Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཚོ་བ་འདི་བག་མར་བྱིན་ཚར། ༢

Posted on 2017-08-282017-08-28 By འཚོ་བྱེད་བུ No Comments on འཚོ་བ་འདི་བག་མར་བྱིན་ཚར། ༢

བོད་འབྱོར།

གོ་རེ་བསྲེགས་མ་དེས་ས་མཐར་ལུས་པའི་མི་དེ་ཐག་རིང་གི་ཕ་ཡུལ་ལ་ཁྲིད།

ཐག་རིང་ལ་བསྙེགས་བསྙེགས་ཏེ་དུས་གང་ཞིག་ནས་བཟུང་ཕ་ཡུལ་མ་དྲན་ཡུན་རིང་འགོར།

ཕ་ཡུལ་གྱི་མི་དེས་ངར་ཕ་ཡུལ་གྱི་གོ་རེ་ཞིག་གནང་། གོ་རེ་དེས་ངའི་དུས་ཀྱི་དྲན་པ་རེ་རེ་གསོས་འོངས་ཤིང་ང་རང་ཐག་རིང་གི་ཕ་ཡུལ་ལ་ཁྲིད།

མལ་ཁང་དུ་གོ་རྡོག་རེ་རེ་སོའི་བར་དུ་ཐྲོག་ཐྲོག་དང་བཅས་གྲག་ཡོང་དུས། མིག་མཐར་སྡུག་གི་མཆི་མ་འཁོར་ཞིང་ཟབ་ས་ན་ཉར་བའི་ལོ་ཟླ་དེ་དག་མིག་ཆུའི་ནང་བསློགས་འོངས།

བྱིས་དུས་ཀྱི་དགུན་ཁའི་ཉིན་མོ་རེ་རེར། ཨ་མས་ནམ་མཁའི་ཟླ་བ་ཆུ་ཚོད་དུ་བྱས་ཏེ་སྔ་ནས་དཀོན་མཆོག་ལ་མཆོད་ཕྱག་འབུལ་རྗེས། དེ་མུར་ལྕགས་ཐབ་ཏུ་མེ་གསོས་ཤིང་ཁང་བ་དྲོད་ལམ་ལམ་དུ་བཏང་། དེའི་ཞར་ལ་རྫ་ཕོར་ཅུང་ལེབ་ཅིང་ཁ་ཆེ་བ་གཉིས་ཀྱི་ནང་གོ་རེའི་དབྱིབས་སྐོར་སྐོར་ཡིན་པ་དེ་ཆ་ཤས་སུ་བྱས་ནས་བཀང་བཀང་ཞིག་ཆུ་སྐོལ་ཏུ་སྦངས་ཏེ་ནུ་བོ་དང་ངེད་གཉིས་ཡར་ལངས་པར་སྒུག་པ་རེད། ངས་མོའི་སེར་ཁ་གས་ཤིང་ཀྲབ་བེ་ཀྲོབ་བེར་གྱུར་བའི་ལག་ཟུང་མཐོང་ཐེངས་རེར། ཁོའི་སེར་ཤུལ་ལས་བཞུར་མྱོང་བའི་འདས་སོང་དང་ལྐོག་གྱུར་གྱི་འཇིག་རྟེན་དག་བརྟོལ་བར་འདོད། ཡིན་ནའང་སྐབས་དེ་རང་གཅིག་པུ་ལས་འཇིག་རྟེན་གཞན་ཞིག་ཡོད་པ་ནི་ཡེ་ནས་ཤེས་མི་སྲིད་པས་གསང་བ་དེ་སྔར་བཞིན་ལྐོག་ཏུ་གྱུར་ཅིང་། འདས་སོང་གི་འཇིག་རྟེན་ལ་ཡུན་གྱིས་བཙའ་ཆགས་པར་གྱུར།

ས་སྲོས་སུ། ངེད་གཉིས་སློབ་གྲྭ་ནས་ཕྱིར་ཁྱིམ་དུ་ལོག་ཐེངས་རེར། ཨ་མའི་སེམས་སུ་དུས་དང་རྣམ་པ་ཀུན་ཏུ་ངེད་གཉིས་སྒོམ་ཞིང་རྒྱ་སྒོ་ཁར་ཕར་འགྲོ་ཚུང་འོང་གིས་སྒུག་ནས་བསྡད་པ་མཐོང་། དེ་དུས་ངེད་གཉིས་ཀྱི་སེམས་ལ་རང་རང་གི་འཇིག་རྟེན་ལས་ཨ་མའི་འཇིག་རྟེན་སྒོམ་པ་ནི་རྨི་ལམ་དུའང་མ་རྨིས། མོས་དེ་ལྟར་སྒུག་སྒུག་ནས་ཉིན་ལ་ཟླ་བརྩེགས་ཏེ་ང་རང་སློབ་ཆུང་མཐར་ཕྱིན་བར་དུ་སྒུག

སློབ་འབྲིང་གི་ཐེམ་སྐས་ལ་སྤོ་འགོ་ཚུགས། ཡིན་ནའང་ལོ་ཟླ་དེ་ཆེས་ཐོག་མའི་མ་བུའི་ཁ་བྲལ་ཞེ་ལ་ཐོགས། མིག་ལ་ཐོགས། མ་བུར་ཐོགས།

སློབ་འབྲིང་ལ་སླེབས་རྗེས་ངས་དེ་སྔོན་ཨ་ཕ་ར་བཟི་སྐབས་ཨ་མར་ཤིང་དུམ་དང་རྡོག་པས་བརྫི་དུས་ཀྱི་ངུ་སྒྲ་དང་མནར་གཅོད་དྲན་ཐེངས་རེར་སེམས་ལ་རྡོག་བརྫིས་མང་པོ་བཏང་ཡོང་ལ། ཚད་མེད་ཀྱི་ན་ཟུག་ཅིག་གིས་ཨ་ཕར་ཀུན་ནས་སྡང་། དེ་དུས་ནུ་བོའང་ནམ་རྒྱུན་ཨ་ཕ་བཙོན་ཁང་དུ་བཅུག་ན་བཟང་བའི་སྐད་ཆ་སོགས་བཟླས་མྱོང་ལ། ཁྱོད་ཨ་ཕ་དང་འདྲ་(ཕྱིའི་གཟུགས)ཟེར་ན་ཁོང་ནས་ཁྲོའང་མྱོང་། ཡིན་ནའང་ལོ་དེར་ནུ་བོ་བཙོན་དུ་བཅུག ཕྱིས་སུ་རབ་ཏུ་བྱུང་།

དེའི་རྐྱེན་གྱིས་ང་རང་སློབ་ལ་མི་བརྩོན་རང་བརྩོན་དུ་གྱུར་ལ། 《རྩྭ་ཐང་དྲན་གླུ》འང་འཛིན་གྲྭའི་ནང་དུ་ཐོག་མར་བློར་བཟུང་མཁན་དུ་གྱུར།

དེ་ལྟར་ཉིན་ལ་ཟླ་བརྩེགས་ཟླ་ལ་ལོ་བརྩེགས་ཏེ་མཐོ་འབྲིང་མཐར་ཕྱིན་ནས་སློབ་ཆེན་གྱི་ཐེམ་སྐས་སུ་སྤོ་ལ་ཉེ། ང་ལ་མཚོན་ན་སློབ་ཆེན་ཐམས་ཅད་ཀྱི་ནང་ནས་ནུབ་བྱང་ཞེས་པ་དེ་ནི་ངའི་རེ་བའི་གཤོག་ཟུང་བརྐྱང་ས་ཞིག་དང་ལྐོག་གྱུར་ཡིད་འོང་གི་འཇིག་རྟེན་ཞིག་ཏུ་སྨོན་ཡོད། ཡིན་ནའང་། ཕ་མའི་དཔྲལ་བའི་མིག་དང་སྙིང་གི་རུས་ལྟར་གྱུར་བའི་ངའི་ཐག་རིང་གི་འགྲུལ་བཞུད་ནི་ཁོ་གཉིས་ལ་མཚོན་ན་གཉིད་མི་ཁུགས་པའི་མཚན་མོ་ཞིག་དང་སེམས་བྲུས་པ་ལྟ་བུའི་ན་ཟུག་ཅིག་ཏུ་གྱུར།

ན་ཟུག་དེ་ལོ་ཟླའི་བར་ཐག་མང་པོ་ཞིག་ཏུ་ང་ཚོ་ཕན་ཚུན་གྱི་སེམས་ནས་ཡུན་རིང་བསྙལ།

ལས་ཀྱི་བསྐོས་པ་ཞིག་གམ་རྟེན་གྱི་འབྲེལ་བ་ཞིག་གམ། ཡང་ན་ཁམས་ཀྱི་མོས་པ་ཞིག་གིས་ང་རང་སྙན་ངག་ལ་མོས་པ་ཞིག་དང་འཕྲད། གྲོགས་ལ་གྲོགས་མཐུན། ཞེ་ལ་ཞེ་མཐུན་པས་ངེད་གཉིས་ལ་བརྩེ་དུང་གི་རྦ་རླབས་འཕྱུར། རྦ་རླབས་དེས་ངའི་ཕུགས་བསམ་གྱི་ལང་ཚོ་རྒྱས་སུ་བཅུག་ཅིང་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་སུ་བཅུག

ངེད་གཉིས་ཀུ་རེ་དང་ལབ་གླེང་གི་ཁྲོད་ནས་ཕན་ཚུན་གྱི་གཏམ་རྒྱུད་གླུ་ལ་གྱེར་ཞིང་བྲོར་འཁྲབ། གཏམ་རྒྱུད་ཀྱི་ཁྲོད་ནས་ཕན་ཚུན་མཐོང་སྟེ་ཕན་ཚུན་གྱི་སེམས་ལ་སེམས་འཛུལ།

རང་བཞིན་གྱིས་བྲེལ་འཚུབ་ཆེ་བའི་ང་རང་ཁོ་དང་འགྲོགས་ནས་ངང་གིས་དལ་ལྷོད་ཅིག་ཏུ་གྱུར་ཅིང་། བྲེལ་འཚུབ་ཆེ་བའི་གཤིས་ཀ་དེ་བྲེལ་འཚུབ་ཀྱི་རིགས་ལ་ཞེ་ལོག་ཏེ། རླབས་རིས་བསྐྱོན་པ་བཞིན་གྱི་ལྷིང་འཇགས་ལ་གཅེར་བུར་འཐམས།

ཡིན་ཡང་། ཨ་མས་ལོ་ཟླར་སྒུག་མ་བཟོད་པར་བྲེལ་འཚུབ་ཅིག་ཏུ་གྱུར་ལ། ཁྱིམ་ཚང་འདིའི་འཚོ་ཚིས་སུ་ཞིང་ཆུང་གྲུ་བཞི་ལ་དཔྲལ་བའི་མིག་བཞིན་དུས་དང་རྣམ་པ་ཀུན་ཏུ་ཅེར་བུར་འཐམས། འཐམས་འཐམས་པའི་མཐར་སྡེ་མི་རྣམས་ཀྱང་ཁོ་མོར་ཞིང་ཁར་ཁང་བ་ཞིག་བརྩིག་དགོས་པ་སོགས་ཀྱི་སྐད་ཆ་མང་པོ་ལབ།

ང་རང་ཡུལ་ལ་ལོག་ཐེངས་རེར་ཁྱིམ་གྱི་ལྕགས་སྒོ་ཟྭ་ཆེན་ཞིག་གིས་བསྡམས་ཡོད་པ་མཐོང་དུས། ངས་ཞིང་ཁར་རྔུལ་ཆུས་མ་འོངས་པ་བསྐྲུན་པར་འབད་བཞིན་པའི་ཨ་མ་དང་། ཁྱིམ་ཚང་གི་དཔལ་འབྱོར་དུ་རྒྱང་རིང་ལ་འགྲོ་དགོས་པའི་ཨ་ཕའི་ཁ་བྲལ་ལ་མ་བཟོད་ཅིང་། སེམས་ཀྱི་སྡུག་བསྔལ་ལུས་ཀྱིས་མ་ཐེག་ཏེ་ས་ལ་འགྱེལ་ནས་མིག་ཆུ་གཏོར་བ་ཐེངས་གཅིག་མིན། ངས་ལོ་ཟླས་བསྙལ་བའི་ཞེ་ལ་ཐོགས་པའི་ཡུན་རིང་གི་ཁ་བྲལ་མ་བཟོད་པར་མིག་ཆུ་གཏོར། ངས་ཁྱིམ་མིའི་འགྱུར་ལྡོག་ལ་མ་བཟོད་པར་མིག་ཆུ་གཏོར། ངས་གནམ་ལ་ཡུས་བཤད་མི་ལ་ཁ་གཏོང་། ཁྱིམ་ཚང་འདིའི་ཆེད་དུ། ངེད་བཟའ་མི་རྣམས་ཁ་ཐོར་དུ་གྱུར། ངེད་བཟའ་མིའི་བར་ཐག་རིང་ནས་རིང་དུ་ཕྱིན་བར་ཁོ་ཐག་ཆད།

ནམ་ཡང་ཐག་རིང་ལ་རེ་བ་དང་སྨོན་ལམ་བཏབ་ཡོད་པའི་ང་རང་། ཐག་རིང་ལ་ཞེ་ཐོགས། འོན་ཀྱང་ཐག་རིང་དེས་ང་དང་གཞན་གྱི་འགྱུར་ལྡོག་ལ་རྡོག་བརྫིས་བཏང་། ངའི་སེམས་ལ་རྡོག་བརྫིས་བཏང་། དེས་ང་རང་ཕ་ཡུལ་ལ་ལོག་འདོད་མེད་ཅིང་ཕ་ཡུལ་ལ་དྲན་འདོད་མེད་པ་ཞིག་ཏུ་གྱུར། དོན་དམ་དུ་ཕ་ཡུལ་གྱི་ཡོད་ཚད་ལ་བཟོད་དཀའ་བར་གྱུར།

ད་ལྟ་ས་མཐར་ལྷུང་བའི་བུ་མོ་ངས། ངའི་ཞེ་ལ་ཐོགས་པའི་རྒྱང་རིང་གི་མཛའ་བོ་དྲན། ཡིན་ནའང་། དེས་ཐག་རིང་ལ་དགའ་བའི་མི་ལ་ཡི་ཆད་ཅིང་ཞེ་ལོག་པར་གྱུར།

ཕ་ཡུལ་མ་དྲན་ཡུན་རིང་འགོར། ཏག་ཏག་དེ་རིང་མོས་ངར་ཕ་ཡུལ་གྱི་གོ་རེ་ཞིག་གནང་། གོ་རེ་དེས་ང་ཕ་ཡུལ་ལ་ཁྲིད། འདས་སོང་གི་ལོ་ཟླར་ཁྲིད། ང་ལ་འགྱུར་ལྡོག་དང་བར་ཐག་གིས་རྡོག་བརྫིས་བཏང་མྱོང་བའི་ཞེ་ལ་ཐོགས་པའི་གཏམ་རྒྱུད་གང་མང་བསྐྱུགས།

ཏག་ཏག བདག་གི་མི་དང་ཁ་བྲལ་ནས་ལོ་གཅིག་འགོར། ཞེ་ལ་ཐོགས་པའི་མིས་ངར་ཁ་བརྡ་མ་གློད་ཡུན་རིང་འགོར། ངས་དེ་མ་བཟོད་པར་ས་ལ་ཡང་བསྐྱར་མིག་ཆུ་གཏོར། ཡིན་ནའང་ས་ལ་ཟགས་པའི་མིག་ཆུ་དེ་སར་ཐིམ་པ་ལས་ང་ལ་སེམས་གསོ་ཅི་ཡང་མ་གནང་།

ང་རང་ཕ་མའི་ཞེ་ལ་ཐོགས། ཁོ་ངའི་ཞེ་ལ་ཐོགས། ཁོའི་མ་ཁོའི་ཞེ་ལ་ཐོགས། ས་ཆེན་གྱིས་ངའི་མིག་ཆུ་ཞེ་ལ་ཐོགས།

ཨ་ཨ། ཞེ་ལ་ཐོགས་པའི་ལོ་ཟླའི་གཏམ་རྒྱུད་འདི་ཨང་།

༢༠༡༧ལོའི་ཟླ༦པའི་ཚེས༡༨ཉིན་བྲིས།

ལྷུག་རྩོམ།

Post navigation

Previous Post: མཁན་ཆེན་མཆོག་གིས་ཨ་རིའི་བོད་པ་དག་ལ་བསྩལ་བའི་བཀའ་སློབ།
Next Post: འདོད་པའི་སྒྱུ་རྩལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme