Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་གི་ཟིན་་ཐོ་(world record)འཛིན་མཁན་གྱི་བོད་པ་ཐོག་མ།

Posted on 2010-08-182010-08-18 By ཁ་བརྡ་ 19 Comments on འཛམ་གླིང་གི་ཟིན་་ཐོ་(world record)འཛིན་མཁན་གྱི་བོད་པ་ཐོག་མ།

15དོན་གྲུབ་ནས།

འཛམ་གླིང་སྟེང་ཤོག་སྒྲིལ་རིང་ཤོས་འདི་ནི་བོད་ཤོག་རྣལ་མའི་སྟེང་དུ་ཉི་ཧོང་གི་སྲོང་མི་(Sumi)་སྣག་ཚ་བེད་སྤྱོད་དེ་བལ་ཡུལ་མཆོད་རྟེན་དུ་འབྲི་འགོ་བཙུགས་ནས་ཟླ་བ་དྲུག་ཙམ་འགོར་ཡོད་པ་དང་། བླ་ཆེན་སོ་གཉིས་ཀྱི་༸གོང་ས་མཆོག་གི་ཞབས་བརྟེན་སྨོན་ཚིག་ཁག་འཁྱུག་ཡིག་དང་། ཚུགས་ན་འཁྱུག ཚུགས་རིང་། འཁྱུག་བཅས་ཀྱི་ཡིག་གཟུགས་ནང་དུ་བྲིས་ཡོད་པ་རེད། ཤོག་སྒྲིལ་གྱི་རིང་ཚད་ལ་མི་ཊར་༡༦༣་༢་ཡོད་པ་དང་འགྲེམ་སྟོན་ཐོག་མ་བསྟན་འཛིན་རྒྱ་མཚོ་སློབ་གཉེར་ཁང་དུ་གནང་ཡོད་པ་རེད། ལོ་འདིའི་ཟླ་བ་བརྒྱད་པའི་ནང་དུ་འདི་གར་ནིའུ་ཡོག་གི་Flushing Meadows Park་ ནང་དུ་བཤམས་ནས་འཛམ་གླིང་གི་ཤོག་སྒྲིལ་རིང་ཤོས་ཀྱི་ཚད་ཐོ་འགོད་ཐུབ་པ་བྱུང་བ་རེད།
ཡིག་གཟུགས་སྒྱུ་རྩལ་གྱི་ཤོག་སྒྲིལ་རིང་ཤོས་འདི་ནི་ལྕགས་རི་ཤར་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་བྲིས་གནང་བ་རེད། སྒྱུ་རྩལ་བ་འཇམ་དབྱངས་རྡོ་རྗེ་ལགས་ནི་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་སྲུང་སྐྱོབ་ལྟེ་གནས་ཁང་གི་བལ་ཡུལ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲེལ་མཐུད་པ་ཞིག་ཡིན།
ཁོང་རང་ལྷ་སར་འཁྲུངས་ཤིང་བཙན་བྱོལ་དུ་འཚར་ལོངས་བྱུང་ནས་འབྲས་ལྗོངས་མངའ་སྡེའི་གཞུང་འབྲེལ་མཐོ་རིམ་ལས་གནས་འཛིན་མྱོང་ཡོད་པ་མ་ཟད། བོད་གཞུང་ཟློས་གར་འགན་འཛིན་སོགས་བོད་གཞུང་གི་ལས་གནས་ཁག་གནང་མྱོང་ཡོད་པ་རེད། ད་ལྟ་དགོངས་གྲངས་ལྔ་དྲུག་ཡིན་པ་དང་འབྲས་ལྗོངས་དུ་བཅའ་བཞུགས་གནང་གི་ཡོད་པ་རེད། 23
འཛམ་གླིང་གི་ཤོག་སྒྲིལ་རིང་ཤོས་ཀྱི་ཚད་ཐོ་(record)་མཚན་འགོད་ཐུབ་པ་བྱུང་བ་ནི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གླེང་མོལ་གསར་པ་ཞིག་བསྐྲུན་ཐུབ་པ་བྱུང་བ་དང་། བྱེ་བྲག་ཏུ་བོད་ཀྱི་བླ་ཆེན་ཁག་གིས་མཛད་པའི་༸གོང་ས་སྐྱབས་མགོན་ཆེན་པའི་ཞབས་བརྟེན་སྨོན་ཚིག་དག་ལོ་རྒྱུས་འདིའི་ཆ་ཤས་སུ་གྱུར་བ་ནི་གཟི་བརྗིད་ཅིག་རེད། ལོ་རྒྱུས་འདིའི་དགའ་སྟོན་རྟེན་འབྲེལ་དང་སྒྲགས་ནས་ཕྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ལ་འདི་གར་ནིའུ་ཡོག་ཏུ་མི་མང་ལ་འཛམ་གླིང་གི་ཤོག་སྒྲིལ་རིང་ཤོས་དེ་འགྲེམས་སྟོན་གནང་རྒྱུ་རེད།

བྱེད་སྒོའི་ལས་རིམ།

ཕྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག

སྒྱུ་རྩལ་འགྲེམས་སྟོན། ཉིན་དགོང་རྗེས་ཀྱི་ཆུ་ཚོད་༣་པ་ནས་༧་པ།
༼རིན་མེད་ཡིན་པས་ཡིག་གཟུགས་སྒྱུ་རྩལ་བྱེད་སྒོ་ལ་ཞུགས་རོགས།༽
འཛམ་གླིང་གི་ཤོག་སྒྲིལ་རིང་ཤོས་བཤམས་སྟོན་བྱ་རྒྱུ།

དགའ་རྟེན་མཚན་ཚོགས། དགོང་དྲོ་ཆུ་ཚོད་༩་པ་དང་ཞོགས་པའི་ཚོུད་གཉིས་པའི་བར། ༼འཛུལ་ཞུགས་སྒོར་༢༥༽
དུད་འགྲོའི་དང་དབང་ཚོགས་ཆུང་གིས་དགོང་མོའི་ཞལ་ལག་འབུལ་རྒྱུ།

ས་ཆ།
Aurora Art Gallery, 35-18, 37th Street, Astoria, Queens. (Behind UA Kaufman Steinway Movie Theatre)

གཤམ་གྱི་དྲ་རྒྱ་ལ་ཕེབས་ནས་ཞིབ་གསལ་གཟིགས་རོགས་ཞུ།
http://youngtibet.com/2010/08/tibetan-world-record-holder-announces-exhibition-in-queens-ny/

རྩོམ་རིག

Post navigation

Previous Post: ཆང་དང་རོལ་དབྱངས།
Next Post: དུས་རབས་ཉེར་གཅིག་པའི་བོད་མི།

Comments (19) on “འཛམ་གླིང་གི་ཟིན་་ཐོ་(world record)འཛིན་མཁན་གྱི་བོད་པ་ཐོག་མ།”

  1. དབྱངས་བུ། says:
    2010-08-18 at 1:37 pm

    ཡག་པོ་བྱུང་འདུག ཐུགས་རྗེ་ཆེ།།

  2. རིག་བཟང་། says:
    2010-08-18 at 1:48 pm

    འཇམ་དབྱངས་རྡོ་རྗེ་མཆོག་གིས་འཛམ་གླིང་ན་ཆེས་རིང་བའི་ཤོག་སྒྲིལ་ཐོག་མར་བཟོ་བསྐྲུན་ཐུབ་པར་བཀྲ་ཤིས་བདེ་ལེགས་དང་། ཁྱེད་ཀྱི་སྐུ་ཚེ་བརྟན་ཅིང་བསམ་དོན་གང་ཡོད་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-18 at 1:55 pm

    འདི་ལྟར་བོད་མི་རེ་ཟུང་ནས་འགོ་བཙུགས་དེ་འཛམ་གླིང་གི་སྙན་གྲགས་ཅན་གྱི་ཟིན་ཐོ་སོགས་ཀྱི་ས་མིག་བཟུང་དེ་འོང་དུས། རྒྱ་ནག་སྲིད་གཞུང་གི་སྙིང་ནང་དུ་ཚག་ཤད་རྒྱག་གི་ཡོད་ངེས་རེད།

  4. གཅན་བཟོད་རྒྱམ། says:
    2010-08-18 at 2:09 pm

    བོད་མི་རིགས་རིག་གཞུང་དང་བཅས་པའི་ཚབ་བྱས་ཏེ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

  5. མེ་སྟག says:
    2010-08-18 at 2:17 pm

    འཛམ་གླིང་གི་ཟིན་ཐོའི་ནང་འཁོད་ཐུབ་པར་འཚམས་འདྲི་ཡོད།

    ད་དུང་བོད་མི་ཚོས་འཛམ་གླིང་གི་ཟིན་ཐོའི་ས་མིག་སྟོང་པ་གང་དང་གང་ཡོད་ཐོག་བགྲོ་གླེང་དང་དེ་དང་དེའི་ཐོག་འཛུལ་ཞུགས་གནང་རྒྱུར་ཐུགས་སྣང་གནང་རོགས།།

  6. མེ་ཏོག་དཀར་པོ། says:
    2010-08-18 at 2:34 pm

    དགའ་བསུའི་མེ་ཏོག་གི་ཆར་རབ་ཏུ་བསྙིལ་བར་བྱའོ།།

  7. བློ་བཟང་ཤཱསྟྲི་། says:
    2010-08-18 at 4:07 pm

    སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས།་ཤོག་དྲིལ་གྱི་སྒྱུ་རྩལ་གསར་རྩོམ་གནང་བར་བཀྲ་ཤིས་བདེ་ལེགས་ཞུ།་༧གོང་ས་མཆོག་དབུས་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས།

  8. རང་བཙན་ལྡེའུ་ says:
    2010-08-19 at 2:26 am

    སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས་ནས་འཛམ་གླིང་ཁྱོན་ལ་བོད་མི་རིགས་ཀྱི་མཚན་ཐོངས་ལར་རྒྱ་གོང་བུར་སྟེགས་པར་སྙིང་དབུས་ནས་དགའ་མགུ་ཡིད་རང་གིས་ཐུགས་རྗེ་ཆེ་ཞུ་།

  9. ཟླ་བ་བཟང་པོ། says:
    2010-08-19 at 2:35 am

    འདིར་ཐོག་མར་འཇམ་དབྱངས་རྡོ་རྗེ་ལགས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་ལ་རྒྱུ་མཚན་འགའ་ཤས་ཡོད། དང་པོར་World record ཐོ་དེབ་ཐོག་བོད་པ་ཞིག་གི་མིང་འཁོད་པ་དང་པོ་ཡིན་དུས་ང་ཚོ་ཚང་མ་དགའ་འོས་པའི་གནས་ཞིག་བརྩི་ཆོག གང་ཡིན་ཞེ་ན་དེ་ནི་བོད་མིའི་དེང་རབས་དང་གསར་བརྗེ་ལ་མདུན་སྐྱོད་བྱེད་པའི་རྣམ་པ་ཞིག་རེད། གཉིས་ནས་ཤོག་སྒྲིལ་རིང་མོ་དེར་༸གོང་ས་ཆེན་པོ་མཆོག་དང་བོད་ཀྱི་བླ་ཆེན་རྣམ་པའི་ཞབས་བརྟན་གསོལ་འདེབས་བྲིས་གནང་ཡོད་པ་ནི་རྟེན་འབྲེལ་ཧ་ཅང་ལེགས་པོ་ཞིག་ཏུ་མཐོང། འཛམ་གླིང་འདིར་ཆེས་རིང་ཤོས་སུ་ངོས་འཛིན་བྱས་པས་བོད་ཡིག་བྲིས་པའི་བོད་ཤོག་རིང་མོ་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོས་ས་རྒྱལ་བའི་དབང་པོ་མཆོག་གིས་གཙོས་པའི་བོད་ཀྱི་རིས་སུ་མ་ཆད་པའི་བླ་ཆེན་རྣམ་པའི་ཞབས་པད་ཡུན་རིང་བརྟན་པར་འཛམ་གླིང་ཧྲུལ་པོར་གཟེངས་བསྟོད་དང་ངོས་འཛིན་བྱས་པའི་རྟེན་འབྲེལ་ཡོད། གསུམ་ནས་ཐབས་ཚུལ་འདི་ལྟ་བུ་བརྒྱུད་ནས་བོད་དོན་ཡང་ཁྱབ་བསྒྲགས་བྱེད་པར་གནས་བབས་ཀྱི་ནུས་རྐྱེན་ངེས་ཅན་ཡོད་སྙམ། མ་འོངས་པར་དེ་ལུགས་ཀྱི་ཐབས་ཚུལ་བེད་སྤྱད་དེ་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་ཤོར་ཟིན་པའི་དབའ་བོ་དབའ་མོ་རྣམས་ཀྱི་མིང་ངམ་དཔར་འཁོད་པའི་དཔར་ཐང་ཆེན་པོ་ལྟ་བུ་དང་། ཡང་ཆུང་སྲིད་པན་ཆེན་རིན་པོ་ཆེ་ལྟ་བུར་མཚོན་ན་འཛམ་གླིང་འདིའི་ཐོག་གི་ཆབ་སྲིད་བཙོན་པ་ཆུང་ཤོས་ཡིན་དུས་World record ཡི་ཐོ་དེབ་དེར་འགོད་ཐུབ་པ་འདྲ་བྱུང་ན་ཁྱབ་བསྒྲགས་དང་ཤུགས་རྐྱེན་ངེས་ཅན་ཞིག་འོང་སྙམ། སླད་མར་ཐུགས་རྗེ་ཆེ། བོད་རྒྱལ་ལོ།

  10. འབའ་ཐང་གི་བུ། says:
    2010-08-19 at 7:54 am

    སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལ་བླ་ན་མེད་པའི་གུས་བཏུད་དང་འཚམས་འདྲི། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
    ༡ སྐུ་ཉིད་མཆོག་གིས་འཛམ་གླིང་ཟིན་ཐོའི་ནང་བོད་མི་རིགས་ཀྱི་ཟིན་ཐོ་ཐེངས་དང་ཤོས་དེ་འཇོག་ཐུབ་པས་ཆ་ནས་དགའ་བསུ་དང་ཡི་རངས་བསྔགས་ཞུ་རྒྱུ་ཡིན། ངས་ནམ་རྒྱུན་ནས་བསམ་བསམ་སྡོད་སྡོད་བྱས་ས་གཅིག་ནི་འཛམ་གླིང་འདིའི་ནང་མི་རིགས་གཞན་ལ་མེད་པའི་ངེད་བོད་ཚང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཡོན་མང་དག་ཅིག་ཡོད་བསམ་བསྡད་ཡོད། དེ་དག་ཀྱང་འཛམ་གླིང་ཟིན་ཐོའི་ནང་ཚུད་ཐུབ་པའི་ཐབས་ཤེས་གཏོང་དགོས་པ་འདྲ། ད་ལེན་བཀུར་འོས་འཇམ་རྡོས་རྨོངས་གཉིད་དཀྲོག་ཐེངས་གཅིག་གི་འོག་ནས་བོད་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་འཛམ་གླིང་ཟིན་ཐོ་གསར་པ་རེ་འཇོག་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།
    ༢ སྐུ་ཉིད་ཀྱིས་འཛམ་གླིང་ཟིན་ཐོའི་ལེའུ་གསར་པ་ཞིག་བསྐྲུན་པ་དང་མཉམ་དུ་རང་ཅག་བོད་ཚང་གི་བླ་སྲོག་གཅིག་ཏུ་ངེས་པ་ྋགོང་ས་མཆོག་དང་བསྟན་པའི་མངའ་བདག་རྣམས་ཀྱི་བསྟོད་བསྔགས་ཀྱི་ནང་དོན་ཡིག་རིས་དང་བཅས་པ་འཛམ་གླིང་ཟིན་ཐོ་དེའི་ཆ་ཤས་འགོད་འོང་བ་ནི་ཆེས་བླ་ན་མེད་པའི་ངོ་མཚར་ཆེ་བ་ཞིག་ལོས་ཡིན།
    ཁྱེད་ཀྱིས་རི་བོ་ཧི་མ་ཡི་རྩེ་རི་ནས་སྔར་མེད་ཉིད་ཟེར་ཞིག་བྱིན་སོང་བསམ་ནས་ཡོད།
    ཁྱེད་ཀྱིས་མཐོ་སྒང་གདོང་དམར་བོད་ཚང་ལ་སྔར་མེད་རྐང་རྗེས་ཤིག་ཕབ་སོང་བསམ་ནས་ཡོད།
    ཁྱེད་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་འདིའི་ལྟོ་བར་སྔར་མེད་ཟིན་ཐོ་ཞིག་བཞག་སོང་བསམ་ནས་ཡོད། ཁྱེད་ཀྱིས༌༑༑༑༑༑ ད་དུང་ཁྱེད་ཀྱིས༑༑༑༑༑༑༑༑

  11. གྲགས་པ་ says:
    2010-08-19 at 7:59 am

    བལ་ཡུལ་ནས་གྲགས་པས།
    སྐུ་ངོ་འཇམ་དབྱངས་རྡོ་རྗེ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱིས་བླ་ན་མེད་པའི་བོད་མི་རིགས་ཀྱི་རིག་གཞུང་བཟང་པོའི་སྙིང་བཅུད་ལས་བྱུང་བའི་ཡི་གེའི་རྒྱུ་རྩལ་གྱི་སྣང་བརྙན་འདི་འདྲ་རིང་པོ་ལེགས་གྲུབ་བྱུང་བ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མཛད་བརྗེས་བླ་ན་མེད་པ་ཞིག་བཞག་པ་རེད། དེར་བརྟེན་གུས་པས་ད་རེས་རྗེས་སུ་ཡི་རང་དང་། བཀྲ་ཤིས་བདེ་ལེགས་ཞུ་ཞུ་ཞུ།

  12. བསོད་ནམས་རྡོ་རྗེ། says:
    2010-08-19 at 2:35 pm

    སྐུ་ངོ་འཇམ་དབྱངས་རྡོ་རྗེ་ལགས། ཁྱེད་ཀྱིས་གསར་བཏོད་གནང་བའི་ལས་འགུལ་ལ་གུས་པས་འཚམས་འདྲི་ཞུ་རྒྱུ་དང་འབྲེལ། དྲ་ངོས་འདིར་ཤོག་བྱང་ཆེན་པོ་དེའི་ངོས་སུ་བཞུགས་པ་བོད་ཀྱི་བླ་ཆེན་སུ་དང་གང་གིས་ཕུལ་བའི་བརྟན་བཞུགས་གསོལ་འདེབས་ཀྱི་མཚན་དང་མཛད་པ་པོ་སོགས་རོབ་ཙམ་འགོད་ཐུབ་པ་འདུག་གམ།

  13. བོད says:
    2010-08-19 at 2:54 pm

    ཐུགས་རྗེ་ཆེ་༑

  14. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-08-20 at 10:03 pm

    ཁྱེད་ཀྱི་མཛད་རྗེས་དང་གྲུབ་འབྲས་ལ་བསྟོད་བསྔགས་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

  15. tenzindhargay says:
    2010-08-23 at 7:07 pm

    སྐུ་ངོ་འཇམ་དབྱངས་རྡོ་རྗེ་ལགས། མ་མཇལ་ཡུན་རིང་། དེ་རིང་དྲ་རྒྱའི་ངོས་ནས་ཁྱེད་ཀྱིས་གསར་བཏོད་གནང་བའི། འཛམ་གླིང་ན་ཆེས་རིང་བའི་བོད་ཡིག་གི་རྒྱུ་རྩལ་ཤོག་སྒྲིལ་ཐོག་མར་བཟོ་བསྐྲུན་གནང་ནས། World record འཛམ་གླིང་ཐོག་བྱས་རྗེས་འདི་འདྲ་ཞིག་བཞག་གནང་བ་ནི་བོད་མི་རིགས་ཀྱི་རིག་གནས་མཛེས་རྩལ་ཞིག་ངོམ་པ་དང་སྐད་ཡིག་ཕྱུག་པོ་ཡོད་པའི་མི་རིག་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའང་མཚོན་ཐུབ་བསམ། གུས་པའང་དེང་སང་ལྷ་བྲིས་ནས་མ་བསྡད་པར་བོད་ཡིག་མཛུབ་གནོན་འབྲི་རྒྱུ་སྦྱང་ནས་ད་ལྟ་ཉིན་ཤས་ལས་ཕྱིན་མ་སོང་། དྲ་རྒྱ་འདི་རྒྱུད་གུས་པས་འཚམས་འདྲི་ཞུ་རྒྱུ་དང་། ཡང་དུ་ ཁྱེད་ནས་བོད་མི་རིགས་ཀྱི་རིག་གཞུང་གི་སྙིང་བཅུད་ལས་བྱུང་བའི་ཡི་གེའི་རྒྱུ་རྩལ་གྱི་སྣང་བརྙན་འདི་འདྲ་རིང་པོ་ཞིག་ལེགས་གྲུབ་བྱུང་བ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མཛད་བརྗེས་བླ་ན་མེད་པ་ཞིག་བཞག་པར་བརྟེན་གུས་པས་རྗེས་སུ་ཡི་རང་དང་། ཚམས་འདྲིའི་བཀྲ་ཤིས་སྨོན་ཚིག་གི་རྒྱན་ཏེ་ཁྱེད་སྐུ་ཚེ་རིང་བ་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ་རྒྱུ་ཡིན།།

  16. tenzindhargay says:
    2010-08-23 at 7:13 pm

    སྐུ་ངོ་འཇམ་དབྱངས་རྡོ་རྗེ་ལགས། མ་མཇལ་ཡུན་རིང་། དེ་རིང་དྲ་རྒྱའི་ངོས་ནས་ཁྱེད་ཀྱིས་གསར་བཏོད་གནང་བའི། འཛམ་གླིང་ན་ཆེས་རིང་བའི་བོད་ཡིག་གི་རྒྱུ་རྩལ་ཤོག་སྒྲིལ་ཐོག་མར་བཟོ་བསྐྲུན་གནང་ནས། World record འཛམ་གླིང་ཐོག་བྱས་རྗེས་འདི་འདྲ་ཞིག་བཞག་གནང་བ་ནི་བོད་མི་རིགས་ཀྱི་རིག་གནས་མཛེས་རྩལ་ཞིག་ངོམ་པ་དང་སྐད་ཡིག་ཕྱུག་པོ་ཡོད་པའི་མི་རིག་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའང་མཚོན་ཐུབ་བསམ། གུས་པའང་དེང་སང་ལྷ་བྲིས་ནས་མ་བསྡད་པར་བོད་ཡིག་མཛུབ་གནོན་འབྲི་རྒྱུ་སྦྱང་ནས་ད་ལྟ་ཉིན་ཤས་ལས་ཕྱིན་མ་སོང་། དྲ་རྒྱ་འདི་རྒྱུད་གུས་པས་འཚམས་འདྲི་ཞུ་རྒྱུ་དང་། ཡང་དུ་ ཁྱེད་ནས་བོད་མི་རིགས་ཀྱི་རིག་གཞུང་གི་སྙིང་བཅུད་ལས་བྱུང་བའི་ཡི་གེའི་རྒྱུ་རྩལ་གྱི་སྣང་བརྙན་འདི་འདྲ་རིང་པོ་ཞིག་ལེགས་གྲུབ་བྱུང་བ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མཛད་བརྗེས་བླ་ན་མེད་པ་ཞིག་བཞག་པར་བརྟེན་གུས་པས་རྗེས་སུ་ཡི་རང་དང་། ཚམས་འདྲིའི་བཀྲ་ཤིས་སྨོན་ཚིག་གི་རྒྱན་ཏེ་ཁྱེད་སྐུ་ཚེ་རིང་བ་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ་རྒྱུ་ཡིན།།
    འཕན་པོ་བསྟན་དར་ནས་དགའ་སྤྲོའི་ངང་གུས་པ་ཆེན་པོས།།

  17. tenzindhargay says:
    2010-08-23 at 7:17 pm

    ༡༥༽ tenzindhargay ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༣ གི་ཆུ་ཚོད་ ༡༩ སྐར་མ་ ༠༧
    སྐུ་ངོ་འཇམ་དབྱངས་རྡོ་རྗེ་ལགས། མ་མཇལ་ཡུན་རིང་། དེ་རིང་དྲ་རྒྱའི་ངོས་ནས་ཁྱེད་ཀྱིས་གསར་བཏོད་གནང་བའི། འཛམ་གླིང་ན་ཆེས་རིང་བའི་བོད་ཡིག་གི་རྒྱུ་རྩལ་ཤོག་སྒྲིལ་ཐོག་མར་བཟོ་བསྐྲུན་གནང་ནས། World record འཛམ་གླིང་ཐོག་བྱས་རྗེས་འདི་འདྲ་ཞིག་བཞག་གནང་བ་ནི་བོད་མི་རིགས་ཀྱི་རིག་གནས་མཛེས་རྩལ་ཞིག་ངོམ་པ་དང་སྐད་ཡིག་ཕྱུག་པོ་ཡོད་པའི་མི་རིག་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའང་མཚོན་ཐུབ་བསམ། གུས་པའང་དེང་སང་ལྷ་བྲིས་ནས་མ་བསྡད་པར་བོད་ཡིག་མཛུབ་གནོན་འབྲི་རྒྱུ་སྦྱང་ནས་ད་ལྟ་ཉིན་ཤས་ལས་ཕྱིན་མ་སོང་། དྲ་རྒྱ་འདི་རྒྱུད་གུས་པས་འཚམས་འདྲི་ཞུ་རྒྱུ་དང་། ཡང་དུ་ ཁྱེད་ནས་བོད་མི་རིགས་ཀྱི་རིག་གཞུང་གི་སྙིང་བཅུད་ལས་བྱུང་བའི་ཡི་གེའི་རྒྱུ་རྩལ་གྱི་སྣང་བརྙན་འདི་འདྲ་རིང་པོ་ཞིག་ལེགས་གྲུབ་བྱུང་བ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མཛད་བརྗེས་བླ་ན་མེད་པ་ཞིག་བཞག་པར་བརྟེན་གུས་པས་རྗེས་སུ་ཡི་རང་དང་། ཚམས་འདྲིའི་བཀྲ་ཤིས་སྨོན་ཚིག་གི་རྒྱན་ཏེ་ཁྱེད་སྐུ་ཚེ་རིང་བ་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ་རྒྱུ་ཡིན།།
    ལྷ་བྲིས་པ་འཕན་པོ་བསྟན་དར་ནས་དགའ་སྤྲོ་དང་བཅས་གུས་པ་ཆེན་པོས།། །།

  18. འཇམ་དབྱངས་ says:
    2010-09-10 at 1:01 pm

    གོང་གི་གྲོགས་པོ་ཚང་མས་བསྟོད་མངགས་དང་རྒྱབ་བསྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུས་རང་ཨ་རི་ནས་བལ་ཡུལ་ཕྱོགས་སུ་བསྐྱོད་དགོས་བྱུང་བས་དུས་ཐོག་དུ་ལན་འབུལ་ཐུབ་མ་སོང། ད་ཆ་བལ་ཡུལ་དུ་བདེ་འབྱོར་བྱུང་ཡོད། མ་འོང་བོད་ཀྱི་ཡིག་གཟུགས་སྤྱི་ཚོགས་ནང་དར་འཕེལ་དང་ཡར་རྒྱས་བཏོང་རྒྱུར་ཇི་དགེའི་གོངས་ཆར་ཡོང་བའི་རེ་བ་ཞུ་གི་ཡོད།

  19. ཏི་སེ། says:
    2012-06-25 at 11:59 am

    ༈ སོ་སོའི་ཕ་ཡུལ་དང་བསྡུར་ན། མི་ཡི་ལུང་པར་རང་དབང་གི་གར་བཏེག་ཆུང་ཆུང་འདི་དགའ་འོས་པ་ཞིག་རེད། ཅི་སྟེ་ལོངས་སུ་མི་སྤྱོད། འོན་ཀྱང་རྒྱུ་མཚན་ཡོད་པ་དང་། གོ་རྒྱུ་ཡོད་པར་གཞི་བཅོལ་ཏེ་གླེང་ན་དགེ་མཚན་ཆེ་སྙམ།
    གཉེན་སྟོན་མཚོན་རྟགས་འདི་བཞིན་ཉེ་བའི་ལོ་ཤས་ནང་མདོ་དབུས་ཁམས་གསུམ་དུ་བསམ་བློ་སྔོན་ཐོན་དང་། སྒྱུ་རྩལ་འཕེལ་རྒྱས་ཅན་མཁས་དབང་མང་དག་ཞིག་གིས་དང་དུ་བླང་སྟེ་བེད་སྤྱོད་གཏོང་བཞིན་ཡོད་སྐད། གལ་ཏེ་སྒྱུ་རྩལ་ཕྱོགས་འབྲེལ་ཙམ་སྤང་བྱ་ཡིན་ཚེ། བོད་ཡིག་དང་། ནང་ཆོས། བརྩེགས་བཟོའི་སྒྱུ་རྩལ། དེ་བཞིན་དེང་རབས་ཀྱི་འཕྲུལ་ཆས་སོགས་ཀྱང་དེ་དེ་བཞིན་ནོ། བོད་ཀྱི་སྒྱུ་རྩལ་མིན་པའི་ཕྱིར།
    དཔེར་ན་སྔོན་ཐོན་དང་འཕེལ་རྒྱས་ཅན་གྱི་མི་རིགས་ཚོས་བོད་བརྒྱུད་ནང་བསྟན་གྱི་བསམ་པའི་དཔལ་ཡོན་དང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དང་། ཚོང་ར་ཆེ་ཁག་ནང་དུ་བོད་ཀྱི་གླུ་གར་དང་རི་མོའི་སྒྱུ་རྩལ་སོགས་ལེགས་ཆ་དང་ལེན་བྱེད་བཞིན་པ་ལྟར། གལ་ཏེ་ཆོས་ལྡན་དཔལ་མོས་དག་དག་མིན་ན། ཕྱོགས་འབྲེལ་ཡོད་དུ་ཆུག་ཀྱང་ཉེས་འགལ་དེ་ཙམ་མེད་འགྲོ།
    དེ་བས་ད་ཆ་ང་ཚོར་དགོས་ངེས་ཅན་དེ་ཁ་རྒྱག་པ་མིན་ལ། དོན་ཐོག་ཏུ་མཁས་དབང་རྣམས་ནས་དཔེ་མཚོན་རེ་གསར་གཏོད་གནང་ན། མང་མོས་ཀྱིས་གདམ་ཁ་བྱེད་ཆོག་ལ་ཡར་རྒྱས་འགྲོ་སྲིད། དོན་འབྲས་ཡོད་པ་ཞིག་རེད།
    སྒྱུ་རྩལ་གྱི་རྒྱབ་ལྗོངས་ལ་བལྟས་ཚེ་ལས་མེད་ཅིག་གིས་དོན་མེད་དུ་བརྩམས་པ་ཞིག་ཀྱང་ཡིན་ཚོད་མི་འདུག་པས། ཞིབ་འཇུག་དང་བརྟག་དཔྱད་གནང་ན་བསམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme