Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་ཐང་རྫོང་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར།

Posted on 2012-01-262012-01-27 By དབང་ཕྱུག་ 8 Comments on འཛམ་ཐང་རྫོང་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར།

ཕྱི་ ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་ཤེས་རྟོགས་བྱུང་བར། ཕྱི་ཚེས་ ༢༣ ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་འཛུ་སྨད་ན་མདའ་ཞང་ཐོག་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་༼གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ།།༽ཞེས་པའི་གསོལ་འདེབས་སྐྱོར་བཞིན་མར་མེ་ཁྲོམ་སྐོར་བྱས་ཤིང་། སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ལས་དགའ་སྤྲོས་ཁེངས་པའི་ཉིན་མོ་ཞིག་མིན་ཚུལ་དང་། རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་རེ་རེ་བཞིན་མི་མང་ལ་ངོ་སྤྲོད་དང་བཅས་གཏམ་བཤད་གནང་ཡོད་འདུག
དེ་བཞིན་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་དུས་ཚོད་ ༡༢ ཙམ་ལ་འཛུ་སྟོད་འཛམ་ཐང་བར་མ་ཞང་ཐོག་ཏུ་རི་སྤུངས་ནོར་མོའི་བུ་ཐར་པ་ཞེས་པས་ཡི་གེ་སྦྱར་ནས་ད་བར་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་བོད་ལ་རང་དབང་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་ཞིང་། དམིགས་ཡུལ་དེ་མ་འགྲུབ་བར་དུ་ང་ཚོ་བོད་མིས་ལས་འགུལ་མཚམས་འཇོག་མི་སྲིད་པ་བཅས་ཀྱི་ནང་དོན་འཁོད་ཡོད་པ་དང་། ཡི་གེ་འདི་སྦྱར་མཁན་ཐར་པ་ཁོ་རང་ཡིན་ཚུལ་གྱིས་ཁོ་རང་གི་འདྲ་པར་དང་། མིང་སོགས་གསལ་པོ་བྲིས་ནས་ཁྱེད་རྒྱ་གུང་ཁྲན་འཛིན་བཟུང་བྱེད་དུ་ཤོག་ཅེས་བྲིས་ཡོད་སྟབས། བོད་ནང་གི་དུས་ཚོད་ ༢ ཙམ་ལ་ཉེན་རྟོག་པ་དང་དམག་མི་མང་པོས་རི་སྤུངས་ནོར་མོ་ཚང་བསྐོར་ནས་ཐར་པ་འཛིན་བཟུང་གིས་བཙན་ཁྲིད་བྱེད་སྐབས་མི་མང་གིས་ནུས་ཤུགས་ཡོད་དགུས་བཀག་འགོག་བྱས་ཤིང་། མི་མང་པོས་ངོ་རྒོལ་སྐད་འབོད་དང་ཐར་པ་བཟུང་ན་མི་མང་ཚང་མས་ཡར་ལངས་བྱེད་རྒྱུ་ཡིན་ཚུལ་སོགས་བརྗོད་ནས་བཀག་འགོག་བྱས་པར་བརྟེན། ཉེན་རྟོག་པས་མི་མང་ཐོག་མཚོན་ཆ་བེད་སྤྱོད་ཀྱིས་གནས་ཚུལ་ཡོང་ཁུངས་ནས་གསུང་དོན་ལྟར་ན་མི་གཅིག་སྐབས་དེ་རང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་མིན་གྱི་མང་པོ་ཞིག་ལ་མེ་མདས་རྨས་སྐྱོན་ཕོག་ཡོད་ཀྱང་ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ད་ལྟ་མུ་མཐུད་ཛ་དྲག་གི་གནས་སྟངས་འགྲོ་བཞིན་ཡོད་སྟབས་གསལ་པོ་ཤེས་རྟོགས་མ་ཐུབ་མོད། རྒྱ་གར་གྱི་དུས་ཚོད་ ༧ ཙམ་ལ་གནས་ཚུལ་ཤེས་རྟོགས་བྱུང་བར་འཛུ་སྟོད་འཛུ་སྨད་སོགས་ས་ཕྱོགས་མང་པོ་ཞིག་ནས་བར་མ་ཞང་དུ་མི་མང་གཅིག་ཁྲི་ཡས་མས་འདུ་འཛོམས་བྱུང་ཡོད་པ་དང་། ད་དུང་ས་གནས་མང་པོ་ནས་མི་མང་བར་མ་ཞང་དུ་ཡོང་བཞིན་ཡོད་འདུག་པ་བཅས་ཀྱི་ཛ་དྲག་གི་གནས་འཕྲིན་དུ།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ལ།

གསར་འགྱུར།

Post navigation

Previous Post: པེ་ཅིང་གི་འགོ་ཁྲིད་ཚོས་རང་གི་ནང་མི་དམར་གསོད་བྱས་སྟབས་ཁྲིམས་ལ་སྦྱོར་གྱི་ཡིན།
Next Post: རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

Comments (8) on “འཛམ་ཐང་རྫོང་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར།”

  1. རིག་པའི་བུ says:
    2012-01-26 at 7:12 pm

    གཅིག་རྒྱབ་གཅིག་གིས་བསྣན་རྒྱུ་ནི་གལ་གནད་དུ་མཐོང་ལ་བོད་མི་རྣམས་ཀྱིས་དེ་ལྟར་བྱེད་བཞིན་ཡོད་པ་ནི་དགའ་འོས་བའི་གནས་སུ་མཐོང་། ད་དངོས་གནས་བོད་མི་རྣམས་གཉིད་སེལ་འདུག

  2. མིག་བརྒྱད་པ། says:
    2012-01-26 at 7:30 pm

    ང་ཚོའི་བོད་མི་རིགས་འདིས་གཅིག་རྗེས་གཉིས་མཐུད་དུ་དམག་མིའི་ཁ་གཏད་ནས་སྡུག་པོ་མྱངས་ན་སེམས་ཀྱིས་བཟོད་ཐབས་མི་འདུག་ལ་གཞུང་གིས་ཞི་བའི་མི་དམངས་ཐོག་ལ་དྲག་གནོན་བྱེད་པ་འདི་ཡག་རྟགས་ཤིག་གང་ནས་ཡིན། །དེའི་མཇུག་འབྲས་་་་

  3. འདོད་ལྷ་ཁམས་པ། says:
    2012-01-26 at 10:49 pm

    འཇིག་རྟེན་འདི་ཐོག་མར་ཆགས་དུས་འཇིག་རྟེན་བཀོད་པ་པོས་དྲང་བོ་གནང་མི་འདུག་སྙམ། ཅིའི་ཕྱིར་འདི་འདྲ་བའི་བྱམས་དང་སྙིང་བརྗེའི་མི་རིགས་ཅིག་གཏུམ་དྲག་དང་མ་རུང་བའི་མི་རིགས་ཅིག་གི་ཁྱིམ་མཚེས་སུ་འཁེལ་བཅུག་པ་རེད་དམ།
    སྙིང་བརྗེ་ཅན་དང་གཏུམ་དྲག་ཅན་མཉམ་དུ་བཞག་པ་ག་རེ་རེད། ངོ་ཚ་ཅན་དང་ངོ་ཚ་མེད་པ་གཅིག་ཏུ་སྦྲེལ་བ་ག་རེ་རེད། མི་རབས་ནས་མི་རབས། དུས་རབས་ནས་དུས་རབས་བར་དུ་འདི་ལྟར་འགྲོ་དགོས་སམ། བཏང་སྙོམས་ཤིག་མཛད་ཡག་མི་འདུག་གམ། འཇིག་རྟེན་མཁན་པོ་ལགས། མི་རིགས་འདིའི་ཁ་སང་དེ་རིང་གི་ལས་དབང་ལ་གཟིགས་པ་གནང་ལགས་སམ། ད་མི་རིགས་འདིས་ག་རེ་བྱེད་དགོས་རེད།
    ཁུ་ཚུར་འཁྱེར་ནས་མེ་མདའི་མདུན་ལ་མུ་མཐུད་མཆོང་དགོས་རེད་པས། ལུས་པོ་རྗེན་པོ་སྟག་གི་སྔུན་ལ་འདི་ལྟར་རྒྱུགས་དགོས་རེད་པས།
    དཀོན་མཆོག་ལགས། ང་ཚོས་འཇིག་རྟེན་ན་ལས་དང་རྒྱུ་འབྲས་ཡོད་པར་ཁས་ལེན་དགོས་སམ་མི་དགོས། དགོས་ན་དཔང་རྟགས་ཅིག་མྱུར་དུ་མཛོད་དང་།

  4. gangrikarpo says:
    2012-01-27 at 9:39 am

    ངོ་མ་་་་

  5. ལྷག་པ་ཚེ་རིང་། says:
    2012-01-27 at 10:02 am

    ཁྱེད་རྣམ་པས་འདི་ལྟར་སྲོག་ལ་བདག་པོ་རྒྱབ་ནས་ངོ་རྒོལ་བྱས་ན་བོད་ལ་རང་དབང་ཐོབ་ཀྱི་རེད། བོད་རྒྱལ་ལོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-01-27 at 10:21 am

    འཛམ་ཐང་གི་ཛ་དྲག་གནས་ཚུལ་འདིས་ང་རེ་བ་དང་ཆོད་སེམས་གསར་པ་ཅིག་སླེབས་སོང་། བོད་བཞུགས་བོད་མི་ཚོས། མཉམ་རུབ་ཀྱིས་ལས་འགུལ་འདི་ལྟ་བུ་སྤེལ་དགོས་པ་ལས། རང་སྲོག་གཅོད་པའི་ལས་འགུལ་དུས་ནམ་ཡང་སྤེལ་དགོས་ཡོད་མ་རེད།
    ད་ནི་ས་ནས་དེ་ནས་བོད་རྒྱ་ཕྲག་དང་། སླར་ཡང་ཁྲི་ཕྲག་ལངས་ནས་རྒྱབ་སྐྱོར་དང་། ཉེ་འགྲམ་ནམ་འབུམ་ཕྲག་དང་། བོད་ས་ཡོངས་ནས་ས་ཡ་དང་ས་ཡ་བརྒལ་ནས་ཞི་བིའ་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་འདུག་ལགས།

  7. gangrikarpo says:
    2012-01-27 at 12:58 pm

    འཛམ་ཐང་གཙང་བ་དགོན་ཆེན་གྱི་ཁོངས་གཏོགས་སེར་སྐྱ་1000 བསྒལ་བ་ཙམ་གྱིས་གདུང་སེམས་མཉམ་བསྐེྱད་བྱས་པ་དེ་ཧ་ཅང་ཡ་མཚན་རེད། གང་ཡིན་ཞེ་ན ང་ཚོ་བཙན་བྱོལ་བའི་ཁྲོད་དུ་ཇོ་ནང་བ་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་ཡང་རགས་མེད་པ་དང་། གཞན་ཡང་མགོ་ལོག་པདྨ་རྫོང་ཁོངས་གཏོགས་ཇོ་ནང་ཨ་སྐྱོང་རྒྱ་དགོན་དང་།
    གཞན་ཡང་པན་ནགས་དགོན་དང་ལྕགས་རི་དགོན་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་མཐར་ད་ལྟ་རྒྱ་དགོན་པའི་རྣམས་དགོན་གྲོང་གཉིས་སུ་སྡོད་མ་ཐུབ་པར་རི་མགོར་བྲོས་བྱིན་པ་སོགས་གནས་ཚུལ་འགའ་དུས་བབས་དུ་བཀོད་ཟིན་པ་དང་། བཙན་བྱོལ་བའི་ཁྲོད་ཆོས་རྒྱུད་གྱི་མིང་ཐོ་འབྲི་ས་མ་སྙེད་པའི་ཆོས་རྒྱུད་ཅིག་གིས་ཀྱང་དེ་ལྟར་བྱས་ན། ཆོས་རྒྱུད་གཞན་དག་གིས་ལས་འགུལ་སྤེལ་ཅི་ཐུབ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་སྙམ།
    སྤྱིར་བཏང་བོད་མིའི་རྩ་དོན་འདི་རྩམ་ཟན་བོད་མི་ཡོད་ཚད་ཀྱི་འཐབ་རྩོད་ཞིག་ལས་ ཆོལ་ག་ཅིག་དང་ཆོས་རྒྱུད་གཅིག་གི་ལས་དོན་མིན་པ་སྨོས་ཀྱང་མི་དགོས་ལ། ཡང་བསམ་བློ་རེ་བཏང་ན། བོད་རྒྱལ་ཁབ་ཆེན་མོའི་རྒྲལ་ས་རུ་གནས་སྡོད་བཅའ་བའི་བོད་པ་རྣམས་ཀྱིས་ཀྱང་། རྒྱ་མི་རིགས་ཀྱི་དཔོན་པོ་ཚོན་པོ་རྣམས་ཀྱི་ལད་མོ་བྱས་དེ་རང་མི་རིགས་ཀྱི་བླ་སྲོག་བོད་སྐད་གཙང་མ་དེ་ཕར་གཡུགས་ནས། ཁ་ནས་རྒྱ་སྐད་སྙན་མོ་ཞིག་དང་ཁོག་ལ་རྒྱ་ཟས་ཞིམ་པོ་ཞིག་རགས་པ་ཙམ་གྱི་ཡིད་ཚིམ་པ་ན་ངོ་མ་ངོ་མཚར་བའི་གནས་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-01-28 at 5:21 am

    རང་བཙན་མ་རྩོད་པར། ཁོར་ཡུག་སྲུང་སྐྱོབ། ཆོས་དད་རང་དབང་དང་བོད་ཡིག་སྐད་ཡིག་གི་རང་དབང་སོགས་ལ་རྩོད་ནས། རང་གཞན་སྲོག་ལ་མ་གནོད་པའི་ཐོག་ནས་ཞི་བའི་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་རེད་དོ། གཞིས་བྱེས་བོད་མི་ཚོ། དགེའོ། དགེ་བར་འགྱུར་ཅིག །བོད་རིགས་ཀྱི་བདེན་པ་དེ་མྱུར་དུ་རྒྱལ་བར་འགྱུར་ཅིག །བོད་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme