Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་རྟ་རྒྱུགས་རགས་བཤད་མ།

Posted on 2014-11-032014-11-03 By ཁ་བརྡ་ 10 Comments on འཛམ་གླིང་རྟ་རྒྱུགས་རགས་བཤད་མ།

རྔ་རྒོད།

མཁས་བཤད་དམ་ཡང་ན་ལྟ་གྲུབ་ཆེ་བཤད་ཚན་རིག་གྱི་སྒོ་ནས་བསྙད་ན། རྟའི་ལོ་རྒྱུས་དེ་ལོ་བྱེ་བ་ལྔ་ཙམ་འགོར་ཡོད་ལ། ང་ཚོ་མི་རིགས་འདིས་རྟ་དེ་དག་བེད་སྤྱོད་བཏང་སྟེ་ལོ་༨༠༠༠ ཡས་མས་ཤིག་འགོར་འདུག་ལ། གདོན་མའི་རྟ་རིགས་དག་ཀྱང་ཐོག་མར་ཝ་དང་ཁྱིའི་དབྱིབས་ལྟ་བུ་ལས་མེད་པ་དང་རིམ་གྱིས་ཇེ་ཆེར་དང་ཇེ་མགྱོག་གམ་ཡང་ན་ཇེ་བཟང་སོགས་སོང་སྟེ་མཐར་ང་ཚོའི་མིག་མདུན་གྱི་ད་ལྟའི་རྟ་མཆོག་འདི་ཚོ་གླེང་གཞི་གཙོ་བོ་ཡིན།

སྤྱིར་ན་རྟ་རྒྱུགས་ལ་ཡོངས་གྲགས་ལྟར་བྱས་ན། རྒྱུགས་སྟངས་ཁག་མི་འདྲ་བ་བཞི་ཡོད།  གཅིག༼ཐད་རྒྱུགས ༽    གཉིས།༼མཆོང་རྒྱུགས༽     གསུམ།༼དཀྱོག་རྒྱུགས༽   བཞི༼ཧ་ཅང་རིང་རྒྱུགས༽ སོགས་རེད། དམིགས་བསལ་རྟ་རྒྱུགས་ཧ་ཅང་རིང་བའི་ཚད་ནི་ 25-100 miles(40-161KM) རེད། འོན་ཀྱང་སོག་པོའི་རྟ་རྒྱུགས་ཆེན་མོ་ལྟ་བུར་མཚོན་ན་རྒྱུགས་ཐག་གི་རིང་ཚད་ནི་833.2KM ( 517.7 miles) དེའི་ཕྱིར། མདོ་ཁམས་གླིང་གེ་སར་རྟ་རྒྱུགས་ཆེན་མོ་འདི་དང་སོག་པོའི་རྟ་རྒྱུགས་ཆེན་མོ་གཉིས་ཕལ་ཆེར་མཚུངས་པར་སྙམ། དེའི་ཟློག་ཕྱོགས་རྟ་རྒྱུགས་ཐུང་ངུ་ལ་ཚད་མཐའ་གཅིག་ཏུ་འདི་རེད་ཅེས་ངེས་བཟུང་མེད།

གང་ལྟར་ཤེས་དགོས་པ་ནི། སྤྱི་ལོའི་སྔོན་དུ་646 ནང་མང་གཙོ་དབུ་བརྙས་སའི་སྒི་རི་སེ་རྒྱལ་ཁབ་ནས་འཛམ་གླིང་རྩེད་འགྲན་རང་བཞིན་ཅན་གྱི་རྟ་རྒྱུགས་དེ་འགོ་བརྩམས་ཤིང་དར་བ་ཞིག་རེད་འདུག དེའི་ཕྱིར། དེང་སང་རྒྱལ་ཁབ་ཤར་ནུབ་ལ་ཁྱད་པར་དེ་ཙམ་མེད་པར་རྟ་རྒྱུགས་ནི་ཕྱུག་བདག་རྣམ་པ་ཚོའི་ཁྲོད་ཀྱི་རྒྱན་འཇོག་དང་རྩེད་མོ་ཡ་མཚན་ཞིག་ཏུ་གྱུར་འདུག རྒྱུ་མཚན་དེའི་དབང་གིས་དཔེར་ན། ཐོར་མོ་སྤེ་ལེས་ལ་ཨ་སྒོར་ས་ཡ་བརྒྱད་ལྷག་སྤྲད་པས་མཚོན་ནོ།།

ཁ་ཤས་ཀྱིས་ཧང་སངས་པའི་ཉམས་ཀྱིས་ད་ལྟའི་བོད་ནང་ལ་མཚོན་ན་ནི་རྨ་ཆུའི་རྟ་རྒྱུགས་དེ་རྒྱུགས་ཐག་དང་རྒྱན་ཐོབ་གང་ལ་བལྟས་ཀྱང་འདི་ནི་ཆེན་པོ་རེད་ཅེས་བསྙད་མོད། དོན་ལ་བོད་ཀྱི་ལོ་རྒྱུས་ལ་བརྟགས་ཚེ་ན། གནའ་རབས་བོད་མི་ཚོས་རྟ་རྒྱུགས་ཀྱི་རྒྱན་འཇོག་དེ་ལ་མཐའ་ན་རྒྱལ་ཕྲན་ཕན་ཚུན་རེ་རྒྱན་ལ་བཞག་མྱོང་ཡོད་ལ། ད་དུང་ཡིད་འཕྲོག་མཛེས་མ་འབྲུག་མོ་མཆོག་ཀྱང་གླིང་གི་རྟ་རྒྱུགས་ཆེན་མོའི་དགའ་རྟགས་ལ་བཞག་པའི་ལོ་རྒྱུས་སོགས་ཡོད།

དམིགས་བསལ་ཞིག་ཏུ། བོད་ཀྱི་གཏམ་དཔེར། མྱི་བཟང་ན་མིང་ཅི་བཏགས་དང་རྟ་བཟང་ན་སྤུ་ཅི་སྐྱེས་ཟེར་ཞིང་། འོན་ཏེ་གནའ་དེང་གང་ལ་མཚོན་ན། ང་ཚོའི་མྱི་མིང་དག་ནི་བླ་མས་བཏགས་ཡོད་ལ་རྟ་མིང་དེ་ཚོ་ནི་སྤུ་མདོག་གིས་བཏགས་སྲོལ་ཡོད་པ་གཉིས་པོ་འདི་ད་དུང་རྒྱུན་ཆད་མི་འདུག འོན་ཀྱང་འདི་ནི་ང་ཚོའི་ཐུན་མིན་གྱི་རང་རེའི་རིག་གནས་ཤིག་ཀྱང་རེད་འདོད། འོན་ཀྱང་ནུབ་ཕྱོགས་འདིར་རང་གི་མིང་དེ་སོ་སོའི་ཕ་མ་གང་རུང་ངམ་རང་ཉིད་ཀྱིས་མིང་དེ་ངེས་པར་དུ་བཏགས་ཡོད་ལ། རྟ་མིང་དེ་ཡང་སྤུ་མདོག་གིས་ཁྱད་པར་གྱི་འདོགས་ཀྱིན་མེད།
གལ་སྲིད་ཁྱོད་ལ་ང་ཚོར་འཚམས་པའི་རྟ་བདག་གི་མིང་དང་རྟ་མིང་ཞིག་ངས་བཏག་དགོས་ན། དཔེར་ན། རྟ་བདག་གི་མིང་ལ་རེ་བ་ཅན་དང་ཁོའི་རྟ་མིང་ལ་བླ་མ་སྐྱབས། ཞེས་བཏགས་ན་མིང་དོན་མཚུངས་པ་ཞིག་མ་རེད་དམ།

ཞེས་རྔ་རྒོད་ཀྱིས་དབྱིན་ཡུལ་ནས༢༠༡༤/༡༡/༠༤ ལ།

ངོ་སྤྲོད།

Post navigation

Previous Post: མུ་ཏིག་གི་རོལ་མྱོང་།
Next Post: ཞེད་སྣང་གིས་གཅུན་པའི་མི་ཞིག་ལ་ཐོབ་པའི་སློབ་གསོའི་འབྲས་བུ་གླེང་བ།

Comments (10) on “འཛམ་གླིང་རྟ་རྒྱུགས་རགས་བཤད་མ།”

  1. གསེར་ས་ལེ་སྦྲམ། says:
    2014-11-03 at 11:14 am

    བྲིས་པ་བཟང་གི ཡིན་ཡང་། རང་གི་རིག་གནས་དང་སྦྲེལ་ནས་རྟ་ཡི་བཤད་པ་ཅི་ཡང་བྱས་མི་འདུག་པས་བློ་ཕམ་པོ་བྱུང་། ང་ཚོ་བོད་ཀྱི་གདོད་མའི་སྤྱི་ཚོགས་ནང་དུའང་། རྟ་ཡི་བྱུང་རབས་དང་། གཡུང་ལ་ཕབ་སྟངས། བཀོལ་སྤྱོད་བྱེད་སྟངས། རྒྱུགས་ཚད་འགྲན་བསྡུར་སོགས་ཀྱི་ལོ་རྒྱུས་དང་རིག་གནས་མང་དུ་ཡོད། ངེས་པར་དུ་རང་གི་རིག་གནས་ལ་ཆ་རྒྱུས་ཡོད་པའི་སྟེང་ནས་ད་གཟོད་འཛམ་གླིང་སྤྱིའི་རིག་གནས་ལ་ཁ་ཕྱོགས་ན་བཟང་བར་སེམས།

  2. ལྷ་སྡེ་གནམ་ལོ་ཡག says:
    2014-11-03 at 7:46 pm

    བརྗོད་གཞི་ཡག་གི ཡིན་ནའང་། བོད་ཀྱི་རྟའི་ལོ་རྒྱུས་ཞིབ་ཆ་མི་འདུག་པས། ཁ་གསབ་དང་འཐུས་ཚང་ཡོང་བའི་རེ་བ་ཡོད། སོག་པོས་བཤད་ན། སོག་སྐད་ནང་དུ་རྟའི་ཁ་དོག་དབྱེ་སྟངས་ཐད་ཐ་སྙད་མ་འདྲ་བ་བརྒྱ་ཕྲག་ཡོད་གསུངས་ཀྱི་འདུག བོད་ལ་ག་ཚད་ཅིག་ཡོད་དམ། ཕྱི་གླིང་ལ་ག་ཚད་ཅིག་ཡོད་དམ། འདི་ནི་རྟ་བཤད་ཀྱི་ཆ་ཤས་ཤིག་རེད།

  3. BONPO says:
    2014-11-03 at 8:08 pm

    རྟ་ཟག་པ་་་་དང་་་་རྟ་རྐྱང་པ་་་་གཉིས་ཀྱི་ཁ་མདོག་ག་འདྲ་ཡོད་དམ།

  4. རྔ་རྒོད། says:
    2014-11-04 at 2:32 am

    གོང་གི་གཟུ་བོ་རྣམ་པར་དགོངས་དག་ཞུ རྒྱུ་མཚན། གུས་པ་རྟག་པར་ངལ་རྩོལ་ལས་ཀ་ལ་བྲེལ་བའི་དབང་གིས་དཔེ་ཀློག་གི་དུས་ཚོད་ཁོམ་པོ་དེ་ཙམ་མེད་པ་དང་གང་ཞིག་ཇི་ལྟར་བྲིས་ཀྱང་གླ་མེད་ཡིན་པས་ཕྱོགས་ཙམ་བྲིས་པ་ཡིན་ནོ།།

  5. གནམ says:
    2014-11-04 at 4:59 am

    རྟ་བ་རྟ་བདག་ཡིན་མི་འདུག། google བཀོལ་ནས་རྟ་བཤད་འདི། བྲིས་བ་མ་རེད་བཤུས་བ་རེད། བཤུས་བ་ཁ་མ་ཚང་བ་རེད།

    (25-100 miles(40-161KM) རྒྱུག་ཐག་འདིའི་བརྩིས་ལོ་རྩི་སྟངས་ཞིག་བཤད་ཤེས་ན་ཤོད་དང་། མི་ཤེས་ན་ཡིན་དང་ཡོད་དང་རེད་སོགས་ཀྱི་མིང་ཚིག་ནི་བཀོལ་སྔ་སོང་བ་རེད། དགའ་དགའ།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-11-04 at 1:09 pm

    རྟ་ཟག་པའི་མདོག་ནི། སྤུ་མདོག་སེར་ཤས་ཆེ་བ་དང་། རྟ་རྐྱང་པའི་སྤྲེལ་བར་དཀར་ཐིག་ཡོད་ལ། ལུས་པོ་དམར་མདངས་ཅན་ཞིག་ལ་ཟེར་བགྱིད་འདུག་སྙམ་པ་ཅིག་དྲན།

  7. BONPO says:
    2014-11-04 at 8:43 pm

    རྟ་ལ་་་གཙུག་་་ཅེས་པ་ཞིག་བལྟ་རྒྱུ་ཡོད་རེད་ལབ་ཀྱི་འདུག དེ་ཇི་ལྟར་བལྟ་དགོས་སམ། །

  8. BONPO says:
    2014-11-04 at 8:50 pm

    ཀརྡོ་གཉེར་ཕྱག་པ་་ལགས། །
    རྟ་ཟག་པ་་་ཞེས་པ་དེ་སྤུ་མདོག་དམར་ཤས་ཆེ་བ་ཞིག་ལ་གོ་དགོས་ཀྱི་ཡོད་པར་སེམས། རྟ་རྐྱང་པ་ཞེས་པ་དེ་སྤུ་མདོག་དམར་སྨུག་ཅན་ཞིག་ལ་གོ་དགོས་ཀྱི་ཡོད་པར་སེམས། །

  9. སྤྱང་ཤོག says:
    2014-11-04 at 8:58 pm

    རྟ་མོག་རོ་་་་་ཟེར་ན་སྤུ་མདོག་གང་ཞིག་ལ་ངོས་འཛིན་བྱེད་དགོས།

  10. རུ་ཤུལ་བུ་ says:
    2014-11-06 at 2:55 pm

    རྟའི་གཙུག་ནི་དཔྲལ་བ་དང་སོག་པ་སྐེ་སོགས་སུ་སྤུ་གཡས་འཁྱིལ་གཡོན་འཁྱིལ་ལ་ཟེར་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme