Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཚོ་བའི་ཟློས་གར།

Posted on 2011-06-21 By ཁ་བརྡ་ 2 Comments on འཚོ་བའི་ཟློས་གར།

སེར་ཤུལ་རིན་ཆེན་དོན་གྲུབ།

ཡང་དང་བསྐྱར་དུ་བསམ་གཞིགས་བྱེད་སྐབས་འཚོ་བ་ནི་ཟློས་གར་ངོ་མ་ཞིག་རེད། ཟློས་གར་ནི་སྔོན་བྱུང་གི་གཏམ་རྒྱུད་དམ་དངོས་ཡོད་ཀྱི་གནས་སྟངས་གང་ཞིག་བསྐྱར་དུ་འཁྲབ་སྟོན་བྱས་པ་ཞིག་ལ་གོ་ཆོག ཟློས་གར་གྱིས་མི་རྣམས་ཀྱི་སེམས་ཁུང་དུ་བདེ་སྐྱིད་དང་སྤྲོ་སྣང་སྦྱིན་ཐུབ་ལ། དེ་ལས་ལྡོག་སྟེ་སྡུག་བསྔལ་དང་གདུང་ཚོར་ཡང་སྦྱིན་པར་བྱེད། དེ་ནི་ཟློས་གར་འཁྲབ་སྟོན་པའི་ཉམས་འགྱུར་དང་འཁྲབ་སྟངས་ཁོ་ནར་རག་ལས་པ་ཞིག་མ་རེད། དོན་ངོ་མར་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ཀྱིས་ཟློས་གར་འཁྲབ་བཞིན་ཡོད་ལ་འཁྲབ་སྟོན་པ་དང་ལྟད་མོ་བ་གཉིས་ཀ་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ལས་གཞན་མེད། འོ་ན་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ཀྱིས་ཅིའི་ཕྱིར་ཟློས་གར་འཁྲབ་སྟོན་བྱེད་པ་ཡིན་ནམ་སྙམ་སྲིད། དེ་ནི་ལན་ཐུང་ཐུང་ཞིག་སྟེ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་དང་དྲོད་ཁོལ་འཁྱིལ་བའི་འཚོ་བ་ཞིག་གི་ཆེད་དུ་རེད། ང་བདེ་སྐྱིད་འཚོལ་ཕྱིར་གྲྭ་ཆས་གྱོན་ནས་དགོན་པར་འོང་བ་རེད། འོན་ཀྱང་ཁོང་གིས་བདེ་སྐྱིད་འཚོལ་ཕྱིར་གྲྭ་ཆས་ཕུད་ནས་གཉེན་བསྒྲིགས་བྱས་པ་རེད། ཡ་མཚན་པ་ཞིག་ལ་ཁྱོད་ཀྱིས་བདེ་སྐྱིད་འཚོལ་ཕྱིར་ཁྱིམ་ཚང་གཡུགས་ནས་ཁེར་རྐྱང་གི་འཚོ་ལམ་བསྙེགས་པ་རེད། འདི་ནི་འཚོ་བའི་ཟློས་གར་འཁྲབ་སྟངས་ཀྱི་ངོས་ཤིག་རེད། དེ་ལས་ཀྱང་གལ་ཆེ་བའི་གནད་དོན་ཞིག་ཡོད་པ་ནི་ང་དང་ཁྱོད་ཁོ་གསུམ་གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རྙེད་ཡོད་མེད་ཀྱི་གནད་དོན་དེ་རེད། ང་དགོན་པར་སོང་རྗེས་བུད་མེད་དང་འཇིག་རྟེན་གྱི་བདེ་སྐྱིད་དྲན་ནས་འཚོ་བ་ལ་བདེ་དྲོད་མ་ཁུག ཁོང་གྲྭ་བ་ལོགས་རྗེས་སྐྱེས་སྨན་དང་ཕྲུ་གུའི་གསོ་ཚགས་ཀྱིས་བདེ་སྐྱིད་མ་ཐོབ། ཁོང་གིས་ཁྱིམ་ཚང་གཡུགས་རྗེས་ཁེར་རྐྱང་གི་སྐྱོ་སེམས་དང་གདུང་ཡུས་ཀྱིས་འཚོ་གནས་ལ་དགོད་སྒྲ་དང་སྤྲོ་བ་མ་ཚོར། རྒྱུ་མཚན་འདིས་གསལ་བོར་སྟོན་ཐུབ་པ་ནི་བདེ་སྐྱིད་ཀྱི་འཚོ་བ་ནི་ཁོར་ཡུག་དང་འཚོ་བའི་གནས་བབ་ཁོ་ནས་སྟོབས་ཤུགས་ཀྱིས་སྐྲུན་མི་ཐུབ་པར་དེ་ལས་གཞན་པའི་སྟོབས་ཤུགས་ཀྱི་ནུས་པ་ཞིག་ཡོད་པ་དེ་རེད། དེ་ནི་འཚོ་བའི་ཟློས་གར་ལ་ལྟ་སྟངས་དང་ལྟ་སྟངས་དེ་དམ་ཛིན་བྱེད་མཁན་གྱི་གཞི་རྩའི་བསམ་བློ་དེ་རེད། ང་ཚོས་ཡིད་སྐྱོ་བའི་ཟློས་གར་ཞིག་ལ་ལྟ་སྐབས་སྐྱོ་སྣང་དང་གདུང་ཡུས་ཚང་མ་རང་ཐོག་ཏུ་བླངས་ནས་ངུ་བཤུམ་མི་བྱེད་པར་རང་ཉིད་ལྟད་མོ་བ་ཞིག་གི་འདུ་ཤེས་ཀྱིས་བལྟས་ན་རང་ཉིད་ཀྱི་བདེ་སྐྱིད་དང་དགོད་སྒྲ་ནམ་ཡང་འཇགས་མི་སྲིད། མཐར་གཏུགས་ན་འཚོ་བའི་བདེ་དྲོད་ནི་རང་ཉིད་ཀྱི་ལྟ་ཕྱོགས་ནས་རྒྱས་ཤིང་རང་ཉིད་ཀྱི་ལྟ་ཕྱོགས་ནས་འཕེལ་དགོས། དེ་ནི་ཟློས་གར་ལྟ་སྟངས་ལ་རག་ལས་པའི་ནང་དོན་ངོ་མ་དེ་ཡིན། ངས་མཚམས་རེར་འཚོ་བ་ནི་སྤྲོ་སྐྱིད་ལྡན་པ་ཞིག་ཏུ་ཚོར་ལ་ཡང་མཚམས་རེར་འཚོ་བ་ནི་ཞེ་མེར་བའི་འདམ་རྫོབ་ཅིག་ཏུ་མཐོང་། དེ་ནི་ཚོར་ཤེས་སྐྱེན་པའི་མི་རྣམས་ཀྱི་རྒྱུན་ལྡན་གྱི་བསམ་བློའི་འཁོར་ཕྱོགས་ཤིག་ཡིན་པས་ཡ་མཚན་སྐྱེ་དགོས་པ་ཅི་ཡང་མ་རེད། འོན་ཀྱང་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ཀྱིས་འཚོ་བའི་བདེ་དྲོད་གང་ནས་འཚོལ་དགོས་པའི་ཕྱོགས་སུ་ཞིབ་འཇུག་བྱ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བའི་རྩ་དོན་ཡིད་ནས་བཅངས་ཏེ་འཚོ་བའི་བདེ་དྲོད་ཡིད་ཀྱིས་བསྐྲུན་དགོས་ཤིང་འཚོ་བའི་སྤྲོ་སྣང་སེམས་ནས་འཚོལ་དགོས་པའི་ལྟ་ཕྱོགས་བཟུང་བ་ཡིན། དཀྱེལ་ཡངས་དང་། བསམ་ཤེས། བཟོད་བསྲན་གསུམ་ནི་རྒྱལ་མཚམས་མེད་པའི་འཚོ་བའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡང་དག་ཅིག་རེད་ལ་འགྲོ་བ་མིའི་རིགས་ཀྱི་ཁྱད་ནོར་དང་རིན་ཐང་བླ་ན་མཐོ་བའི་ནོར་མཆོག་གཅིག་པུ་རེད། ང་དང་། ཁོང་། ཁྱོད་གསུམ་གྱིས་འཚོ་བའི་བདེ་དྲོད་ཀྱི་ཆེད་དུ་འཚོལ་དགོས་པ་ནི་ནོར་མཆོག་འདི་དག་ཡིན་ལ་ཐོབ་དགོས་པའང་ནོར་མཆོག་འདི་དག་ཡིན།།

གསལ་བཤད། (གོང་གི་མིང་ཚིག་སྟེ་ང་དང་། ཁྱོད། ཁོང་གསུམ་ནི་གང་ཟག་བྱེ་བྲག་པ་ཞིག་ལ་མི་གོ་བར་སྤྱི་སྒྲ་ཙམ་ལ་གོ་དགོས)
༢༠༡༠/༢/༢༩/མཚན་ཆུ་ཚོད་༡༢ལ་བྲིས།

སྣ་ཚོགས།

Post navigation

Previous Post: ༄།། སྡེ་བའི་གླུ་གར་འགྲན་ཚོགས།
Next Post: རང་ལྕེར་རང་གིས་མདུད་པ་བརྒྱབ་པ།

Comments (2) on “འཚོ་བའི་ཟློས་གར།”

  1. ཆོས་འགྲུབ། says:
    2011-06-22 at 6:37 am

    དོན་ངོ་མར་འཚོ་བ་ནི་འཁྲབ་སྟོན་རེད་ལ། འཚོ་བར་རོལ་བ་ཡང་འཁྲབ་སྟོན་འཁྲབ་པ་རེད།འོན་ཀྱང་མི་རྣམས་ཀྱིས་འཚོ་བ་ནི་འཁྲབ་སྟོན་ཞིག་ཏུ་མི་བརྩི་ལ་གཡེལ་ཆུང་ཡང་གཏན་ནས་མི་བྱེད། འཁྲབ་སྟོན་ནི་འཚོ་བ་དངོས་མར་མི་བརྩི་ཞིང་འཚོ་བའི་ཁྲོད་ཀྱི་ཡན་ལག་ཙམ་དུ་བརྩི། མི་རྣམས་ལ་འཚོ་བ་ནི་འཁྲབ་སྟོན་ཙམ་རེད་ཅེས་བརྗོད་ན་མི་རྣམས་ཀྱི་བློར་གཏན་ནས་མི་འབབ། དེ་ནི་མི་རྣམས་འཚོ་བར་འཁྲེང་ཞེན་ཆེ་ཐག་ཆོད་པ་ལས། འཚོ་བ་འཁྲབ་སྟོན་མིན་པ་མཐོང་བས་མིན།འཚོ་བ་འཁྲབ་སྟོན་མིན་པའི་རྒྱུ་མཚན་མེད་ལ་འཚོ་བ་འཁྲབ་སྟོན་མི་པ་མཐོང་བའང་མེད། འོན་ཀྱང་རྒྱུ་མཚན་མེད་པའི་འཁྲེང་ཞེན་ཞིག་གིས་འཚོ་བ་དང་འཁྲབ་སྟོན་གཉིས་སོ་སོར་འབྱེད་པ་ལ་མི་རྣམས་བློ་ཁ་ཡོངས་སུ་ཚིམས་ནས་བསྡད་ཡོད་པ་རེད།།

  2. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2011-06-22 at 7:25 am

    དྲ་གྲོགས་ཆོས་གྲུབ་ཀྱིས་གསུང་བ་དེ་དེ་བཞིན་ནོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme