Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཚོ་བར་བླངས་པའི་གླུ།

Posted on 2010-02-232010-02-23 By ཁ་བརྡ་ 11 Comments on འཚོ་བར་བླངས་པའི་གླུ།

ཤ་ཀླན་འཇམ་དབྱངས་གྲགས་པ།

༡
ཝཱ་ཎའི་གནམ་གཤིས་དེ་གྲང་དུ་གྲང་དུ།།
རྐང་ཆུང་སེར་ཁ་དེ་ཆེ་རུ་ཆེ་རུ།།
ཀུན་དགའ་དོན་འགྲུབ་དེ་དཀོན་དུ་དཀོན་དུ།།
གྲྭ་རྐྱང་ལུས་པོ་དེ་ངལ་དུ་ངལ་དུ།།

མཛེས་མའི་ཟུར་མདའ་དེ་རྣོ་རུ་རྣོ་རུ།།
མི་ཁའི་རླུང་དམར་དེ་རྒོད་དུ་རྒོད་དུ།།
ས་མཐའི་འཚོ་བ་དེ་སྐྱོ་རུ་སྐྱོ་རུ།།
གྲྭ་རྐྱང་སེམས་པ་དེ་འཚབ་ཏུ་འཚབ་ཏུ།།

ཚོགས་པའི་སྒྲིག་ཁྲིམས་དང་རིང་དུ་རིང་དུ།།
རྒན་གྱི་ཞལ་རས་དེ་ནག་ཏུ་ནག་ཏུ།།
གྲོགས་ཀྱི་བརྩེ་བ་དེ་ཕྲ་རུ་ཕྲ་རུ།།
གྲྭ་རྐྱང་ལུས་སེམས་གཉིས་སྡུག་ཏུ་སྡུག་ཏུ།།

རྒྱ་གར་གློག་བརྙན་དེ་ཡག་ཏུ་ཡག་ཏུ།།
གྲོང་ལ་འགྲིམས་ཐེངས་དེ་མང་དུ་མང་དུ།།
ཁྱིམ་པའི་འཕྱ་སྟངས་དེ་བཙོག་ཏུ་བཙོག་ཏུ།།
གྲྭ་བའི་སྡིགས་སྟངས་དེ་ངར་དུ་ངར་དུ།།

༢
ང་ཡི་སློབ་གྲོགས་ཚོ་རིག་པའི་དཔའ་བོ་རེད།།
ང་ཉིད་ཁོང་ཚོའི་ཁྲོད་སྲིན་འབུ་མེ་འཁྱེར་འདྲ།།
ང་ཡི་སློབ་དཔོན་ཚོ་ལུང་རིགས་དབང་ཕྱུག་རེད།།
ང་ཉིད་ཁོང་ཚོའི་མདུན་ཤེས་མེད་རྒན་པོ་བཞིན།།

སློབ་གྲོགས་ཕོ་གཞོན་ཚོ་གཞོན་ནུ་དོན་འགྲུབ་རེད།།
བཙུན་མོ་ས་འཚོ་མས་སླར་ཡང་འགུག་ནུས་མིན།།
སློབ་གྲོགས་མོ་གསར་ཚོ་ཡིད་འཕྲོག་ལྷ་མོ་རེད།།
ནོར་བཟང་རྒྱལ་པོས་ཀྱང་རེ་ན་ངལ་བའི་རྒྱུ།།

སློབ་གྲོགས་གྲྭ་གཞོན་དག་བཻ་རོ་ཙ་ན་རེད།།
བཙུན་མོ་ཚེ་སྤོངས་བཟས་གཡོ་འོག་འགྲོ་ནུས་མིན།།
སློབ་གྲོགས་བཙུན་མ་ཚོ་སྣང་ས་འོད་འབུམ་རེད།།
གྲགས་པ་བསམ་འགྲུབ་ཀྱང་ཆོས་ལ་འགོད་པར་ངེས།།

བརྩོན་པའི་ཆུ་བོ་དེ་ཐན་པས་སྐམ་གྱུར་ཞིང༌།།
རྟོགས་པའི་མེ་ཏོག་དེ་གཡེང་བས་རྙིད་མེད་ན།།
ང་ཉིད་ཁ་སྟབས་དེ་མི་ལ་རས་པ་འདྲ།།
ཉིན་རེའི་སྤྱོད་ཚུལ་དེ་འབྲུག་སྨྱོན་ཀུན་ལེགས་ཉིད།།
༢༠༡༠ ༡ ༧ཉིན་བྲིས།

སྙན་ངག

Post navigation

Previous Post: དུང་སེམས་གསེར་གྱི་རང་མདངས།
Next Post: ཨ་རིའི་གསར་འགྱུར་བརྙན་འཕྲིན་སིས་ཨན་ཨན་(CNN)གྱི་སྟེང་དུ་༧གོང་ས་མཆོག་ལ་བཅར་འདྲི།

Comments (11) on “འཚོ་བར་བླངས་པའི་གླུ།”

  1. tashi says:
    2010-02-23 at 8:17 pm

    tashi delek!

  2. སྒང་ནེ་འཇིགས་མེད་ says:
    2010-02-24 at 4:49 am

    ཝཱཎའི་ཐ་སྙད་འདི་མཐོང་དུས།།
    བྷོ་ཊའི་སློབ་ཆེན་དེ་དྲན་བྱུང༌།།
    སྐྱིད་སྡུག་འདྲ་མིན་གྱི་ཁྲོད་ནས།།
    ལོ་མང་དཀའ་སྤྱད་དེ་དྲན་བྱུང༌།།

    ཁོར་ཡུག་མེ་ཏོག་གི་ལྡུམ་རྭར།།
    བཤེས་གཉེན་ཆུ་སྐྱེས་ནི་དཀར་དམར།།
    སློབ་ཚོགས་རྐང་དྲུག་ཡི་བུང་བས།།
    རིག་པའི་བཅུད་རོལ་དེ་དྲན་བྱུང༌།།

    རྭ་བ་གྲུ་བཞི་ཡིས་སྐོར་བའི།།
    པད་འབྱུང་ཁན་ཚན་གྱི་ནང་དུ།།
    དགོང་མོའི་རང་སྦྱོང་དེ་ཚོགས་དུས།།
    ཁུ་སིམ་དབེན་གནས་དེ་དྲན་བྱུང༌།།

    བཀའ་བསྟན་གསུང་རབ་ནས་གཙོས་པའི།།
    གནའ་དེང་ལེགས་བཤད་ཀྱི་ཕུང་པོ།།
    མ་ལུས་གཞི་གཅིག་ཏུ་སྤུངས་པའི།།
    ཞི་འཚོ་དཔེ་མཛོད་དེ་དྲན་བྱུང༌།།

    ས་དགེ་བཀའ་བརྒྱུད་དང་རྙིང་མ།།
    ཞ་དཀར་གཡུང་དྲུང་གི་བོན་པོ།།
    རིས་མེད་གྲུབ་མཐའ་ཡི་བསྟི་གནས།།
    ཝཱཎ་མཐོ་སློབ་དེ་དྲན་བྱུང༌།།

  3. ཤ་ཀླན་བུ says:
    2010-02-24 at 5:17 am

    བཀྲ་ཤིས་ནས་བཀྲ་ཤིས་བདེ་ལེགས་གསུངས་པར་དགའ་བྱུང༌།སྒང་ནེ་འཇིགས་མེད་ནས་ཡག་པོ་གསུངས་འདུག ཁྱེད་ཀྱི་དྲན་སྟངས་ལ་གོ་རིམ་འདུག་ལ་གནས་ལུགས་འདུག

  4. ཤ་ཀླན་བུ says:
    2010-02-24 at 5:22 am

    སྒང་ནེ་འཇིགས་མེད་ལགས། ཁྱེད་ཀྱིས་ཆོག་མཆན་སྟེར་ན་ངས་ཁྱེད་ཀྱི་དྲན་ཚུལ་དེ་སློབ་གྲྭའི་སྦྱར་པང་རུ་སྦྱར་ཆོག

  5. སྒང་ནེ་འཇིགས་མེད་ says:
    2010-02-24 at 6:53 am

    བཀུར་འོས་ཤཀླན་བུ་ལགས།

    ཁྱེད་ཀྱིས་རྩོམ་ཡིག་ལ་དགའ་བསུ་དང་བསྔགས་བརྗོད་མཚོན་ཕྱིར་ཤོ་ལོ་ཀ་རེ་ཟུང་ཞིག་འབྲི་ཁུལ་བྱས་པ་ལས། ཝཱཎའི་སྦྱར་པང་ཐོག་འགོད་པའི་རྩོམ་ཡིག་གི་ཆུ་ཚད་དང་བརྗོད་དོན། སྒྱུ་རྩལ་སོགས་འདི་ལ་ཚང་མེད་པས། སྦྱར་པང་ཐོག་མ་བཀོད་རོགས་གནང༌། ཐུགས་རྗེ་ཆེ།
    མུ་མཐུད་ནས་སྙན་ངག་བྲིས་ཤོག

  6. ཀརྨ་རྡོ་རྗེ་ says:
    2010-02-24 at 6:46 pm

    ཝྰ་ཎའི་ལྔ་པོ་དྲན་པ།

    ཝྰ་ཎའི་མིང་གཅིག་གི་འོག་ལ། །
    མཆོད་རྟེན་ཟླུམ་པོ་གཅིག་དྲན་བགྱིད། །
    དང་ཐོག་སྟོན་འཁོར་གཉིས་འཛོམས་ས། །
    གནས་སྐོར་ཐེངས་ཙམ་གཉིས་བསླེབས་ས། །
    གནས་ཆེན་གསུམ་པ་ཡི་ས་གཞིར། །
    དཀོན་མཆོག་གསུམ་པོ་དེ་འཛོམས་ས། །
    བདུད་བཞི་བཅོམ་པ་ལ་མཁས་པས། །
    བདེན་བཞི་གསུངས་ས་དེ་དྲན་བྱུང་། །
    སྙིགས་ལྔའི་དུག་ལྔ་འདི་རྩུབ་དུས། །
    ལྔ་སྡེའི་ཞི་འཇམ་དེ་དྲན་བྱུང་། །

  7. ཀརྨ་རྡོ་རྗེ་ says:
    2010-02-24 at 6:49 pm

    གནས་སྐོར་ཐེངས་གཉིས་ཙམ་་་་་་་་་་་། ལ་བཅོས།

  8. ཤ་ཀླན་བུ says:
    2010-02-25 at 12:11 am

    རྣམ་པ་གཉིས་ཕེབས་པ་དགའ་བྱུང༌།

  9. མིའུ་ཕྲུག says:
    2010-02-25 at 1:01 am

    ད་དུང་་
    དུས་གསུམ་ཐ་སྙད་ལ་རྨོངས་པའི།།
    སུམ་རྟགས་དག་གསུམ་གྱི་མཁན་པོ།།
    ལེགས་བཤད་ལྗོན་དབང་ཙམ་འཆད་ཀྱིན།།
    འགྱིང་ཉམས་སྟོན་ཚུལ་དེ་དྲན་བྱུང་།།
    གཞན་ཡུལ་སྐྱབས་གནས་སུ་བཅོལ་བཞིན།།
    གཞན་བརྟེན་སྲིན་འབུ་རུ་གྱུར་མོད།།
    གཞན་མོ་བཙན་རྒྱོ་ལ་དཔའ་བ།།
    གཞན་ཕན་དགེ་རྒན་དེ་དྲན་སོང་།།

  10. འཆི་བདག་སྐྱབས་། says:
    2010-02-25 at 2:59 am

    དུས་གསུམ་ཐ་སྙད་ལ་རྨོངས་པའི།།
    སུམ་རྟགས་དག་གསུམ་གྱི་མཁན་པོ།།
    ལེགས་བཤད་ལྗོན་དབང་ཙམ་འཆད་ཀྱིན།།
    འགྱིང་ཉམས་སྟོན་ཚུལ་དེ་དྲན་བྱུང་།།
    གཞན་ཡུལ་སྐྱབས་གནས་སུ་བཅོལ་བཞིན།།
    གཞན་བརྟེན་སྲིན་འབུ་རུ་གྱུར་མོད།།
    གཞན་མོ་བཙན་རྒྱོ་ལ་དཔའ་བ།།
    གཞན་ཕན་དགེ་རྒན་དེ་དྲན་སོང་།།

  11. ཤ་ཀླན་བུ says:
    2010-02-25 at 5:36 am

    མིའུ་ཕྲུག་དང་འཆི་བདག་སྐྱབས་གཉིས་མཆན་འདེབས་མཁན་གཅིག་ཡིན་པ་འདྲ། ཨེ་རེད། གང་ལྟར་ཁྱེད་གཉིས་ཀྱི་འཆད་སྟངས་དེ་ཤ་འཁོན་ཞིག་རྩོད་པ་དང་འདྲ་བོ་འདུག ཡིན་ཡང་ཤ་འཁོན་རྩོད་ས་ཁ་བརྡ་དྲ་དེབ་མ་རེད་ལ་ཁོ་བོ་ནི་དེ་བས་མ་རེད། དེ་བས་ཁྱེད་གཉིས་ཉེ་བའི་རིག་བདག་གི་ཡིག་ཚང་དུ་བཅར་བའམ་འབྲེལ་ཡོད་ལས་ཁུངས་ཤིག་ལ་གཏུགས་གཤེར་བྱས་ན་ཅི་འདྲ་རེད། འདི་ཁྱེད་གཉིས་ལ་བཤད་པའི་སྐད་ཆ་ཐ་མ་དེ་ཡིན། རྗེས་སུ་ཁ་སྔོག་རྒྱུ་མིན། ཤེས་སོང་ངམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme