Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲོག་མྱི་དང་ཁ་བ།

Posted on 2019-01-112019-01-13 By ཁ་བརྡ 1 Comment on འབྲོག་མྱི་དང་ཁ་བ།

ཨ་མདོ་སྐྱབས་ཀྱིས།

འབྲོག་པ་ནི་གདོད་མ་ནས་མཐོ་སྒང་ལ་འཚོ་གཞི་བཅོལ་བའི་སྤྱི་ཚོགས་ཤིག་ཡིན། སྤྱི་ཚོགས་དེར། ཁ་བ་ཟེར་བའི་ལོངས་སྤྱོད་ཅིག་ཡོད། ལོངས་སྤྱོད་དེར་བརྩེ་ཞེན་ཟེར་བའི་ཞེ་འདང་ཞིག་ཡོད། ཞེ་འདང་དེར་དྲན་ཤིང་ཟེར་བའི་རྨི་ལམ་ཞིག་ཡོད། རྨི་ལམ་དེ་ང་ཡི་ཁྲག་རྩ་རེ་རེའི་སྦུབས་སུ་སིམ་ཞིང་སྙིང་རླུང་གི་འཕར་ལྡང་རེ་རེ་དང་ཡང་ཅིས་ཀྱང་འབྲེལ་ནས་ཡོད་པས། བྲོས་བྱོལ་གྱི་མི་འདིའི་གཏན་རྒྱུད་ཀྱི་ཁྲོད་དུ། ཁ་བ་ཁོ་ན། ང་ཡི་རྨི་ལམ་ལ་ཡང་ཡང་འཁོར་ཡོང་བའི་ཕྱིར་དྲན་གྱི་འཇིག་རྟེན་ཧྲིལ་བོ་དེ་ཡིན་པས། ལོ་ངོ་དུ་མའི་རྗེས་ཀྱི་རྡ་སའི་ཁ་བའི་ཁྲོད། ང་ཚོ་འཁྱགས་གྲང་གི་ནམ་ཟླའི་ཁྲོད་གཅེར་བུར་འགྱིངས་ནས། ཁ་བའི་འདབ་མ་རེ་རེ་དམར་རྗེན་རྗེན་གྱི་བྲང་གཞུང་དུ་སྤྲོ་བས་བསུས་ཡོད། རེད་ཡ། ཁ་བའི་འདབ་མ་རེ་རེ་ནི་བརྩེ་ཆེན་གྱི་མ་ཡུལ་སུ་ཞིག་གི་ཕྱག་ཟུང་ལྟར། ཇི་འདྲའི་དྲོད་ཁོལ་ལྡན་པའི་ལྷག་བསམ་གྱི་བྱིལ་བ་རེ་རེ་རེད་ཨང་། དེ་ལྟ་ནའང་ཆེས་མངོན་པར་མཛེས་པ་ནི། ཕྱིར་མིག་ཀློང་གི་ཕ་ཡུལ་གྱི་བྱིས་དུས་ཀྱི་འཚོ་བ་སྣུམ་པོ་སྟེ། སླད་མ་འདྲེས་པའི་ཚོར་བ་རེ་རེ། མར་ཕྱུར་གྱི་དྲི་ངད་དང་ལྷན་དུ་ཆལ་ཆིལ་ཆལ་ཆིལ་དུ་འཐིབས་ནས་སླེབས་ཤིང་། མཁུར་ཚོས་ཀུ་ཤུ་ལྟར་དམར་བའི་ཨ་ཅེ་འབྲོག་མོ་སུ་ཞིག་གིས། ཕ་གའི་ཉག་ཀ་དེར། བླ་སྲོག་ཅིག་ཅར་དུ་འགོག་པའི་ལ་གཞས་སྙན་མོ་ཞིག་གིས་གནམ་ས་སྒུལ་བར་བྱས། དེ་ནི་དེ་རིང་སྟེ། ཁ་བའི་ཁྲོད། ང་ཡི་ཕྱི་ནང་གསང་གསུམ་འོ་སྤྲུ་ཐུལ་བའི་དམིགས་གསལ་གྱི་ཞོགས་པ་ཞིག་ཡིན།

ཁ་བ་ལ་དུང་དྲག་པས། ང་ཚོས་ཀུ་སོའི་གད་རྒྱངས་དགུང་ལ་སྤུར་ཏེ། ཁ་བ་ཟེར་བ་ང་ཡིན། ང་ཟེར་ན་ཁ་བ་ཡིན་ཞེས་དྲན་གདུང་དང་ན་ཟུག་གི་བསྒྲགས་གཏམ་སྤེལ་ཡོད། ཡིན་ནའང་། བས་མཐའི་འཚོ་བ་འདིར། རྐང་འོག་གི་ས་གོར་མོ་དེ་ང་ལ་མི་དབང་ནའང་། ནམ་མཁའ་ནས་སྤྲིན་དཀར་ལྟར་ཆད་ཡོང་བའི་ཁ་བ་ལེབ་མོ་འདི་དག ང་ཁོ་ནར་དབང་བའི་དྲན་གདུང་གི་ལོངས་སྤྱོད་ཡིན། ང་ཁོ་ནས་ཚོར་བའི་ཕྱིར་དྲན་གྱི་མིག་ཆུ་ཡིན་པའི་བདག་དབང་ཡོད་ཚད་གློ་སྙིང་གི་སྦུབས་སུ་བསྐུངས་ཡོད།

དེ་ལྟར་དྲན་གྱིན་དྲན་གྱིན། ཁ་བ་ནི་ཞེན་ཆགས་དང་དྲན་གདུང་གི་ཀློང་ནས་འབར་བཞིན་པའི་མེ་ལྕེ་ཞིག་ཡིན་པ་ཤེས་ཤིང་། ཁ་བ་ནི་རྨི་ལམ་གྲོང་ན་རེ་སྨོན་གྱིས་སྐྱོང་བཞིན་པའི་དག་ཞིང་ཞིག་ཡིན་པའང་ཚོར་སོང་། ད་ནི། དྲན་གདུང་དང་ན་ཟུག རྨི་ལམ་དང་རེ་སྨོན། ཞེན་ཆགས་དང་ཕྱིར་མིག་ཡོད་ཚད། དུས་ཡུན་སྐལ་ཅིག་མའི་རྡ་སའི་ཁ་བ་འདིའི་ཁྲོད་ནས་དམར་རྗེན་གྱི་བྲང་གཞུང་ལ་ཡང་ཡང་ཀླན་ཞིང་། ཚ་བ་ཟེར་བའི་ཉི་འོད་ཅིག་ལ་མཚང་འབྲུ་དང་སྨོད་མོ་ཡིད་ཚིམས་པ་ཞིག་བྱས་ཏེ། དེ་རིང་གི་མཛེས་སྡུག་ཡོད་ཚད་མིག་ཀོང་དུ་བསྡུས་ནས་ཁ་བ་དང་འབྲོག་མྱི་ཟེར་བའི་ཟིན་ཐོ་ཞིག་བྲིས་ཏེ། བཙན་བྱོལ་གྱི་མི་ཚེའི་ཁྲོད་ཀྱི་ཁ་བ་ཡིའི་དྲན་གདུང་ལ་བློས་བསླངས་ཀྱི་ཏེ་ཏོག་རྐང་གཅིག་གི་མཆོད་པ་ཕུལ་ཡོད།

ལྷུག་རྩོམ།

Post navigation

Previous Post: རྒན་རྟ་མགྲིན་རྒྱལ་ལགས་དང་ཁོང་གི་སྐོར་གྱི་དྲན་ཐོ།
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། ( 3)

Comments (1) on “འབྲོག་མྱི་དང་ཁ་བ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-01-11 at 9:05 pm

    ཁ་བ་འམ་གངས་ནི་འབྱུང་བ་ལྔ་གི་ནུས་པ་དུས་གཅིག་ཏུ་འདུས་
    ནས་ཆུ་ལ་ཁྱག་པ་ཆགས་པ་དང་སྤྲིན་ཆར་ཁྱག་པ་ཆགས་ནས་ས་
    ལ་ལྷུང་བ་ལ་ཁ་བ་འམ་གངས་ཟེར་བ་དང་འབྲོག་པ་ནི་ཆེས་སྔ་བའི་
    དུས་སུ་འཇིག་རྟེན་འདིར་མི་གི་འགྲོ་བ་འཕེལ་ནས་འབྲོག་གི་རྣམ་པ་
    ནས་རིམ་པས་ཡར་རྒྱས་ཕྱིན་པ་ལ་ཞིང་པ་དང་རྗེས་ལུས་ཚོ་ལ་འབྲོག་པ་ཟེར་བའི་ཐ་སྙད་དེ་ཐོགས་ནས་ཟུར་དུ་འཇིག་རྟེན་གཞན་ནས་སླེབས་མེད་པ་དེང་སྐབས་འཛམ་གླིང་གི་ལུང་པ་མང་པོའི་ནང་གསར་བརྗེའི་ལམ་ལ་འགྲོ་མ་ཐུབ་པའི་འབྲོག་པ་དུད་འགྲོ་སེམས་ཅན་གསོ་སྐྱོངས་འོག་རྩ་ཆུ་བཟང་སར་མི་ཚེེ་སྐྱེལ་མཁན་གྲངས་ལས་འདས་པ་ཡོད་པ་དེ་དག་སྙིགས་དོར་བཅུད་ལེན་མ་ཐུབ་ནས་རྙིང་ཞེན་རིང་ལུགས་ཟེར་བའི་ཐ་སྙད་དེ་ལ་འགན་འཁུར་ནས་སོ་སིའི་མི་སྐྱེལ་བཞིན་པའི་སྤྱི་ཚོགས་དེ་ལ་འབྲོག་པ་ཟེར་བ་རེད་ལ་དེང་སྐབས་འཛམ་གླིང་འདི་དུས་རབས་དང་
    བསྟུན་ནས་གསར་བརྗེའི་ལམ་ལ་ཁ་ཕྱོགས་ནས་ཞིང་པ་དང་འབྲོག་པ་
    བཟོ་བཅོས་རིང་ལུགས་སོགས་སྤྱི་ཚོགས་ཀྱི་འཚོ་བ་ལ་འགན་འཁུར་ཐུབ་
    པའི་མདུན་ལམ་མང་པོ་ཡོད་པ་ནི་གཡང་རྩེའི་ཁ་ལ་ཡར་མགྲོན་གྱི་དཔེལྟར་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme