Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་ལོ་རྒྱུས་ཐོག་གི་རྩོམ་པ་པོ་ཐོག་མ།

Posted on 2020-05-22 By ཁ་བརྡ 1 Comment on འཛམ་གླིང་ལོ་རྒྱུས་ཐོག་གི་རྩོམ་པ་པོ་ཐོག་མ།

གངས་ལྷ་མོས་བསྒྱུར།

སྔོན་གླེང་།

ངས་དྲ་ཐོག་ནས་འཛམ་གླིང་འདིར་ཡིག་ཐོག་གི་རྒྱུ་ཆའི་ནང་འཁོད་པའི་རྩོམ་པ་པོའམ་སྙན་ངག་པ་ཐོག་མ་དེ་བུད་མེད་ཅིག་ཡིན་པ་རྙེད། ངས་དེའི་སྐོར་ཨིན་རྒྱ་སྐད་ཡིག་གཉིས་ཐོག་གི་ལོ་རྒྱུས་ཐོར་བུ་གང་སར་ཡོད་པ་ཡོངས་ལ་བསྡུས་ལུང་བསྡུས་བྱས་མཐར་གཤམ་འོག་གི་འགྱུར་རྩོམ་འདི་གྲུབ། ལོ་རྒྱུས་ཀྱི་འབྱུང་ཁུངས་དེ་ནི་ད་ལྟའི་ཨཱི་རག་ Iraq རྒྱལ་ཁོངས་སུ་རེད་འདུག་ལ་དེའང་ཡེ་ཤུ་ Jesus མ་འཁྲུངས་སྔོན་སྤྱི་ལོ་སྔོན་གྱི་ B.C གྱི་ ༢༢༨༥ ལོ་ནས་ ༢༢༥༠ བར་རེད་འདུག

རྩོམ་དངོས།


ཨཱན་ཧེ་ཅུ་ཝེ་ན་ Enheduanna ནི་སྔོན་མ་ཟླ་བའི་ལྷའི་མཆོད་དཔོན་ཆེན་མོ་ཞིག་དང་། ལོ་རྒྱུས་ཀྱི་རྒྱུ་ཆའི་ནང་མིང་རྟགས་འཁོད་པའི་རྩོམ་པ་པ་ཐོག་མ་དེ་ཡིན། མོ་ཡུལ་གྱར་སྐབས་སུ་ལྷ་ལ་བསྟོད་པའི་སྙན་ངག་གྲངས་ ༤༢ དང་ལོ་རྒྱུས་ཀྱི་སྙན་ངག་པོད་གྲངས་ ༣ བྲིས་ནས་བཞག་འདུག སཱོ་མར་ Sumer ས་གནས་ཀྱི་མི་ཚོས་སླར་མོ་གང་དུ་སོང་མིན་མ་ཤེས་པར་ལུས། མོ་རང་སཱ་ཧྥུ་ Sappho ལས་ལོ་ངོ་ ༡༧༠༠ ལས་སྐྱེས་སྔ་བ་ཡོད་ལ་ཧཱེ་མ་ Homer ལས་ལོ་ངོ་ ༡༥༠༠ ཡི་སྔོན་དུ་བྱུང་བའི་མི་སྣ་ཞིག་རེད།

ཡཱེ་ཤུའི་ཆོས་དཔེའི་ནང་གི་རིགས་དེའི་འགོ་དཔོན་ Abraham ཡིན་ཡང་མོ་རང་ལས་ལོ་ངོ་ ༥༠༠ མ་ཟིན་ཙམ་གྱི་རྗེས་སུ་བྱུང་བའི་མི་སྣ་ཞིག་ཆགས་ཡོད། མོ་རང་ས་ཆ་ Mesopotamia ལ་སྐྱེས་ཤིང་། དེའང་ཆུ་བོ་ Tigris དང་ Euphrates གཉིས་ཀྱི་དབར་གྱི་ས་གནས་ཤིག་ཡིན་པ་དེར་སྐྱེས། ས་ཆ་དེ་ནི་ལོ་རྒྱུས་ཐོག་གི་གྲོང་ཁྱེར་ཚན་སྡེབས་ཐོག་མ་དང་། གདོན་མའི་ཚད་མཐོ་བའི་ཤེས་རིག་དར་སའང་ཡིན། མོའི་ཨ་ཕ་ Sagon ནི་བཙན་རྒྱལ་དེའི་རྒྱལ་པོའམ་ལོ་རྒྱུས་ཐོག་རྒྱལ་ཁམས་བཙུགས་མཁན་གྱི་བཙན་པོ་ཐོག་མ་དེ་རེད། རྒྱལ་པོས་རང་བཙན་གྱི་གྲོང་སྡེབས་ Mesopotamia དབང་འོག་ཏུ་བསྡུས་ཏེ་དེ་གཅིག་གྱུར་བཟོས།

མོའི་ཨ་ཕ་ནི་ས་དེའི་བྱང་ཕྱོགས་ Semite སྐད་ཡིག་རིགས་ཚན་གྱི་ Akkadian ཟེར་བའི་མི་ཡིན། ལྷོ་ཕྱོགས་སུ་གདོན་མའི་ས་གནས་གྲོང་སྡེབས་དེ་ཚོའི་མི་རྣམས་ནས་མོའི་ཨ་ཕ་ནི་རྒྱལ་ཁབ་གཞན་གྱི་བཙན་འཛུལ་བར་ལྟ་བཞིན། མི་རྣམས་ཀྱིས་རྒྱུན་དུ་ནས་ངོ་རྒོལ་སྤེལ་ནས་ཁོ་ཚོའི་རང་བཙན་བསྐྱར་གསོ་ཡོང་རེ་དང་རྒྱལ་པོས་བཙུགས་པའི་རྒྱལ་ཁམས་གསར་མ་དེ་གཏོར་ཐབས་བྱེད། སྐབས་དེར་ཨ་ཕས་ཁོའི་བུ་མོ་ཁོ་ན་ Enheduanna བཙན་རྒྱལ་དུ་མཚན་སྙན་གྲགས་ཆེས་མཐོ་ཤོས་ཀྱི་ཕོ་བྲང་ནང་གི་མཆོད་དཔོན་ཆེན་མོར་བསྐོ་བཞག་བརྩལ། དེའང་རྒྱལ་རྒྱུད་ནང་གི་བུད་མེད་ནས་སྲོལ་རྒྱུན་ལྟར་ཆོས་ལུགས་ཀྱི་དཔོན་གནས་བཟུང་བ་བྱ་བར་མོས་ Sumerian སྐད་ཡིག དང་ Akkadian སྐད་གཉིས་ཀློག་འབྲི་ཤེས་དགོས་ལ། དེ་མིན་ཨང་རྩིས་རྩིས་སྐོར་ཡང་ཤེས་དགོས།

ས་དེར་ཡི་གེས་བྲིས་པའི་རྒྱུ་ཆ་ཁོ་ན་ཞིག་ཡོད་པ་དེ་ནི་རྩིས་ཐོ་ཚན་སྡེབས་གཅིག་ཡིན། དེ་ནི་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་ཚོས་ས་ཐག་རིང་ས་ནས་ཕན་ཚུན་དབར་བརྡ་ལན་སྤྲོད་བྱེད་ཅིག་དང་། ཁོ་ཚོས་དེར་ཡོད་ཀྱི་རི་མོའི་ཚུལ་གྱི་ཡི་གེའི་ཚན་སྡེབས་དེར་བལྟས་ནས་བརྡ་ལན་སྤྲོད་ཀྱི་ཡོད།

མོ་རང་མ་སྐྱེས་སྔོན་གྱི་ལོ་ངོ་ ༣༠༠ སྔོན་ཙམ་ལ་ཡི་གེའི་རི་མོར་བཀོད་པའི་ཚན་སྡེབས་དང་། གདོན་མའི་རི་མོའི་ཡི་གེའི་བྲིས་པ་དེར་ཡི་གེ་ཚན་སྡེབས་ Cuneiform ཅེས་འབོད། དེ་ནི་ཆུ་རྩའི་སྨྱུ་གུ་ཞིག་གིས་འདམ་ཐོག་བརྐོས་པའི་རི་མོའི་ཡི་གེའི་རིགས་ཤིག་ཡིན། འོན་ཀྱང་མོ་རང་གི་སྔོན་དུ་ཡི་གེའི་རིགས་ཀྱི་ཐོན་རྫས་དེ་དག་ནང་གཞན་གྱིས་གཙོ་བོ་ཟིན་བྲིས་དང་གཞན་ནས་བཤུས་པའི་རྣམ་པ་ཐོག་ནས་བཀོད་ཡོད། དེའང་གང་ཟག་སྒེར་གྱིས་བརྩམས་ཆོས་ལྟར་མ་རེད།
མོ་རང་སྡོད་ས་ Narrow དེར་མི་འབོར་ ༣༤༠༠༠ ཙམ་ཡོད་ཅིང་། གྲོང་གསེང་གི་གསང་ལམ་གུ་དོགས་ལ་གྲོང་ཁྱེར་ནང་ཐོག་རྩེགས་རིམ་ཅན་གྱི་སོ་ཕག་གིས་བརྩེགས་པའི་ཁང་ཆེན། འབྲུ་རིགས་ཀྱི་བང་མཛོད་དང་ཞིང་དུ་ཆུ་འདྲེན་གྱི་སྡེ་ཁག་བཅས་ཡོད། མོ་རང་མཆོད་དཔོན་ཆེན་མོ་ཡིན་པའི་ཆ་ནས་གྲོང་ཁྱེར་ཕོ་བྲང་ནང་གི་འབྲུ་རིགས་གསོག་ཉར་དང་། ཕོ་བྲང་ནང་གི་བཟོ་པ་གྲངས་ ༡༠༠ ལྷག་ལ་དོ་དམ་བྱེད། ད་དུང་མོས་ཆོས་ལུགས་སྐོར་གྱི་རྨི་ལམ་ཐད་འགྲེལ་བཤད་རྒྱག་པ་དང་། ད་དུང་ཟླ་རེའི་ཟླ་འགོའི་དུས་སྟོན་གྱི་མཛད་སྒོའང་གཙོ་སྐྱོང་བྱེད་པའི་ཐོག་ནས་ཉིན་མཚན་དབྱེ་མཚམས་ཀྱི་དུས་ལ་དགའ་སྟོན་བྱེད།

མོས་གདོན་མའི་ཤེས་རིག་ Sumerian དང་ཤེས་རིག་གསར་མ་ Akkadian གཉིས་མཉམ་བསྲེ་ཡོང་ཐབས་སྐོར་ནུས་ཤུགས་ཆེན་པོ་བཏོན། མོས་དམིགས་ཚད་དེ་ལེགས་འགྲུབ་ཡོང་ཕྱིར་ཆོས་ལུགས་སྙན་ངག་ཁག ༤༢ བྲིས། དེའི་ནང་གོང་གསལ་ཤེས་རིག་ཕྱོགས་གཉིས་ཀྱི་ལྷ་སྒྲུང་གི་ནང་དོན་མཉམ་བསྲེས་བྱས། དེའང་གྲོང་སྡེབས་ Mesopotamia རེ་རེ་བཞིན་དུ་ལྷ་གཙོ་བོ་ཞིག་གིས་དབང་བསྒྱུར་བྱེད་པར་བརྟེན། མོའི་བསྟོད་སྔགས་ཀྱི་སྙན་རྩོམ་གྱིས་གཙོ་བོ་ཚན་སྡེབས་གྲོང་ཁྱེར་རེའི་ནང་གི་ལྷ་གཙོ་བོ་དེ་དག་མངོན་ཐབས་བྱས། མོས་ཁྱད་དུ་འཕགས་པའི་ཕོ་བྲང་དེ་ལ་བསྟོད་ཅིང་། ལྷའི་དགེ་ཆོས་ལ་བསྟོད་བསྔགས་འབུལ། དེ་བཞིན་མོས་ལྷ་ཁྲི་ཁྲག་གནས་པའི་ལྷ་ཁང་དེའི་ནང་དུ་ལྷ་ཚོགས་དབར་གྱི་འབྲེལ་བའི་སྐོར་འགྲེལ་བཤད་ཀྱང་རྒྱག་གི་ཡོད་པ་རེད།

མོའི་བརྩམས་ཆོས་ནང་དེ་སྔོན་མཐོང་ཞིང་རེག་ཐབས་ཀྱང་མེད་པའི་ལྷ་ཚོགས་ལ་ཕལ་པའི་མི་གཤིས་ཀྱི་བརྩེ་ཚོར་ལྡན་པར་བྱས་ཤིང་། ལྷ་ཚོགས་ལ་སྡུག་བསྔལ་དང་འཐབ་རྩོད་ཡོད་ལ། ལྷ་ལ་བརྩེ་དུང་ཡང་ལྡན།
ལྷ་ཚོགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་སྨོན་ལམ་དང་རེ་འདུན་ལ་ལན་འདེབས་ཀྱང་ཡོད་པར་རྩོམ།

མོའི་ཆེས་རིན་ཐང་ལྡན་པའི་བརྩམས་ཆོས་དེ་ནི་མོ་རང་གིས་ལྷ་མོ་ Inanan ལ་བྲིས་པའི་སྙན་ངག་དེ་ཡིན། ལྷ་མོ་དེ་ནི་གཡུལ་འཐབ་དང་བརྩེ་བའི་འདོད་པའི་ལྷ་མོའམ་དམག་ཟོག་རྒྱལ་མོ་ལྟ་བུ་ཞིག་ཡིན། ལྷ་མོ་དེས་འཇིག་རྟེན་འདིར་ཁྱད་དུ་འཕགས་པའི་རབ་རུབ་ཀྱི་འོད་སྣང་དེའི་ནུས་ཤུགས་སྦྱིན་ཞིང་། ལྷ་མོས་མཁྲེགས་སྲེག་སྣ་ཚོགས་ལ་རོལ། ལྷོ་མོ་དེ་ནི་ཧ་ཅང་ནུས་པ་དང་སྟོབས་ཤུགས་ལྡན་པ་ཞིག་གམ་ཕོ་མོའམ་རྟགས་མཚན་མའི་ས་མཚམས་ནས་ཡོངས་སུ་བརྒལ་ཟིན་པའི་མི་སྣ་ཞིག་ཀྱང་ཡིན། ལྷ་མོས་འཇིག་རྟེན་གྱི་ཁམས་སུ་ཡོད་པའི་ཕྱག་རོགས་དེའང་ལྷ་མོ་དང་གཅིག་མཚུངས་ཡིན། ཕྱག་རོགས་དེའང་རྒྱུན་དུ་ནས་གཞང་བཙོང་མའི་ངོ་བོ་དང་ཉུག་རུམ་པ་ Eunuch དང་སྣང་ཚུལ་སྨྱོ་ཤེད་ཅན་བཅས་ཀྱི་ངོ་བོའི་ཐོག་ནས་ཕྱིར་མངོན་གྱི་ཡོད།

རྩོམ་པ་མོས་ལྷ་མོ་དེ་ལྷ་ཚོགས་ཁྲི་ཁྲག་གཤམ་པའི་ལྷ་ཁང་ཆེན་པོའི་རྩེ་མོར་བསྒྲིགས་གཤོམ་བྱས་ཏེ་ལྷ་མོ་དེ་ནི་ཆེས་ནུས་སྟོབས་ལྡན་པའི་ལྷའི་མཚོན་དོན་དུ་བཀོད། མོས་ལྷ་མོར་བསྟོད་བསྔགས་བཏང་བའི་སྙན་ངག་དེ་དག་ནི་ལོ་རྒྱུས་ནང་རྩོམ་པ་པོའི་སྒེར་གྱི་མིང་རྩོམ་མཁན་ཐོག་མ་བའི་མིང་ཐོག་ནས་བྲིས་པའི་རྩོམ་རིག་གི་ཐོན་རྫས་ཡིན་ལ། དུས་མཚུངས་སུ་དེའང་མི་སྒེར་གྱི་བརྩེ་ཚོར་གྱི་གཏིང་རུམ་ཞིག་ཏུ་བསྔོགས་པའི་བརྩེ་དུང་མཚོན་བྱེད་ཀྱི་བརྩམས་ཆོས་ཤིག་ཀྱང་ཡིན།

དེ་རྗེས་མོའི་ཨ་ཕའམ་བཙན་པོ་འདས་གྲོངས་སོང་རྗེས་ཀྱི་བར་སྟོང་རིང་དམག་དཔོན་གཅིག་གིས་དམག་མི་སྤྱོད་དེ་གྱེན་ལངས་བྱས། སྐབས་དེར་མོ་རང་ནི་དབང་སྒྱུར་གྲལ་རིམ་ཁྱིམ་རྒྱུད་དེའི་མི་སྣ་གཙོ་གྲལ་ཞིག་ཡིན་པའི་ཆ་ནས་དགྲ་ཕྱོགས་ཀྱི་ཁ་གཏད་ཡུལ་གཙོ་བོར་གྱུར། དམག་དཔོན་དེས་མོ་ས་དེ་ནས་ས་ཐ་རུ་རྒྱང་ཕུད་བཏང་། དེ་ནས་མོའི་ཚ་བོའམ་ Naram-sin ཞེས་པའི་དེ་རྗེས་ཀྱི་རྒྱལ་པོ་དེས་མཇུག་མཐར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་ནས་རྒྱལ་པོ་ཁོའི་ཨ་ནེའམ་མཆོད་དཔོན་ཆེན་མོའི་དེ་སྔོན་གྱི་དཔོན་གནས་ལོ་ངོ་ ༤༠ ལ་ཟིན་པ་དེ་སླར་གསོ་བཟོས།

Enheduanna ཨཱན་ཧེ་ཅུ་ཝེ་ན་འདས་རྗེས། མོ་ནི་གོ་གནས་ཅུང་དམའ་བའི་ལྷ་ཞིག་ཆགས། དེ་ནས་མི་རྣམས་ཀྱིས་མོའི་སྙན་ངག་ལ་ལད་ཟློས་དང་སློབ་སྦྱོང་། དེ་བཞིན་སྙན་ངག་གི་ནང་དོན་དེ་གཏམ་བརྗོད་ཟློས་གར་དུ་འཁྲབ་སྟོན་བཅས་སྤེལ་ནས་ལོ་ངོ་ཧྲིལ་པོ་ ༥༠༠ རིང་བཙན་རྒྱལ་ནང་དར་ཁྱབ་སོང་། མོའི་སྙན་ངག་གིས་འཕགས་པའི་ཆོས་དཔེའམ་དཔེ་ཆའི་དོན་ཚན་རྙིང་པར་ཤུགས་རྐྱེན་ཡང་ཐེབས་ཡོད་པ་རེད།

ཧཱི་མའི་ Homer ལོ་རྒྱུས་སྙན་ངག་དང་མོའི་གནམ་བདག་ཆོས་ལུགས་ལ་བསྟོད་པའི་སྙན་ངག་དེ་དག་ད་ལྟའི་བར་ཤུལ་ལུས་སུ་ཡོད་ཅིང་། དེའང་དུས་ཚོད་ཀྱི་ཆུ་རྒྱུན་རིང་མོས་དེད་པའི་བརྒྱུད་རིམ་གྱ་གྱུར་ནང་འདམ་གྱི་བྱང་ཁྲིར་བཞག་པའི་ཤུལ་བཞག་དེ་ཡིན།

Enheduanna ཨཱན་ཧེ་ཅུ་ཝེ་ན་ནི་ལོ་རྒྱུས་ཐོག་གདོན་མའི་ཡི་གེར་བྱང་ཆུབ་མཁན་ཁོ་ན་དེའང་མ་ཡིན་སྟེ། ང་ཚོས་ Anna komnene དང་མོའི་མི་ཚེ་གཅིག་དང་མོའི་བརྩམས་ཆོས་ལ་གཅིག་བལྟས་ནའང་། ལོ་རྒྱུས་མཁས་དབང་འདི་གླེང་གཞི་ཅུང་མང་བའི་མོའི་ཁྱིམ་ཚང་། ཕུག་བསམ་དང་དོན་དངོས་དབར་ལའང་གཡོ་འགུལ་ངང་ནས་གནས་ཡོད་པའི་གནས་སྟངས་དེ་རེད།

མཆན། མགོ་པར་དེ་ལྷ་མོ་ Inanan ཡིན།

མ་རྩོམ་དང་འབྲེལ་བའི་དྲ་ཐག་གཅིག་གཤམ་གསལ།

https://www.siobhanoshea.com/enheduanna-first-author

འགྱུར་རྩོམ།

Post navigation

Previous Post: དད་པས་ཡིད་ཁམས་སྐྱོམ་པའི་རླབས་ཕྲེང་ནོར་བུའི་དོ་ཤལ།
Next Post: བོད་སྐད་བོད་ཡིག

Comments (1) on “འཛམ་གླིང་ལོ་རྒྱུས་ཐོག་གི་རྩོམ་པ་པོ་ཐོག་མ།”

  1. ཇ་མ། says:
    2020-05-22 at 9:53 pm

    གངས་ལྷ་མོ་ལགས། ཐུགས་རྗེ་ཆེ། ངས་ལྟས་ཟིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme