Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲོང་གཡག་འཐབ་པའི་རྭ་དབར་གྱི་ཁྲག་ཐིག་ལྡག་རྒྱུར་རྔམ་པའི་ཝ་མོ་བྱ་དུར་བཟང་པོ།

Posted on 2021-04-192021-04-19 By ཁ་བརྡ 8 Comments on འབྲོང་གཡག་འཐབ་པའི་རྭ་དབར་གྱི་ཁྲག་ཐིག་ལྡག་རྒྱུར་རྔམ་པའི་ཝ་མོ་བྱ་དུར་བཟང་པོ།

ཞེ་ཆེན་ཞབས་དྲུང་།

སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཡོངས་རྫོགས་གནས་དབྱུང་བཏང་ནས་མང་གཙོའི་ཀ་བ་གཅིག་བསྒྱེལ་ཏེ་བཅའ་ཁྲིམས་སྦོ་ལུག་པའི་སྐོར་ལ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་དང་། ཁྲིམས་ཞིབ་པ་ཟུར་པ་ཐུན་མོང་གི་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས་དང་། བཀའ་ཟུར་ཐུན་མོང་གི་སྙན་ཞུ། གཞུང་ཞབས་ཟུར་པའི་སྙན་ཞུ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གསལ་བསྒྲགས་དང་། ཁྲིམས་ལུགས་མཁས་པའི་དཔྱད་རྩོམ་སོགས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེ་བཅའ་ཁྲིམས་དང་འགལ་བ་ཞིག་ལ་ངོས་འཛིན་གསལ་པོ་བྱུང་ཡོད་པའི་མ་ཚད། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། མང་ཚོགས་བཅས་ནས་ཁྲིམས་མཐུན་མིན་པའི་གྲོས་ཆོད་དེ་ཕྱིར་འཐེན་བྱས་ཏེ་ཁྲིམས་ཞིབ་པ་རྣམ་པའི་མཛད་ཁུར་བསྐྱར་གསོ་དགོས་པའི་རེ་འདུན་མགྲིན་དབྱངས་གཅིག་གིས་གཞི་རྒྱ་ཆེན་པོས་འདོན་བཞིན་པའི་སྐབས་འདིར། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཞོན་གཉིས་ཀྱིས་བཅའ་ཁྲིམས་ནང་གསལ་ངོ་ཡོད་ལྷན་ཚོགས་ཀྱི་ཆ་རྐྱེན་མི་ལྡན་པའི་སྒོ་ནས་ཁྲིམས་ཞིབ་པ་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོས་ཡོད་པའི་

སྐོར་ལབ་གླེང་ཡོང་གི་ཡོད། འདེམས་སྒྲུག་ཚོགས་ཆུང་བཙུགས་པ་དེའི་དམིགས་ཡུལ་གཙོ་བོ་ནི། འཕོ་འགྱུར་བཏང་མ་ཐག་པའི་ཁྲིམས་ཞིབ་པ་གསུམ་ག་མ་ཡིན་པའི་ཁྲིམས་ཞིབ་པ་གསར་པ་གཞན་གསུམ་འདེམས་སྒྲུག་བྱ་རྒྱུ་དང་། དེ་ཡང་སྲིད་སྐྱོང་དང་ཚོགས་གཞོན་གཉིས་ཀྱི་འདོད་མོས་ཡོད་པའི་མི་འགྲོ་སླེབས་ཐབས་སུ། འདེམས་སྒྲུག་ཚོགས་ཆུང་ནང་སོ་སོ་དང་ཕྱོགས་མཐུན་གྱི་མི་སྣ་བསྐོས་ཏེ། ཁྲིམས་འགལ་གྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་ཕྱིར་འཐེན་བྱེད་མ་དགོས་པ་དང་། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་དང་བསྟན་འཛིན་ལུང་རྟོགས་བཅས་ཡོང་ས་མེད་པ་བཟོ་རྒྱུ་དེ་ཡིན་པ་གསལ་པོ་རེད། འདེམས་སྒྲུག་ཚོགས་ཆུང་དེའི་ནང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བཟང་པོ་དང་། བཀའ་ཟུར་ཚེ་རིང་ཕུན་ཚོགས་ཡོད་པ་ཚང་མས་ལབ་གླེང་ཡོང་གི་འདུག་པས། བ་ཉལ་སྟངས་དེ་ནས་བེའུ་ག་འདྲ་ཞིག་སྐྱེ་གི་ཡོད་མེད་ཧ་གོ་གི་རེད། ཚེ་རིང་ཕུན་ཚོགས་ནི་བཀའ་ཟུར་རྣམ་པའི་སྙན་ཞུ་ཐོག་ས་རྟགས་མི་འགོད་མཁན་བཞི་ཡོད་པའི་གྲས་ནས་གཅིག་རེད། བྱ་དུར་བཟང་པོ་ནི་ཁྲིམས་ཞིབ་པ་ཟུར་པ་ ༡༡ གི་གསལ་བསྒྲགས་ཐོག་ས་རྟགས་མ་བཀོད་པ་གཅིག་ཡོད་པ་དེ་ཁོ་རེད། བྱ་དུར་བཟང་པོའི་མི་གཤིས་ཀུན་སྤྱོད་དང་། སྤྱོད་ལམ་ཁྱེར་སྟངས་སོགས་ཡོངས་གྲགས་ཀྱི་གནས་ཚུལ་རྣམས་སྐབས་འདིར་གླེང་རིན་མེད་ནའང་། ཚབས་ཆེའི་ངན་སྤྱོད་སྤེལ་བའི་གནས་ཚུལ་གཅིག་གི་སྐོར་ལ་དྲན་གསོ་མི་གཏོང་ཀ་མེད་རེད། དེ་ཡང་ ༢༠༡༩ ལོར་ཕྱི་ཟླ་ ༩ གྲོས་ཚོགས་སུ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་བྱ་དུར་བཟང་པོས་སློབ་ཕྲུག་བུ་མོ་ཞིག་ལ་འཆལ་སྤྱོད་ཇི་ལྟར་བྱས་པའི་སྐོར་གྲོས་ཚོགས་ནང་གླེང་སློང་གནང་བར། ཤེས་རིག་བཀའ་བློན་པད་མ་དབྱངས་ཅན་ནས་གྲོས་ཚོགས་ལ་དོན་རྐྱེན་དེ་བྱུང་ཡོད་པའི་ངོས་ལེན་བྱས་པ་ཡོངས་གྲགས་ཡིན་ནའང་། དེའི་ཞིབ་ཕྲའི་གནས་ཚུལ་ད་བར་སྦས་ནས་བཞག་ཡོད། དེ་ཡང་བྱ་དུར་བཟང་པོས་བོན་གཞིས་སམ་བྷོ་ཊ་གཏན་སློབ་ཀྱི་བུ་མོ་གཉིས་ལ་འཆལ་སྤྱོད་བྱས་པའི་སྐོར་སློབ་ཕྲུག་དེས་སློབ་གྲྭའི་བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་སྡོམ་ཚོགས་ཆུང་ལ་སྙན་སེང་ཞུས་པས། སློབ་སྤྱི་ཐེ་བའི་ཚོགས་ཆུང་གི་ཚོགས་མི་རྣམས་བྱ་དུར་བཟང་པོའི་སར་བཅར་ཏེ་དེ་ལུགས་གོ་བསྐོན་གནང་འདུག་པར། ཁོས་ངོས་ལེན་བྱེད་པ་ལྟ་ཅི། ཁོང་རང་ཤེས་རིག་དྲུང་ཆེའི་རྩར་བཅར་ནས་སློབ་སྤྱི་དང་དགེ་རྒན་གཞན་གསུམ་ནས་མ་ཉེས་ཁག་གཡོགས་བྱས་བྱུང་བས། ཁོ་ཚོས་བྱ་དུར་བཟང་པོར་དགོངས་སེལ་མ་ཞུས་ན་ཁྲིམས་གཏུག་བྱ་རྒྱུ་ཡིན་ཚུལ་སྡིགས་ར་བསྐུལ་བ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མ་ཉེས་ཁག་གཡོགས་ཀྱི་ཁ་མཆུ་ཞིག་ཀྱང་བཙུགས་འདུག་པས། ཤེས་རིག་ལས་ཁུངས་ནས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་བརྩད་ཞིབ་བྱས་ཏེ། སློབ་ཕྲུག་བུ་མོ་དེ་གཉིས་ཀྱིས་བྱ་དུར་བཟང་པོས་བུ་མོ་རེ་རེར་འཆལ་སྤྱོད་ཇི་ལྟར་བྱས་པའི་སྐོར་བཤད་པའི་སྒྲ་དང་། སྒྲ་ཡིག་འབེབས་བྱས་པའི་ཡིག་ཆ། བུ་མོ་གཉིས་ཀྱིས་ཡིག་ཐོག་ནས་བརྒྱུད་རིམ་བྲིས་པའི་སྙན་ཞུ་བཅས་ཤེས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་བྱས་འདུགཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེ་ནག་ཉེས་ཀྱི་ཁོངས་སུ་ཚུད་ཀྱི་ཡོད་པའི་ཆ་ནས་ཁྲིམས་དྲུང་གིས་ཕྱིར་སློག་བྱས་འདུག བྱ་དུར་བཟང་པོས་དེ་ཁས་ལེན་མ་བྱས་པར་ཁྲིམས་ཞིབ་པ་ལྷན་ཚོགས་སུ་སྙན་ཞུ་སྔ་རྗེས་ཕུལ་འདུག་ཀྱང་། ཁྲིམས་ཞིབ་ལྷན་ཚོགས་ནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་ནང་ནག་ཉེས་ཀྱི་ཁ་མཆུ་དེ་རིགས་འབུལ་ལམ་མེད་པས། རྩོད་གླེང་བྱེད་མཚམས་འཇོག་དགོས་པའི་བཀའ་ནན་ཕེབས་འདུགབུ་མོ་དེ་གཉིས་ཀྱི་ཚིག་ཐོའི་ནང་། བྱ་དུར་བཟང་པོས་བུ་མོ་གཅིག་ལ་འཛིན་གྲྭ་གསུམ་པ་ནས་བསྙད་བརྐོས་འདུག་པ་དང་། བུ་མོ་གཞན་དེར་འཛིན་གྲྭ་ལྔ་པ་ནས་འཆར་སྤྱོད་བྱེད་འགོ་བཙུགས་ཏེ། གཟུགས་པོ་གང་སར་ལག་པ་འཆང་བ་དང་། ལྕེ་ཁྱད་མཚར་སྟོན་པ་དང་། གཅིན་པ་གཏོང་ས་བསྟན་པ། སྐད་ཆ་ཙོར་པོ་བཤད་པའི་བརྒྱུད་རིམ་རྣམས་ཞིབ་ཚགས་པོ་བཀོད་འདུགཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེ་ཕྱིར་སློག་བྱས་རྗེས། ཤེས་རིག་ལས་ཁུངས་དང་། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་བྱ་དུར་བཟང་པོར་ཡིག་ཐོག་གི་ཉེན་བརྡ་བཏང་འདུག་པ། བྱ་དུར་བཟང་པོས་ཡང་བསྐྱར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཤེས་རིག་བཀའ་བློན་དང་དྲུང་ཆེ་གཉིས་ཀས་མ་ཉེས་ཁག་གཡོགས་བྱས་ཚུལ་དང་། བཀའ་བློན་དྲུང་ཆེ་གཉིས་ཀ་གནས་དབྱུང་གཏོང་དགོས་པའི་ཁ་མཆུ་བཙུགས་འདུག  འོན་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེ་ཕྱིར་སློག་བྱས་འདུགགོང་གསལ་གྱི་ཡིག་ཆ་དང་བརྒྱུད་རིམ་རྣམས་ཤེས་རིག་དྲུང་ཆེ་དང་། ཁྲིམས་དྲུང་གཉིས་ཀྱི་སར་ཡོད་པ་གངས་སྐྱིད་ན་སྔོན་མ་ནས་ཡོངས་གྲགས་ཆགས་ཡོད།ལོ་ན་མ་སོན་པའི་སློབ་ཕྲུག་ལ་འཆལ་སྤྱོད་ཀྱི་ནག་ཉེས་ཚབས་ཆེན་གསོག་མཁན་འདི་ལྟ་བུ་ཞིག་ཤེས་རིག་ལས་ཁུངས་དང་། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཡུལ་ཁྲིམས་ལ་ག་རེ་བྱས་ན་མ་སྦྱར་བ་ཡིན་པ་ཧ་མི་གོ་ཡང་། ཚབས་ཆེའི་ངན་སྤྱོད་སྤེལ་བའི་ནག་ཆེན་འདི་འདྲ་ཞིག་ཁྲིམས་ཞིབ་པ་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་གཙོར་བསྐོས་པ་ནི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་ལྷན་ཚོགས་ལ་མཐོང་ཆུང་བྱས་པ་ཞིག་དང་། བཅའ་ཁྲིམས་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་མཚན་སྨད་ཞུས་པ་ཞིག་ཆགས་ཀྱི་མི་འདུག་གམ།སྲིད་སྐྱོང་དང་ཚོགས་གཞོན་གཉིས་ནས་ཡོངས་གྲགས་ཀྱི་གནས་ཚུལ་འདི་དག་གི་སྐོར་ལ་དྲི་བརྩད་ག་རེ་བྱས་ནས་གནང་གི་མེད་པ་རེད་དམ། སྡིག་པ་མིག་བཙུམ་གནང་གི་ཡིན་ནམ། །

བསམ་ཚུལ།

Post navigation

Previous Post: འདོད་པའི་འཇུག་སྒོ (མུ་འགོད་ལེའུ་དང་པོ།)
Next Post: བོད་རིག་པ། དྲྭ་རྒྱ་གསར་དུ་སླེབས་པར་དགའ་སྤྲོ་ཆེ། 

Comments (8) on “འབྲོང་གཡག་འཐབ་པའི་རྭ་དབར་གྱི་ཁྲག་ཐིག་ལྡག་རྒྱུར་རྔམ་པའི་ཝ་མོ་བྱ་དུར་བཟང་པོ།”

  1. བསོད་ནམས། says:
    2021-04-19 at 6:16 pm

    བྱ་དུར་བཟང་པོས་བྱ་ངན་འདི་འདྲ་བྱས་པའི་གནས་ཚུལ་གྲོས་ཚང་ནང་ལ་གླེང་སློང་བྱུང་ཡོད། དེ་འདྲའི་མི་ཞིག་ལ་ད་ལྟ་ཡང་བོད་གཞུང་ནང་ལས་དོན་གལ་ཆེའི་ནང་ཐེ་ཐོག་བྱ་རུ་བཅུག་པ་ནི་བློ་ཕམ་རང་རེད།

  2. པ་རྡོ་རེ། says:
    2021-04-19 at 11:40 pm

    ད་ནི་གང་དུ་བལྟས་ཀྱང་སྐྱུག་བྲོ་བ་རེད་འདུག མི་ངན་དེ་ཚོས་༸གོང་ས་མཆོག་གི་བཀྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བའི་ང་ཚོའི་སྤྱི་ཚོགས་དེ་སྟོར་ཉེན་ལ་འདུག འོན་ཀྱང་། ཁྲིམས་ཞིབ་པ་གསུམ་གྱིས་གསལ་པོར་ཤེས་དགོས་པ་ཞིག་ལ། ཁྱེད་རྣམས་གནས་དབྱུང་ཁྲིམས་སྒྲིག་བཞིན་གཏོང་མེད་པ་བཅའ་ཁྲིམས་ཀྱི་འགྲོ་སྟངས་ལས་ཤེས་ཐུབ་པས། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཤར་བསྐྱོད་གནང་སྟེ། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བའི་ཡ་གྱལ་ཁྲིམས་དཔོན་གྱི་འགན་འཁུར་རྣམས་རྒྱུན་སྐྱོང་གནང་དགོས། ཁྱེད་རྣམས་ཀྱིས་ཉེ་སྔོན་གནང་བའི་གསར་འགོད་གསལ་བསྒྲགས་ལ་ནོར་བཅོས་གནང་སྟེ། ཁྲིམས་དཔོན་གྱི་འགན་འཁུར་བླངས་ན་མ་གཏོགས། ང་ཚོའི་སྤྱི་ཚོགས་ཆུང་ཆུང་དེ་རྒྱ་མིའི་བསམ་སྦྱོར་གྱིས་རྐྱེན་ནམ་ང་ཚོ་བོད་མིའི་བསོད་ནམས་ཟད་པའི་རྟགས་སམ། གང་ལྟར་ཁྱེད་རྣམས་ནས་འགན་འཁུར་བླང་དགོས་འདུག་པས། གལ་ཆེར་བརྩིས་ཏེ་གོམ་པ་སྤོ་རོགས་གནང་། བོད་མི་མང་ཆེ་བ་ཁྱེད་རྣམས་ཀྱི་རྒྱབ་ཏུ་ཡོད་པ་ཤེས་གསལ་རེད།

  3. གཞུང་པ་ཚེ་དབང་བསོད་ནམས། says:
    2021-04-21 at 3:56 am

    གཡས་སྐོར་གཡོོན་སྐོར་ག་འདྲ་བྱས་ཀྱང་སླེབས་ས་རྨོ་མོ་བག་ལེབ་ཚོང་སའི་སྒོ་རེད་ཟེར་བའི་གཏམ་དེ་བདེན་བྱུང་།

  4. namgyal says:
    2021-04-21 at 5:18 am

    བྱ་དུར་བཟང་པོ་ནི་མི་ངན་སྐྱོད་ངན་ཡོད་ན་མེད་ན་དེ་རེད་ ད་ནི་ང་ཚོའི་གཞུང་ནི་རུལ་བསྲུངས་ཅན་གཅིག་ཏུ་ཆགས་འདུག་སྟབས་མི་མང་ནས་འགན་ལན་པའི་དུས་སླེབས་འདུག་་་་་་་མི་མང་ནས་འགན་ལན་དགོས་འདུག་

  5. རྒྱ་མ་ཚང says:
    2021-04-21 at 11:56 am

    ཚོགས་ཁག་དྲུགས་ཀྱི་ཤུལ་དུ་ལུས་པ་བྱ་དུར་

  6. རང་བཙན་སྨྲ་བ། says:
    2021-04-23 at 9:59 am

    ཕྱོགས་སུ་ལྷུངས་པའི་རྩོམ་ཡིག་དང་མཐར་བཟུང་པའི་འཆད་འགོད་ལ་བྲེལ་འདུག

  7. གུ་རུ་བསོད་ནམས། says:
    2021-04-24 at 6:56 am

    ཆབ་སྲིད་ནག་པོ།
    ཉེ་ཆར་གྲོས་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་དེ་འགྲིག་མིན་གྱི་ཐད་ནས་གླེང་མི་དགོས་པར་དེའི་རྒྱབ་ལོགས་སུ་གང་ཞིག་ཡིབ་ཡོད་པ་ཚིག་ཉུང་དོན་འདུས་ཀྱིས་ཞུ་བར་བྱ། ཁྲིམས་ཞིབ་ཁང་དང་སྤྱི་རྒྱུན་གྱི་རྩོད་གླེང་ངམ་བསྒྲགས་གཏམ་སྤེལ་རེས་ལས་སྲིད་སྐྱོང་བློ་བཟང་སེངྒ་དང་ཁོའི་མདུན་ན་འདོན་སྟེ་སྐྱ་མིན་སེར་མིན་དག་ལ་ཐབས་གསར་པ་ཞིག་རྙེད་དེ་བཅའ་ཁྲིམས་དོན་ཚན་འགའ་ཨུ་ཚུགས་མཐའ་སྐྱེལ་གྱིས་ཚོགས་གཙོ་གཞོན་གཉིས་བསླུས།

    སྲིད་སྐྱོང་བློ་བཟང་སེངྒེར་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ག་རེ་བྱས་ནས་གཏོང་དགོས་པ་ཡིན་ནམ་ཞེས་ལབ་པ་ཡིན་ན། འཕོ་འགྱུར་འདི་ནི་སྔོན་འགྲོ་ཙམ་ཡིན། འཕོ་འགྱུར་དངོས་སམ་དམིགས་པའི་གཏད་ས་དངོས་གནས་དེ་སྤེན་ཚེ་སྲིད་སྐྱོང་ལ་འཐོབ་པ་ཡིན་ན་སྤེན་པ་ཚེ་རིང་སྲིད་ཁྲི་ལས་ཕབ་རྒྱུ་ནི་སྲིད་སྐྱོང་བློ་སེང་དང་ཁོའི་མདུན་ན་འདོན་དག་གི་སྙིང་གི་དཀྱིལ་ལ་སྦས་ཡོད་པའི་ཆབ་སྲིད་ནག་པོ་དེ་ཡིན།

    འདི་ལ་མདོར་དྲིལ་ན་རྒྱུ་མཚན་ཆེན་པོ་གཉིས་ཡོད། དང་པོ། ཨ་རི་རྒྱལ་སའི་དོན་ཁང་དང་ཐེབས་རྩ་དེ་བློ་སེང་དང་སྐལ་རྡོར་ལ་གཉིས་ཀྱིས་དབང་བསྒྱུར་དཀའ་བ་སོགས། གཉིས་པ། སྤེན་ཚེ་ནི་ཁོང་ཚོའི་དགྲ་བོ་དངོས་གནས་དེ་ཡིན་ཙང་ཁོ་ནག་པོ་ནག་རྐྱང་བཟོས་ཏེ་མི་ཚེ་འདིར་མི་གྲལ་ནས་རྒྱང་འབུད་བཏང་སྟེ་ཁྱི་གྲལ་དུའང་ཚུད་དཀའ་བ་ཞིག་བཟོ་རྒྱུ་དེ་རེད། རྒྱུ་མཚན་ཆེན་པོ་འདི་གཉིས་ཀྱི་རྒྱབ་རྟེན་ཏུ་ཡིག་ངག་གཉིས། བརྙན་དང་པར། ལུང་དང་རིགས་པ་གཉིས་ཀྱིས་ར་སྤྲོད་བྱ་ཐུབ།

  8. བུ་ཆུང་ཚེ་རིང་། says:
    2021-05-05 at 9:26 pm

    སྲིད་ནག་པོ། ངོ་མ་ཐབས་སྐྱོ་བོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme