Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་ཞི་བདེའི་དེད་དཔོན།

Posted on 2013-12-092013-12-10 By ཁ་བརྡ་ 10 Comments on འཛམ་གླིང་ཞི་བདེའི་དེད་དཔོན།

འོད་གསལ་མཐའ་ཡས།

unnamed༡༽ དུག་མཚོན་བདུད་སྡེའི་དམག་ཚོགས་ལ།།
བྱམས་དང་སྙིང་རྗེས་འཛུམ་མདངས་བསྟན།།
ཤཱཀྱའི་དགེ་སྦྱོང་རྒྱལ་བའི་སྲས།།
སྤྱན་རས་གཟིགས་དབང་ཁྱེད་མིན་སུ།།

༢༽ ཞི་བདེའི་དེད་དཔོན་ཆོས་ཀྱི་རྗེ།།
དྲང་དང་བདེན་པའི་གཤོག་ཟུང་ཅན།།
ཕན་དང་བདེ་བའི་ལམ་བཟང་སྟོན།།
ཕུགས་མདུན་རིང་བའི་ལྷ་བྱ་ལགས།།

༣༽ བླང་དོར་རྨོངས་པའི་སྐྱེ་འགྲོ་ལ། །
མ་རིག་མུན་སེལ་ཉི་མའི་གཉེན། །
འོད་གསལ་སྙིང་པོའི་མ་ཎི་ཀ །
སེམས་ཀྱི་ཞི་བདེ་ཁྱེད་མིན་སུ། །

༤༽ སྐུ་ལ་ངུར་སྨྲིག་རྒྱལ་མཚན་གསོལ། །
གསུང་ལ་སྡེ་སྣོད་ཆོས་སྒྲ་སྒྲོག །
ཐུགས་ལ་བྱང་ཆུབ་སེམས་མཆོག་ལྡན། །
འགྲོ་བའི་མགོན་པོ་ཁྱེད་མིན་སུ། །

༥༽ གོ་མཚོན་གྱོན་པའི་དམག་དཔུང་མེད། །
རང་ཡུལ་བྲལ་བས་རྒྱབ་ཤེད་མེད། །
གཞན་ཡུལ་འཛིན་པའི་དཔལ་འབྱོར་མེད། །
ངེས་འབྱུང་ཕྱུག་པའི་དགེ་སློང་ངོ། །

༦༽ མི་རིགས་དཀར་ནག་ཁྱད་མ་ཕྱེས། །
རྒྱ་བོད་བར་ལ་ཤན་མ་འགྱེད། །
དགྲ་གྲོགས་གཉིས་ལ་དོ་མཉམ་པའི། །
ཞི་བདེའི་དེད་དཔོན་ཁྱེད་མིན་སུ། །

༧༽ འགྲོ་བ་ཡོངས་ལ་དགའ་ཞིང་འཛུམ། །
མི་རིགས་ཀུན་ལ་དུངས་ཤིང་དགྱེས། །
ཤེས་རབ་སྙིང་རྗེའི་བདག་ཉིད་མཆོག །
དྲིན་ཅན་ཕ་མ་དག་དང་མཚུངས། །

༨༽ གངས་ཅན་བོད་པའི་བསོད་ནམས་དང་། །
འཛམ་གླིང་ལས་ཀྱི་སྨོན་ལམ་མཐུས། །
རྟེན་འབྲེལ་རྒྱལ་བའི་སྐུ་གཟུགས་ཤིག །
གླིང་འདིར་བཞུགས་པ་བདེན་སྲིད་དམ། །

ཞེས་པ་འདི་ཡང་མགོན་པོའི་གང་གིས་ཞི་བདེ་གཟེངས་རྟགས་བཞེས་པའི་ཉི་མ་ལ་འོད་གསལ་མཐའ་ཡས་རྡོ་རྗེར་འབོད་པས་མདོ་ཁམས་སྒ་སྟོད་ཇོ་བོ་ཞལ་དཀར་གྱི་མདུན་རོལ་ཨེ་ཝྃ་ཆོས་སྨན་ཁང་ནས་གུས་ཕུལ་བགྱིས་པའོ།།

རྩོམ་རིག

Post navigation

Previous Post: གངས་ཅན་བོད་འབངས་ཡོངས་ཀྱི་མགོན་སྐྱབས།
Next Post: ས་མཐའི་སྙན་ངག་པའི་ཁྱུ་མཆོག་བཞི་ཨེ།

Comments (10) on “འཛམ་གླིང་ཞི་བདེའི་དེད་དཔོན།”

  1. པདྨ says:
    2013-12-10 at 12:37 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད།།
    དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གསུངས།

  2. དགེ་འདུན་རྒྱ་མཚོ། says:
    2013-12-10 at 12:58 am

    ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན།།
    འཛིན་མཁས་རྒྱལ་བ་རྒྱ་མཚོ་གངས་རིའི་མགོན།།
    སྲིད་གསུམ་དབང་བསྒྱུར་ཕན་བདེ་བདུན་རྩིའི་མཛོད།།
    མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས།།

  3. ཨ་ཕྱི་ཆོས་སྒྲོན says:
    2013-12-10 at 2:22 am

    ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན།།
    འཛིན་མཁས་རྒྱལ་བ་རྒྱ་མཚོ་གངས་རིའི་མགོན།།
    སྲིད་གསུམ་དབང་བསྒྱུར་ཕན་བདེ་བདུན་རྩིའི་མཛོད།།
    མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས།།
    རྒྱལ་བ་རིན་པོ་ཆེའི་ཡོངས་འཛིན་ཁྲི་བྱང་གིས་སོ། །

  4. ཀརྡོ་གཉེར་ཕྱག་པ་ says:
    2013-12-10 at 3:14 am

    བདུད་བཞི་མགོ་གནོན་མཛད་པོ། །
    སྡེ་བཞིའི་ཕུན་ཚོགས་སྤེལ་མཁས། །
    སྐུ་བཞིའི་གོ་འཕང་འགོད་མཛད། །
    བཅུ་བཞིའི་༸སྐུ་ཕྲེང་ཁྱེད་རྒྱལ། །

  5. ཞོལ་གཡག་འབྲོང་རྒྱུད། says:
    2013-12-10 at 3:54 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་མཆོག།།
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དག་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུངས་ཤོག།།

  6. གནམ says:
    2013-12-10 at 4:35 am

    དད་པ་ཅན་ལ་དམ་ཆོས་གསུང་འབྱོན་པ།།
    དད་མེད་མྱི་ལ་ཞི་བའི་ལམ་སྟོན་པ།།
    འཛམ་གླིང་ཕྱོགས་བཅུའི་ཞིང་གི་འགྲོ་བ་ལ།།
    ཁྱེད་འདྲའི་ལྷག་ཅིག་ཡོད་ཡང་ཡོད་མི་དགོས།།

    ང་ཡི་བླ་མ་ཁམས་གསུམ་ཉི་མའི་སྐུ།
    ང་དང་སྐལ་ལྡན་སྐྱོབས་པའི་སྐྱབས་ཅིག་གསུང་།།
    ང་དང་ང་འདྲིའི་འགྲོ་བ་འདྲེན་པའི་ཐུགས།།
    སྐུ་གསུང་ཐུགས་ཀྱི་འཕྲིན་ལས་དར་བར་ཤོག།

  7. ཤར་པ་ says:
    2013-12-10 at 5:20 am

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པར།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།
    བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབ་ན།
    གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི་།
    སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་།
    བཞེད་དོན་ལྷུན་གྱིས་པར་བྱིན་གྱི་རློབས།

  8. ཆབ་བྲག་ལྷ་མོ་སྐྱབས says:
    2013-12-10 at 5:49 am

    ༑མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །
    མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །
    འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ། །
    བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད། །

  9. ཆབ་བྲག་ལྷ་མོ་སྐྱབས says:
    2013-12-10 at 6:00 am

    ༸གོང་ས་མཆོག་གི་བཀའ་རྩོམ་འདིར་འགྲེལ་བཤད་རེ་གནང་རྒྱུ་དང་ཡང་ན་བསམ་གཞིགས་རེ་བྱེད་རྒྱུ་ནི་ངས་དེ་རིང་གི་ཉིན་མོ་བསུ་སྟངས་ཤིག་ཡིན།

  10. ཤར་པ་ says:
    2013-12-10 at 6:04 am

    ཨམ་མདོའི་ཡུལ་དུ་བོ་མོ་མིང།
    པོ་ཏ་ལ་ཡི་ཁྲི་ལ་འཛིན།
    གངས་མགོན་པོ་ངུར་སྨྲིག་གར།
    དཔལ་ལྡན་ལྷ་མོའི་མཚོ་ལས་འཁྲུངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme