ནས་ཐག་རིང་ཐག་རིང་ཞིག་ན། སྐྱིད་པོ་སྐྱིད་པོ་ཞིག་ཡོད་པར་སྨོན་པ་ནི་མུན་ནག་ལག་སྙོབ་རེད་ཨང་།

ས་ག་ཟླ་བའི་ཚེས་བཅུ་ནས་བཅུ་དྲུག་བར་དུ་མ་ཎི་འབུམ་ཚོགས་རེད། དེ་ནི་དགེ་སྒྲུབ་རིན་པོ་ཆེས་ཁོང་གི་སྐུ་ཡོན་ངོམ་ས་རེད་ལ། ངེད་ཚོགས་པས་ལས་འགུལ་སྣ་མང་སྤེལ་ས་རེད། ཚེས་ཉི་ཤུ་ནས་ཉིན་གསུམ་རིང་བཛྲ་གུ་རུའི་ཚོགས་སྒྲུབ་རེད། དེ་ནི་ཁོང་གིས་སེམས་ཅན་ཞིག་གི་ཤ་ཚོགས་ཤར་ཕུལ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་སོགས་ལས་བརྩམས་ཏེ། ཤ་ཟ་བར་བསྐུལ་བའི་དུས་ཚོད་ཡག་ཤོས་དེ་རེད།

ཚེས་བཅུ་དགུའི་དགོང་མོ། ང་ཚོ་གསང་སྟབས་ཀྱིས་རིན་པོ་ཆེའི་གཟིམས་ཁང་དུ་མཆོངས་ཏེ་གྲ་སྒྲིག་ཚགས་ཚུད་ཡིན་པའི་ལས་འགུལ་དེ་སྤེལ། ཁོང་ཧ་ལས་ཤིང་ཧོན་འཐོར་སོང་། ཁོང་གིས་ཤ་ཟད་རུས་ཟད་དུ་གྱུར་པའི་ན་གཞོན་ཚོགས་པ་ལ། དེ་ལྟ་བུའི་སྟོབས་ཤུགས་ཡོད་པར་ནམ་ཡང་བསམ་མ་མྱོང་བ་འདྲ། ང་ཚོས་དགོངས་སེལ་དང་སྦྲགས། འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་མ་སྤེལ་རང་སྤེལ་བྱུང་བའི་དངོས་ཡོད་གནས་བབ་གསལ་བཤད་བྱས་རྗེས། མི་གཉིས་ཀྱིས་གཡས་ནས་འཇུས། གཉིས་ཀྱིས་གཡོན་ནས་འཇུས། གཅིག་གིས་མདུན་ནས་རྩི་ཤིང་གཏུབ་བྱེད་ཅེམ་ཙེའམ་ཁེ་གྲི་བཏོན་ནས། ཁོང་གི་ཕྱག་མཛུབ་གཉིས་གསུམ་ཞིག་གཏུབ་རྩིས་བྱས། “མཐེ་བོང་གཉིས་གཏུབ་ཤོག”
“མ་རེད། ལག་པ་ཡ་གཅིག་གི་མཛུབ་མོ་ཆ་ཚང་གཏུབ་ཤོག” ང་ཚོས་འཇིགས་སྐུལ་སྣ་ཚོགས་བྱས། དོན་ངོ་མར་ང་ཚོ་ལ་ཁོང་གི་ཕྱག་མཛུབ་གཏུབ་འདོད་མེད། འོན་ཀྱང་། ཁོང་གི་ཞལ་མདངས་འགྱུར་སོང་།
“ང་མ་གཏུབ་དང་། ང་མ་གཏུབ་དང་།” ཁོང་འཚབ་ཤ་ལངས་ནས་ཅི་གསུང་འདི་གསུང་མེད་པ་ཆགས། “ང་ངངང་་་་་་་་་ ངའི་་་་ངའིའིའིའི་་་་་་་་གཏུབས་ནས་གང་བྱེད་ཀ”
“ཚོགས་ཤ་ལ་སེམས་ཅན་དཀྱུས་མ་ཞིག་གི་ཤ་འབུལ་བ་ལས། སྐྱེས་ཆེན་དམ་པ་ཞིག་གི་ཤ་ཕུལ་ན་ཕན་ཡོན་ཆེ་བ་ང་ཚོས་ཤེས་ཡོད།” ཚོགས་གཙོས་དེ་སྐད་སྨྲ་བཞིན་ཁོང་གི་ཕྱག་མཛུབ་གཅིག་ཤུགས་ཀྱིས་འཐེན།
“ཨང་ཨངངང་་་་ཨང་་ ང་ང་ངང་ངངངངང” ཐོག་མར་ཁོང་གི་ཞབས་གཉིས་འདར་གསིག་བརྒྱབ་པ་དང་དེ་ནས་སྐུ་ལུས་ཡོངས་རྫོགས་འདར་གསིག་བརྒྱབ་བྱུང་། དེ་ནི་ང་ཚོར་མཚོན་ན་དགའ་འོས་པ་ཞིག་རེད། དང་ཐོག་ལས་འགུལ་འདི་ལ་ལམ་འགྲོ་རྒྱུགས་མིན་ཐེ་ཚོམ་ཆེ་རུང་། ད་ནི་ལམ་འགྲོ་རྒྱུགས་ཐག་ཆོད་ཡིན་པའི་བདེན་དཔང་རྙེད་སོང་།

ང་ཚོའི་སྣ་ལམ་དུ་གཅིན་དྲི་ངར་པོ་ཞིག་འཐུལ་ཡོང་བ་ན་ང་ཚོས་ལས་འགུལ་མཚམས་འཇོག་བྱས།

ཚེས་ཉི་ཤུའི་སྔ་དྲོ། དགེ་སྒྲུབ་རིན་པོ་ཆེ་བཞུགས་ཁྲིའི་སྟེང་ན་བཞུགས་ཤིང་། མདུན་དུ་མི་བརྒྱ་ཕྲག་ཁ་ཤས་ཡོད། ངེད་ཅག་ཁོང་གི་བཞུགས་ཁྲི་དང་མི་རིང་བའི་གཡས་ཟུར་དུ་བསྡད་ཡོད། “ཨུ་ཧུམ།” ཁོང་གིས་ནམ་རྒྱུན་ནང་བཞིན་མགྲིན་པ་བསངས། དེ་ནི་བཀའ་སློབ་གནང་རྒྱུའི་སྔོན་བརྡ་རེད། “ན་མོ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། ་་་་་་་་་་་་” ཁོང་གིས་བཀའ་སློབ་གནང་འགོ་བརྩམས། ཁོང་གིས་གནང་སྟངས་ལ་བལྟས་ན། མདང་དགོང་ཅི་ཡང་བྱུང་མེད་པ་ལྟ་བུར་མངོན་པས་ངེད་ཚོའི་སེམས་ལ་བྲེད་སྔངས་སྐྱེས། ཁོང་དངོས་གནས་ཁ་དན་ཚིག་ལ་གནས་ཨེ་ཡོང་སྙམ། ཁོང་གིས་ངེད་ཚོའི་ཕྱོགས་སུ་གཟིགས་པ་དང་སྟབས་བསྟུན་ནས་ཚོགས་གཙོས་ཁ་པར་ཡར་འཕྱར་ཙམ་བྱས། དེ་ནི་ཁོང་ལ་མདང་དགོང་གི་ཐ་ཚིག་དྲན་གསོ་བཏང་བ་ཡིན། མདང་དགོང་ང་ཚོ་ཁོང་གི་གཟིམས་ཁང་དང་ཁ་འབྲལ་དུས། ཐ་ཚིག་ཅིག་བསྒྲགས་ཡོད།
“དོ་དགོང་གི་གནས་ཚུལ་ཆ་ཚང་ཁ་པར་འདིའི་ནང་དུ་བརྙན་བླངས་ཡོད། སྤྱི་ཚོགས་བརྒྱུད་ལམ་ལ་ཁྱབ་བརྡལ་འགྲོ་མི་འགྲོ་ནི་སང་ཉིན་ཁྱེད་རང་གི་བྱ་སྤྱོད་ལ་རག་ལས་ཡོད།”

བརྩམས་སྒྲུང་།

Post navigation

Previous Post: དྲི་བ་གསུམ། The Three Questions
Next Post: བཀའ་ཤག་གི་ལམ་བཟོ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme