Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི།

Posted on 2019-11-24 By ཁ་བརྡ No Comments on འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི།

དཀར་མཚོ་སྐྱིད།
 
བོད་ཀྱི་གསོ་བ་རིག་པའི་ངོས་ནས་བཤད་ན་གཉན་ནད་རེག་དུག་གི་ནད་གཞི་འདི་རྒྱུད་བཞིའི་ནང་དུ་རྩ་བའི་གཉན་རིམས་བཅོ་བརྒྱད་ཡོད་པའི་ཁོངས་སུ་གཏོགས་པར་གསུངས་ཏེ།  སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས།  །སྲིན་འཁྲུགས་ལུས་ཟུངས་བཟས་པས་གཉན་ནད་བྱུང་།  །ཤིན་ཏུ་སྲོག་ལ་གཟན་ཕྱིར་གཉན་ཞེས་བྱ།  །ཞེས་གསུངས་པ་ལྟར་ནད་གཞི་འདི་སྐྱེད་བྱེད་གཙོ་བོ་ཡུལ་ངན་པ་དང་དུས་ཐ་མའི་སྐབས་སུ་ཟས་དཀར་མངར་གྱིས་གནོད་པར་བྱེད་ཅིང་སྤྱོད་པ་ཕོ་མོ་ཕན་ཚུན་རེག་ཅིང་ལོག་པར་གཡེམ་པ་བཅས་ཀྱི་གདོན་སེམས་ཀྱི་རྐྱེན་ལ་བརྟེན་ནས་ལུས་ཀྱི་གཉན་སྲིན་རྣམས་འཁྲུགས་ཏེ་ཟུངས་ཁྲག་བཟས་པ་དང་ཟད་པས་གཉན་ནད་བྱུང་ཞིང་མཐར་འགྲོ་བའི་སྲོག་ལ་གཟན་ཞིང་འཆི་བར་བྱེད་པའི་འགོ་བའི་ནད་རིགས་ཤིག་ཡིན་པར་ཕྱོགས་ཙམ་བསྟན་ཡོད་པ་དང་།  གཞན་ཡང་།  ད་དུང་གསོ་རིག་གི་གཞུང་ལས།  འདི་ལ་སྒོས་ཀྱི་གཉེན་པོས་མ་སླེབས་ན།  །སྨན་དཔྱད་གང་ཡང་ནད་ཀྱི་གྲོགས་ཡིན་ཏེ།  །གསོ་བ་ལོག་ཅིང་སྲོག་གི་གཤེད་མར་འགྲོ།  །ཞེས་སོགས་གསུངས་པས་ནད་གཞི་འདི་ལ་དམིགས་བསལ་གྱི་སྨན་སྦྱོར་གྱི་ནུས་པའམ་གཉེན་པོ་ཁྱད་པར་བ་ཞིག་མ་བསྟེན་ན་སྨན་གྱི་བཅོས་ཐབས་གཞན་གང་གིས་ཀྱང་ཕན་ཐོགས་མེད་པ་དང་དྲག་སྐྱེད་འབྱུང་གི་མེད་པས་གཉན་ནད་རེག་དུག་གི་ནད་གཞི་འདིས་དུས་ཐ་མའི་སྐབས་སུ་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་སྲོག་འཕྲོག་འགྲོ་ཡི་ཡོད་པ་སོགས་བསྟན་ཡོད།

སྤྱིར་HIV AIDS་ནད་གཞི་འདི་འཛམ་གླིང་ཁྱོན་ཡོངས་ཀྱི་ལོ་ན་རྒན་གཞོན་དང་། ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་མི་ཚང་མ་ལ་འགོས་ཀྱི་ཡོད་པ་དང་།   དང་པོ།  HIV་གཉན་སྲིན་ཡོད་པའི་མིའི་ཕན་ཚུན་གྱི་ཁྲག་བརྗེ་ལེན་དང་གཞན་གྱི་སྤུ་གྲི་དང་སྨན་ཁབ་ལ་སོགས་རང་གིས་བེད་སྤྱོད་བྱས་པ་སོགས་ལ་བརྟེན་ནས་འགོས་ཀྱི་ཡོད་པས་ཁྲག་བརྗེ་ལེན་བྱེད་པའི་སྐབས་སུ་ངེས་པར་དུ་དུག་སེལ་བྱས་ཟིན་པའི་ཁྲག་བརྗེ་ལེན་བྱེད་དགོས་པ་དང་མི་གཞན་གྱི་སྤུ་གྲི་དང་།  སྐྲ་གྲི   སྨན་ཁབ་སོགས་མཉམ་སྤྱོད་མི་བྱེད་པར་ཤེས་དགོས།    གཉིས་པ།  ཨ་མའི་འོ་མ་བརྒྱུད་ནས་རང་གི་ཕྲུ་གུ་ལ་HIV་འབུ་སྲིན་དེ་འགོས་ཀྱི་ཡོད་པས།  ཕྲུ་གུ་ལ་HIV་ན་ཚ་དེ་མི་འགོས་པའི་ཐབས་ལམ་གྱི་ཐོག་ལ་སྨན་པ་ལ་སྐད་ཆ་དྲིས་ཏེ་ཨ་མས་HIV་སྨན་ཟ་བ་དང་ཨ་མའི་འོ་མ་ལ་མ་བརྟེན་པར་ཕྲུ་གུ་འཚར་ལོངས་འབྱུང་དུ་འཇུག་དགོས།   གསུམ་པ།  HIV་གཉན་སྲིན་ཡོད་པའི་མི་དང་མཉམ་དུ་ལུས་འབྲེལ་བྱས་པ་ལ་བརྟེན་ནས་ན་ཚ་དེ་འགོས་ཀྱི་ཡོད་པས།   HIV་གཉན་སྲིན་དེ་མི་སུ་ལ་ཡོད་མེད་གསལ་བོ་མི་ཤེས་པས་ཕོ་མོ་ཕན་ཚུན་ལུས་འབྲེལ་བྱེད་པའི་སྐབས་སུ་སྲུང་སྐྱོབ་ཀྱི་འགྱིག་ཤུབས་ངེས་པར་དུ་བེད་སྤྱོད་བྱེད་དགོས་པ་དང་ཕྲུ་གུ་སྐྱེས་པའི་ཆེད་དུ་ཡིན་ན་ཕོ་མོ་གཉིས་ཀ་ལ་HIV་གཉན་སྲིན་ཡོད་མེད་ངེས་པར་དུ་བརྟག་དཔྱད་བྱེད་དགོས།   དེ་ཚོ་ནི་ཉེན་ཁ་ཆེ་བའི་བརྒྱུད་ལམ་གསུམ་ཡིན་པས།  HIV་ན་ཚ་སྔོན་འགོག་བྱེད་པའི་ཐབས་ལམ་ལ་ངེས་པར་དུ་དོ་སྣང་བྱ་དགོས་པ་དང་།   ང་ཚོའི་མཆིལ་མ་དང་སྣ་ཆུ།  ལུད་པ།  རྔུལ་ནག  མིག་ཆུ།  བཙོག་པ་དང་གཅིན་པ་སོགས་བརྒྱུད་ནས་HIV་འབུ་སྲིན་དེ་འགོས་ཀྱི་མེད་པ་སོགས་ཚང་མས་ཐུགས་ལ་འཛིན་པར་ཞུ། །   ཐུགས་རྗེ་ཆེ།

འཕྲོད་བསྟེན།

Post navigation

Previous Post: དྲང་པོ་དྲང་བཞག་ཨེ་རེད།
Next Post: ཅི་ཞིག་ལ་བྱ་སྤུ་ནོན་དང་ལས་རྒྱུ་འབྲས་ཟེར་རམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme