Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་སྤྱི་དང་རྒྱ་བོད་གཉིས་གར་སྨན་པའི་བསམ་འཆར།

Posted on 2012-01-28 By ཁ་བརྡ་ 12 Comments on འཛམ་གླིང་སྤྱི་དང་རྒྱ་བོད་གཉིས་གར་སྨན་པའི་བསམ་འཆར།

by Surya Tehortsang

ཀློག་པ་པོ་རྣམ་པ་ལགས། གལ་སྲིད་ང་རྒྱ་ནག་གི་སྲིད་འཛིན་པ་ཞིག་ཡིན་པའི་དབང་དུ་བཏང་ན་ངས་བོད་མི་སེར་ལ་ཆོས་དད་རང་དབང་ཆ་ཚང་སྤྲད། དེའི་སྟེང་བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམ་གཤིས་མ་ཉམ་པའི་ཐོག་ནས་དེང་རབས་ཀྱི་སློབ་སྦྱོང་གང་ཡག་ཡག་དང་། གང་ཟབ་ཟབ་སྟེ་ཚན་རིག དཔལ་འབྱོར། ཆབ་སྲིད་གསུམ་བོད་མིའི་དགོས་མཁོ་ལྟར་བསླབ། བསླབ་པ་ནང་བཞིན་རྒྱ་ནག་གི་མི་རིགས་ལ་ཐོབ་ཐང་གང་ཡོད་ལྟར་ལས་དཀའ་སྤྲད། བོད་མི་རིགས་ལ་སེམས་གཏིང་ནས་ཡིད་ཆེས་བྱེད་དགོས་པ་རེད། བོད་པ་ལ་དགོས་རྒྱུའི་རྩ་བ་དེ་ཡིད་ཆེས་རེད། ཡིད་ཆེས་ནི་བོད་མིའི་ལྟ་གྲུབ་དང་པོ་དེ་རེད། བོད་མི་རིགས་ལ་ཡིད་ཆེས་མེད་ན་བོད་མི་བརྟེན་པའི་དགོས་མཁོ་བསྒྲུབ་མི་ཐུབ་པ་དེ་ཡང་ཤེས་དགོས་པའི་ལྟ་གྲུབ་ཀྱི་གནད་གསང་ཞིག་ཡིན། དེ་ནས་གོང་ས་མཆོག་གི་སྐུ་པར་ག་ཚོད་སྒྲོན་ན་སྒྲོན་དུ་བཅུགས། གཞུང་རང་ངོས་ནས་རིན་ཐང་ལྡན་པའི་སྐུ་པར་བཟོ་བསྐྲུན་ལེགས་པ་ཞིག་བཟོས་ཏེ་བོད་ཁྱིམ་དུད་རེ་རེ་ལ་ལེགས་སྐྱེས་སུ་བསྩལ། གོང་ས་མཆོག་གི་ཡོན་ཏན་བརྗོད། གོང་ས་མཆོག་མཇལ་བའི་ཆེད་དུ་སུ་འགྲོ་འདོད་ན་བཏང་། གོང་ས་མཆོག་བོད་ནང་དང་། རྒྱ་ནག་ལ་གདན་འདྲེན་ཞུས། བོད་རིགས་དང་། རྒྱ་ནག་གི་དད་ལྡན་པ་ཡོངས་རྫོགས་ཀྱི་དགོས་འདོད་དང་། རེ་བསྐུལ་བྱས་པ་ཡིན་ན་རྒྱལ་ནང་ཞི་བདེ་དང་། བོད་པ་དག་རང་བཞིན་གྱིས་ཞི་འཇམ་ངང་འདུག་རྒྱུ་ཉག་གཅིག་རེད། གོང་ས་མཆོག་བོད་དུ་གདན་འདྲེན་ཞུས་ན་ཁོང་གིས་བོད་པ་རྣམས་ལ་རྙོག་ས་མ་བཟོ། རྒྱ་ནག་གཞུང་གི་ངག་ལ་ཉན་དགོས་པ་རེད། གལ་སྲིད་ང་ཚོ་ལ་གནང་ན་རང་སྲིད་རང་སྐྱོང་ཙམ་གྱིས་ཆོག་ཤེས་བྱ་དགོས་པ་རེད། ཅེས་གསུང་རྒྱུ་ལས་རང་བཙན་དགོས་ཞེས་པ་དང་། རང་བཙན་ཡིན་ཞེས་མི་གསུང་བ་དེ་ཕར་བལྟས་ཚུར་གཟིགས་རེད།
དེ་ནས་ལོ་ན་དྲུག་ཅུ་ཡན་སོན་པའི་རྒན་འཁོགས་ཚང་མར་རྒན་གསོ་ཁང་འཛུགས་པ་དང་། ཁོ་ཚོ་ཆོས་འབྲེལ་གྱི་གང་དུ་འགྲོ་འདོད་ན་དེར་བསྐྱལ་བ་དང་། ཚུར་མཚན་ཉིད་དང་དགེ་བའི་བཤེས་གཉེན་དག་གདན་འདྲེན་ཞུས་ཏེ་ཁོ་ཚོའི་རང་འདོད་བསྐངས་ཏེ། ཆོས་བརྒྱུད་རིས་མེད་ཀྱི་གདམ་ངག་ཉན་དུ་བཅུགས་ན་བོད་པ་དག་ལ་དེས་ཕན་ངེས་རེད། དེ་མིན་གོང་ས་མཆོག་ལ་ངན་སྨྲས་དང་མཚང་འབྲུ། བོད་ཀྱི་མི་རིགས་གོང་འཕེལ་ལ་ཚོད་འཛིན་དང་། ཆོས་དང་རིག་གཞུང་ལ་དམ་དྲགས་བྱེད་པ་ཡིན་ན་མེ་ལ་ཕུ་རྒྱབ་པ་དང་གཅིག་པ་རེད།
བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལེགས་པར་བྱས་ན་བོད་ཙམ་དུ་མ་ཟད། རྒྱ་ནག་གི་མི་སེར་དང་། འཛམ་གླིང་ཤར་ནུབ་ཀུན་དུ་གཟི་བྱིན་ངོམ་ཆོག་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་མིའི་སེམས་ག་ཚོད་འགུགས་ཐུབ་ན་དེ་ཙམ་དུ་རྒྱ་ནག་གི་གཟི་བརྗིད་ཅིག་ཏུ་བརྩི་ལོས་ཆོག གོང་ས་མཆོག་གཙོར་བྱས་པའི་བོད་བརྒྱུད་ནང་བསྟན་པའི་རྗེས་འབྲངས་པ་དག་དེང་སང་འཛམ་གླིང་ཤར་ནུབ་ཀུན་ཏུ་སྤོབས་པ་ཆེན་པོའི་ཐོག་ནས་འགྲོ་བསྐྱོད་ཐུབ་པ་དེ་ཆོས་དང་རིག་གཞུང་གི་བཀའ་དྲིན་རེད། དེ་ཕྱིར་བོད་ཀྱི་ཆོས་དང་རིག་གཞུང་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཆེས་བསྔགས་འོས་པའི་རིག་གཞུང་ཞིག་དང་། ནང་སེམས་ལ་ཞི་བདེ་བསྐྲུན་ནུས་པའི་ཕུལ་བྱུང་གི་སྨན་ཆེན་ཞིག་ལ་ངོས་འཛིན་བྱ་ལོས་ཆོག སྤྱིར་བཏང་ནང་ཆོས་ཉམས་ལེན་བྱེད་མཁན་མང་པོ་ཞིག་འབར་མ་དང་། ཐེ་ལན་ཊི། ཝེཊ་ནམ། ཁམ་བོ་ཌི་ཡ། ཐེ་ཝན། འཇའ་པཎ་སོགས་མང་པོ་ཡོད་རེད་དེ། བོད་བརྒྱུད་ནང་བསྟན་ནང་བཞིན་མདོ་སྔགས་ཀྱི་ཡོངས་རྫོགས་བརྒྱུད་པ་གཅིག་ལས་བྱུང་བ་དེ་ཁག་པོ་རེད། དེ་ཕྱིར་ད་ལྟ་འཐུས་སྒོ་ཡོངས་སུ་ཚང་བའི་རིག་གཞུང་འདི་ཉིད་རྒྱ་ནག་གི་ལག་འོག་ཏུ་ཡོད་དུས་བེད་ཆོད་གཏོང་ཤེས་ན་ཡག་པོ་ཞེ་དྲ་རེད།
རྒྱ་ནག་གཞུང་གི་བྱ་བྱེད་ལས་གསུམ་ལ་བསམ་བློ་རེ་གཏོང་དུས་བོད་པ་དག་གིས་ངོ་རྒོལ་བྱེད་རོགས་ཀྱིས་ཟེར་བ་དང་གཅིག་པ་རེད། རྒྱལ་བ་རིན་པོ་ཆེའི་སྐུ་པར་སྒྲོན་མི་ཆོག་ཟེར་བ་དང་། རྒྱལ་བ་རིན་པོ་ཆེ་འདྲེ་རེད། རྒྱལ་བ་རིན་པོ་ཆེ་ཆོས་ལུགས་ཁ་ལ་ཁུར་བའི་ཆབ་སྲིད་ཀྱི་གཏེ་པོ་ཞིག་རེད་ཟེར་བ་སོགས་ནི་བོད་མིའི་སྙིང་ལ་གྲི་བཙུགས་པ་དང་གཅིག་མཚུངས་རེད། བོད་མིའི་གཤིས་ཀ་དེ་རང་ཉིད་ཀྱི་འདོད་བློ་དང་བསྟུན་མ་ཐུབ་ན་སྲོག་ལ་ཡང་རིན་ཐང་ཆེ་ཙམ་མི་བྱེད་པ་དེ་རང་གཞན་ཚང་མས་ཤེས་བཞིན་པ་དང་། ད་ལོ་མི་གྲངས་བཅོ་ལྔ་ལྷག་གིས་སྲོག་གི་འགྲོ་དགོས་བཏང་ཟིན་པ་རེད། དེ་ཚོ་ཚང་མས་གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཟེར་མཁན་རྐྱང་རྐྱང་རེད། དེ་ལ་གཅིག་བལྟས་ན་ཡང་རྒྱ་ནག་གཞུང་གིས་བསམ་བློ་བཏང་སྟེ་བོད་པའི་གནས་སྟངས་ལ་གྲོས་མོལ་བྱ་བའི་དུས་ཚོད་ལ་བསླེབ་པར་སེམས། གལ་སྲིད་ད་དུང་འདི་འཕྲོ་མཐུད་ན་རྗེས་ནས་རྒྱ་བོད་གཉིས་ལ་གྱོང་ཆེན་པོ་ཞིག་རག་སྲིད་པ་དང་། བོད་མིའི་སྲོག་ཤོར་བ། རྒྱ་ནག་གཞུང་གི་རྒྱུ་གྱོང་། མཐར་འཛམ་བུ་གླིང་འདིའི་གོང་ལ་ངོ་ཚ་དགོས་པའི་གནས་ཚུལ་འོག འཛམ་བུ་གླིང་འདིའི་གོང་ལ་མི་བདེ་བའི་ཟིང་འཕྲུག་འབྱུང་ངེས་པ་ལ་ཕར་བལྟས་ཚུར་གཟིགས་རེད་མི་འདུག་པས།
འཛམ་གླིང་འདིའི་གོང་ལ་བོད་ཀྱི་རིག་གཞུང་གིས་ཞི་བདེ་བསྐྲུན་པའི་ལོ་རྒྱུས་སྔར་ཡང་མང་པོ་ཡོད་པ་རེད། དེ་ཕྱིར་གཞིས་བྱེས་གཉིས་ཀྱི་བོད་མི་དང་། རྒྱ་ནག་གཞུང་ངོས་ནས་སྲུང་སྐྱོབ་ལེགས་པར་བྱ་རྒྱུ་དེ་གལ་ཆེན་ཞིག་དང་། འཇིག་རྟེན་འདིའི་ཞི་བདེའི་ཆེད་དུ་རེད། ད་དུང་རྒྱ་ནག་གཞུང་ངོས་ནས་བོད་ལ་འཛིན་པའི་སྲིད་ཅུས་ལེགས་སུ་མ་གཏོང་ན་བོད་ཀྱི་བདེ་རྡུགས་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པ་ཚོས་རྒྱ་ནག་ལ་འགོག་རྒོལ་གྱི་སྐབས་འཚོལ་སྲིད་པ་དང་། གལ་སྲིད་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་བོད་ལ་རྒྱབ་སྐྱོར་བྱེད་འོང་དུས་རྒྱ་ནག་གིས་དེ་དག་གི་གང་བཤད་ཉན་ན་དེ་གས་འཐུས་ཀྱང་། དེ་ནི་དུས་ནམ་ཡང་མི་སྲིད་པ་ཞིག་རེད། སུས་བོད་ལ་རོགས་སྐྱོར་ཞི་དྲག་གང་བྱེད་ན་ཡང་དེ་ལ་རྒོལ་ལན་སློག་རྒྱུའི་གྲ་བསྒྲིགས་རྒྱ་ནག་གཞུང་ནས་བྱས་ཚར་བ་ལ་ཚང་མས་ཤེས་ཡོད་རྒྱུ་རེད། གལ་སྲིད་སྟོབས་ཆེན་རྒྱལ་ཁབ་དག་གི་དམག་འཁྲུག་འོག་འཆི་ལ་ཉེ་བའི་རྒྱ་བོད་ཀྱི་མི་སེར་དག་ལ་ཐུགས་བསམ་བཞེས་མཁན་རེ་ཡོད་ན་ད་ལྟ་ནས་ཐུགས་བསམ་བཞེས་རོགས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་པ་ལགས།
རི་བོ་ཧི་མ་ལ་ཡར་སྦས་པའི་རྒྱ་ནག་མཚོན་ཆ་དང་། ཕྱོགས་བཞིའི་དགྲ་བཞིའི་མཚོན་ཆ་དག་བསྡུར་དགོས་བྱུང་ཚེ་ཕྱི་ཚར་བ་རེད་ལ། རྡུལ་ཕྲན་མཚོན་ཆའི་གཞོབ་ཏུ་བསྲེགས་ཟིན་པའི་བོད་ཀྱི་སྣོད་བཅུད་འཐོབ་ན་ཡང་དགེ་ཕན་མེད་པར་ཆགས་སྲིད་པ་རེད།། དེ་ཕྱིར་ད་ལྟ་ནས་བསམ་ཤེས་རེ་ཡོད་ན་བོད་དང་བོད་མི་ལཇབརྟེན་ནས་འཛམ་བུ་གླིང་འདི་མི་བདེ་བའི་ཆག་སྒོ་དག་འགོག་ཐབས་ལ་འབད་དགོས་པ་ནི་ཁ་ཚ་དགོས་གཏུག་རེད། བོད་དོན་འདིས་གོ་ལ་ཧྲིལ་པོ་མེ་ནང་དུ་གཞོམ་པ་དང་། མཚོན་འོག་ཏུ་མི་བསྐྱལ་བའི་ངེས་པ་མི་འདུག་པས་བསྟན་པ་སྤྱི་དང་བྱེ་བྲག མི་རིགས་སྤྱི་དང་བྱེ་བྲག་གི་མ་འོངས་པའི་ཕུགས་འདུན་དང་། དགེ་ཕན་ལ་ཐུགས་བསམ་ལེགས་པར་མ་བཞེས་ན་ཆོས་ཀྱི་འབྱུང་གནས་ཤིག་འཛམ་གླིང་འདི་ཕུང་ལ་སྦྱོར་བའི་རྒྱུ་རུ་འགྱུར་སོང་ན་ནང་པ་སངས་རྒྱས་པའི་སྤྱིའི་ཞབས་འདྲེན་དང་། ཡང་དགོས་བོད་ཁ་བ་གངས་ཅན་པའི་ཞབས་འདྲེན་ཞིག་མ་རེད་པས། ང་ཚོས་ཇི་ལྟར་རྩོད་ཀྱང་མཐར་ཕམ་ཁ་ཉོ་རྒྱུ་ཉག་གཅིག་རེད། རྒྱ་ནག་མང་གཙོ་འགྱུར་བ་ལ་བརྒུག་འདོད་ན་རྒྱལ་ཕྱི་ནང་གི་བོད་མི་ཚོས་རྙོགས་དྲ་བཟོ་མ་བསྡད། གལ་སྲིད་མང་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་སོང་ན་བོད་མིའི་ཚེ་སྲོག་མ་བཏང་རུང་འགྱུར་བ་འགྲོ་ངེས་རེད། སྐབས་དེ་དུས་རང་དབང་ཞིག་རག་པའི་དབང་དུ་བཏང་ན་ཡང་རྒྱ་ནག་མི་རིགས་དང་དཔུང་པ་མཉམ་དུ་གཤིབ་ནས་འདུག་དགོས་པ་དེ་ལས་དབང་གིས་བསྐོས་པ་ཞིག་སྟེ། གཅིག་ནས་ཁྱིམ་མཚེས་རེད། གཉིས་ནས་སྟོབས་ཆེན་རྒྱལ་ཁབ་རེད། གསུམ་ནས་འབྱོར་ལྡན་ཡིན་དུས་དཔལ་འབྱོར་གྱི་འདུ་འགོད་ལ་མ་བརྟེན་རང་བརྟེན་རེད། དེ་ཕྱིར་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ངོ་རྒོལ་བྱ་རྒྱུ་མཚམས་ན་ལེགས་ཤོས་རེད་ལ། རྒྱ་ནག་གཞུང་ནས་ཀྱང་བོད་ལ་འཛིན་སྟངས་དེ་སྔར་ལས་ལེགས་སུ་བཏང་སྟེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཇེ་ལེགས་སུ་གཏོང་ཐུབ་ན་གཉིས་ཀའི་དགེ་ཕན་བསྒྲུབ་ཐུབ་པར་སེམས།
སྤྱི་ལོ་༢༠༡༢་ཟླ་བ་༡་ཚེས་༢༦་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕུལ།

སྣ་ཚོགས།

Post navigation

Previous Post: ལྟོགས་སད།
Next Post: རང་ལུས་མེ་སྲེག་གི་ལས་འགུལ་མཚམས་འཇོག་དགོས་པའི་རེ་སྐུལ་ནན་ཏན་ཞུ་དགོས།

Comments (12) on “འཛམ་གླིང་སྤྱི་དང་རྒྱ་བོད་གཉིས་གར་སྨན་པའི་བསམ་འཆར།”

  1. ཁ་བའི་རྡུལ་བརྩེགས། says:
    2012-01-29 at 12:54 am

    ཟླ་བ་གྲགས་པའི་ཕ་འདྲ་བོ་རྨིས་འདུག་བ།

  2. ཀརྨ་ཡེ་ཤེས says:
    2012-01-29 at 5:31 am

    Surya Tehortsang ལགས། དཔེ་ཡག་པོ་གསུངས་བཞག གཉིས་ཕན་དབུ་མའི་ལམ་དེ་འདི་འདྲ་ཞིག་རེད། ནམ་རྒྱུན་རྒྱལ་བ་རིན་པོ་ཆེས་གསུངས་པ་ཡང་འདི་འདྲ་ཞིག་རེད། དངོས་ནས་མཁས་དཔྱོད་ལྷག་བསམ་ལྡན་པའི་འཛམ་གླིང་གི་སྒྲོན་མེ་ཞིག་སྦར་འདུག

  3. དྲན་མེད་གླང་སྨྱོན། says:
    2012-01-29 at 1:17 pm

    མི་ཁྱེད་འདྲ་པོ་མང་པོ་ཞིག་བོད་པའི་འཁྲི་མཐོན་པོའི་ས་ལ་ཡོད་ན་ག་དུས་ཡིན་ན་ངོ་ཚོ་བོད་མི་ཚོ་ལ་གྱོང་གུད་སྡུག་པོ་ཕོག་མ་རེད། གྱོང་གུན་གི་དོན་དག་ནི་སྙིང་ཉེ་བའི་བོད་མི་གང་ཞིག་རྒྱ་གུང་ཁྲན་གི་ལག་ནང་འདས་པ་དང་ད་ལྟ་དཀའ་སྡུག་ཉང་བཞིན་པ་དེ་ཚོ་རེད།

  4. མིག་བརྒྱད་པ། says:
    2012-01-29 at 1:45 pm

    རྒྱ་ནག་གིས་བོད་ལ་དམ་བསྒྲགས་བྱེད་པའི་རྒྱུ་རྐྱེན་གཅིག་ནི་བོད་རང་བཙན་ལ་སྐྲག་གི་ཡོད་པ་རེད། མེ་ལྕེ་ཆུང་ངུ་ནས་མགོ་གནོན་ན་བསམས་ཡོད་པ་རེད། ཕྱེད་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན་གྱི་སྐད་ཆའི་ཡོང་ཁུངས་ཀྱང་དེ་འདྲ་ལོས་ཡིན། གོང་ས་མཆོག་གི་སྐུ་པར་བཤམས་མ་ཆོག་པ་དང་བོད་མིའི་ཆོས་དད་རང་དབང་ལ་རྡོག་རྫིས་བཏང་བ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་མཚན་མཐོང་ལ་གནོད་པ་ལས་ཕན་ཐོགས་ཤིག་གང་ན་ཡོད། ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་འཆམ་མཐུན་ཞིག་ཡོང་དགོས་ན་བོད་མིའི་དགོས་འདུན་ལ་ཉན་འཇོག་བྱ་དགོས་པ་རེད། དེ་མིན་མེ་གསོད་པའི་ཐབས་ཆུ་ཡིན་པ་ལས་མེ་ག་ལ་ཡིན།

  5. མིག་བརྒྱད་པ། says:
    2012-01-29 at 1:53 pm

    ད་དུང་ཡིན་རུང་བོད་རྒྱ་གཉིས་ཀྱི་གཞི་རྩའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ནི་བོད་རྒྱ་གྲོས་མོལ་རེད།

  6. མིག་བརྒྱད་པ། says:
    2012-01-29 at 1:56 pm

    འཛམ་གླིང་སྤྱི་དང་རྒྱ་བོད་གཉིས་གར་སྨན་པའི་བསམ་འཆར་འདི་རྒྱ་ནག་གི་མགོ་ཁྲིད་ཚོ་ལ་སྤྲད་ཐུབ་ན་ཡག་ག

  7. ཅོ་རི་ཉི་མ། says:
    2012-01-29 at 2:17 pm

    གོང་གི་རྩོམ་པ་པོས་ཁོང་རང་གི་སེམས་གཏམ་ཞིག་གསུངས་འདུག མ་གཏོགས་དངོས་ཡོད་སྤྱི་ཚོགས་ནང་དུ་ལག་ལེན་གྱི་ཐོག་ཏུ་ཡོང་ཡ་ཡོད་མེད་མ་ཤེས་པའི་ཟོལ་འདུག
    དཔེར་ན། མོའོ་ཀྲུང་ཞིའི་ཡིས་སྤྱི་ཚོགས་རིང་ལུགས་བཙུགས་ནས་སྤྲང་ཕྱུག་འདྲ་མཉམ་བཟོ་གི་ཡིན་ཟེར་བའི་སྐད་ཆ་སྙན་པོ་འདིས་སྐྱེ་བོ་ཕལ་རྣམས་ཀྱིས་ཡིད་སྨོན་ཤོར་བའི་སྐད་ཆ་ཞིག་ལུས་ཡིན་ཀྱང་དངོས་ཡོད་ལག་ལེན་གྱི་ཐོག་ཏུ་སྤྲང་ཕྱུག་འདྲ་མཉམ་ཡོང་ཐུབ་མེད་པར་ད་ལྟའི་ཆ་རྒྱ་ནག་ལ་མིག་གིས་བལྟན་ན་ཤེས་ཐུབ།

    གཉིས་ནས་་་བོད་ཀྱི་ནང་ཆོས་ནས་བཤད་པའི་ཐེག་པ་པོའི་བཟང་སྤྱོད་འདིར་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཡིད་སྨོན་ཤོར་ས་ཞིག་ཅི་ལ་མིན། ཡིན་ནའང་བོད་ཀྱི་ནང་ཆོས་ཐེག་པ་ཆེན་པོའི་ཆོས་སུ་སློབ་སྦྱོང་བྱས་ནས་མི་ལོ་སྟོང་ཕྲག་ཕྱིན་ཀྱང་ལག་ལེན་གྱི་ཐོག་ནས་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་བརྩེ་བ་ཡོད་ཀྱི་ཕར་ཞོག་ཕུ་ནུ་ནང་བསད་བཏང་བསྡད་པ་རེད། ལག་ལེན་གྱི་ཐོག་ནས་ཡོང་གི་མེད་པ་རེད།

    རྒྱ་བོད་མི་རིགས་གཉིས་ཀ་ལ་རྩོམ་པ་པོའི་བསམ་བློ་འདྲ་གཅིག་ཡོད་ན་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོག་ནས་བདེ་སྐྱིད་ཐོབ་ཐུབ་ཀྱང་སྤྱི་དམངས་ཀྱིས་ལག་ལེན་ཐོག་ནས་ཡོང་ཡ་མེད།

    རྩོམ་པ་པོ་ཁྱེད་ཀྱི་བསམ་བློ་འདྲ་ཞིག་ཡོད་པའི་མི་རྣམས་སུ་བདེ་སྐྱིད་ལྷག་མ་ཞིག་ཡོད་ས་རེད་བསམ་བསམ་འདུག་་་་ངོ་མ་མི་སེམས་བཟང་ཞིག་རེད་འདུག་་་་ཡིན་ནའང་ཆབ་སྲིད་བཤད་དུས་སུ་སྤྱི་ཚོགས་ཀྱི་སེམས་ཁམས་དང་ལག་ལེན་གཞིར་བཞག་གི་ཐོག་ནས་གསུང་དགོས་པ་འདོད་དོ།།

  8. ཅོ་རི་ཉི་མ། says:
    2012-01-29 at 3:43 pm

    གོང་གི་རྩོམ་པ་པོས་ཁོང་རང་གི་སེམས་གཏམ་ཞིག་གསུངས་འདུག མ་གཏོགས་དངོས་ཡོད་སྤྱི་ཚོགས་ནང་དུ་ལག་ལེན་གྱི་ཐོག་ཏུ་ཡོང་ཡ་ཡོད་མེད་མ་ཤེས་པའི་ཟོལ་འདུག
    དཔེར་ན། མོའོ་ཀྲུང་ཞིའི་ཡིས་སྤྱི་ཚོགས་རིང་ལུགས་བཙུགས་ནས་སྤྲང་ཕྱུག་འདྲ་མཉམ་བཟོ་གི་ཡིན་ཟེར་བའི་སྐད་ཆ་སྙན་པོ་འདི་སྐྱེ་བོ་ཕལ་རྣམས་ཀྱིས་ཡིད་སྨོན་ཤོར་བའི་སྐད་ཆ་ཞིག་ལུས་ཡིན་ཀྱང་དངོས་ཡོད་ལག་ལེན་གྱི་ཐོག་ཏུ་སྤྲང་ཕྱུག་འདྲ་མཉམ་ཡོང་ཐུབ་མེད་པར་ད་ལྟའི་ཆ་རྒྱ་ནག་ལ་མིག་གིས་བལྟས་ན་ཤེས་ཐུབ།

    གཉིས་ནས་་་བོད་ཀྱི་ནང་ཆོས་ནས་བཤད་པའི་ཐེག་པ་ཆེན་པོའི་བཟང་སྤྱོད་འདིར་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཡིད་སྨོན་ཤོར་ས་ཞིག་ཅི་ལ་མིན། ཡིན་ནའང་བོད་མི་རིགས་འདིས་བོད་ཀྱི་ནང་ཆོས་ཐེག་པ་ཆེན་པོའི་ཆོས་སུ་སློབ་སྦྱོང་བྱས་ནས་མི་ལོ་སྟོང་ཕྲག་ཕྱིན་ཀྱང་ལག་ལེན་གྱི་ཐོག་ནས་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་བརྩེ་བ་ཡོད་ཀྱི་ཕར་ཞོག་ཕུ་ནུ་ནང་བསད་བཏང་བསྡད་པ་རེད། ལག་ལེན་གྱི་ཐོག་ནས་ཡོང་གི་མེད་པ་རེད།

    རྒྱ་བོད་མི་རིགས་གཉིས་ཀ་ལ་རྩོམ་པ་པོའི་བསམ་བློ་འདྲ་གཅིག་ཡོད་ན་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོག་ནས་བདེ་སྐྱིད་ཐོབ་ཐུབ་ཀྱང་སྤྱི་དམངས་ཀྱིས་ལག་ལེན་ཐོག་ནས་ཡོང་ཡ་མེད།

    རྩོམ་པ་པོ་ཁྱེད་ཀྱི་བསམ་བློ་འདྲ་ཞིག་ཡོད་པའི་མི་རྣམས་སུ་བདེ་སྐྱིད་ལྷག་མ་ཞིག་ཡོད་ས་རེད་བསམ་བསམ་འདུག་་་་ངོ་མ་མི་སེམས་བཟང་ཞིག་རེད་འདུག་་་་ཡིན་ནའང་ཆབ་སྲིད་བཤད་དུས་སུ་སྤྱི་ཚོགས་ཀྱི་སེམས་ཁམས་དང་ལག་ལེན་གཞིར་བཞག་གི་ཐོག་ནས་གསུང་དགོས་པ་འདོད་དོ།།

    དགོངས་དག་་་ནོར་བཅོས་བྱས་དགོས་བྱུང་བས་མཆན་བུ་ཉིས་བརྩེགས་ཆགས་སོང་།

  9. ཨོ་རྒྱན་ཉི་མ། says:
    2012-01-29 at 3:58 pm

    ངའི་བསམ་འཆར་ལ་འགན་ལེན་གནང་བར་ཐུགས་རྗེ་ཆེ། ཐུགས་ལ་བཟང་ངན་གཉིས་ཆ་གང་ཡོད་ན་དེ་གསུངས་ཤོག་་་་་་་་་་་་་་་་་

  10. ཧཱུྂ་ཤི་ཕཊ་འགྱེལ། says:
    2012-01-29 at 4:45 pm

    ཨོ་རྒྱན་ཉི་མའི་རྨི་ལམ་ཡིན་པ་སྔ་ནས་ཤེས་སོང་། ཡག་པོ་ཞེ་དྲ་རེད། ཡག་པོ་ཞེ་དྲ་རེད་ཟེར་བ་འདི་ཁོའི་ཟེར་སྟངས་ཤིག་རེད་ལ། ཡང་ཁོས་ཆོས་ཀྱི་འབྱུང་གནས་ཤིག་འཛམ་གླིང་འདི་ཕུང་རུ་སྦྱོར་བའི་རྒྱུ་རུ་འགྱུར་སོང་ན། ཞེས་པ་འདི་ཡང་བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་ཞེས་པའི་ནང་གི་ཚིག་དོན་དང་གཅིག་པ་རེད། ཁོ་ཡང་ཡག་རྒྱུ་མེད་པའི་མི་ཞིག་རེད་འདུག་པས་གཟབ་གཟབ་དགོས།

  11. ཨ་ལྕགས་འབྲུ་མོ says:
    2012-01-31 at 9:31 am

    སྤྲུལ་སྐུ་མཆོག་གིས་སྔ་ཕྱིར་རྩོམ་ཡིག་སྤུས་ལེགས་གནད་དོན་ལ་ཕུགས་རྒྱང་རིང་བའི་དཔྱད་གླེང་གི་རིན་ཐང་ཅན་སྤེལ་བར་ཡི་རང་དང་། རྗེས་སུའང་སྐུ་ཉིད་ཀྱི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་གསུངས་རྩོམ་གང་མང་སྤེལ་གནང་ཡོང་བའི་སྐྱབས་འཇུག་ཞུ།།

  12. བྲག་ཡབ་བུ། says:
    2012-02-01 at 6:22 pm

    སྤྲུལ་རྫུན་འདི་ཡང་འདི་ལ་ཆབ་སྲིད་བཟུང་མཁན་ཡོང་འདུག
    ཁ་ནས་བཤད་པ་ནང་བཞིན་ལགས་ལེན་ཐུབ་དགོས་རེད། དེ་མིན་ན་ཁ་བདག་པོ་རྒྱབ་ན་དགའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme