Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲོག་ཕྲུག་རྣལ་མ་ཞིག་གི་ཚོར་བ་རྗེན་པ་ཞིག

Posted on 2016-11-062016-11-06 By ཁ་བརྡ་ 15 Comments on འབྲོག་ཕྲུག་རྣལ་མ་ཞིག་གི་ཚོར་བ་རྗེན་པ་ཞིག

ལྷ་ཐོག་འཆི་པོ་རྒྱལ།

 
དབྱར་གྱི་ནམ་ཟླའི་ཁ་མདོག་མངོན་དུས།།
དོག་མོ་ས་གཞི་སྔོ་ལྗང་ལྗང་མདོག །
འབྲི་དང་མཛོ་མོ་ཤ་ཤེད་རྒྱས་དུས།།
དཀར་ཆུ་འོ་མ་ཆར་བ་འབབ་འབབ།།

སྤང་དང་རི་རབ་རྩ་རྩིས་གཡོགས་དུས།།
རྟ་ནོར་ལུག་གསུམ་མ་ལུས་བགྱེས་སོང་།
ཆུ་གཞུང་རིང་མོའི་བཞུར་སྒྲ་གྲགས་དུས།།
ལྡེམ་མྱུར་ཉྭ་མོ་འཁྱུག་འཁྱུག་ཆས་སོང་།།

རི་རྒྱལ་ལྷུན་པོ་བརྗིད་ཅིང་བརྟན་སོང་།།
གངས་སེང་དཀར་མོས་ཞྭ་མོ་མནབས་ཤིང་།།
རྟ་བདུན་དབང་པོ་རྒྱང་ནས་བྱོན་དུས།།
དད་པའི་ཤུགས་ཀྱིས་མགོ་ཞྭ་ཕུད་སོང་།།

རྒྱ་རྫོང་ནགས་གསེབ་སྟུག་པོའི་གསེབ་ནས།།
གཏུམ་དྲག་གཅན་གཟན་ངར་གྱིས་འགྱིང་དུས།།
གཉོམ་ཆུང་ར་ལུག་རྟ་ཟོག་སེམས་ཅན།།
ཐོས་པའི་འཕྲལ་ལ་མི་འགྱངས་བུད་སོང་།

ལྷས་འདབས་འབྲོག་ཁྱི་ཟུག་ཟུག་བྱེད་དུས།།
རྒྱང་གི་མགྲོན་པོ་སླེབས་པའི་སྔ་ལྟས།།
ཁྱིམ་གྱི་ཨ་མ་སྒོ་ཁར་ཕྱིན་ནས།།
མགྲོན་པོའི་རྟ་ཁ་བླངས་ནས་བསུས་སོང་།

སྨག་ནག་མུན་པ་དལ་གྱིས་རུབ་དུས།།
རྫི་བོས་སྒོ་ཟོག་ལྷས་རར་བརྫངས་སོང་།།
ཉིན་གང་རི་ལ་བསྐྱོད་པའི་དཀའ་ཚེགས།།
རྫི་ཇ་ཚ་བོས་ལུས་སེམས་ལྷོད་སོང་།།

དཀར་ཁུང་ཉི་མ་རྐུབ་ལ་ཤར་ཤར།།
དགུན་དུས་ཞོགས་ཉལ་སེམས་ལ་མེད་ཅིང་།།
ཆུ་མོ་འཁྱགས་ཀྱིས་བསྡམས་པའི་དར་ཐོག །
འཁྱག་ཤུར་གློད་པར་ཡང་ཡང་ཕྱིན་མྱོང་།།

ཁ་བ་བུ་ཡུག་འཚབ་ཚུབ་ལྡང་དུས།།
དཔྱིད་ཀྱི་ནམ་ཟླ་སེམས་ཀྱི་ཞིང་ཁམས།།
གྲང་ངར་རླུང་གིས་སུག་ལག་འཁོབ་དུས།།
དབྱར་གྱི་ལོ་ཟླ་མཚན་མོའི་རྨི་ལམ།།

ན་བུན་སྨུག་པོས་མཐོང་ལམ་བཀག་དུས།།
སྒོ་ཟོག་སེམས་ཅན་རི་ལ་གྲམ་འགྲོ །
ཀ་དང་ཀི་སྒྲ་མ་སྒྲོག་བཞག་ན།།
སྤྱང་ཀི་འཇབ་སྟེ་བརླ་ནས་དྲུད་འགྲོ །

དཀར་པོ་དངུལ་གྱིས་རི་ཀླུང་གཡོགས་ཤིང་།།
སྟུག་པོའི་ནགས་ལ་དྲོད་ཀྱང་མེད་དུས།།
རྩ་ཆུ་གང་བཟང་གནས་མལ་རོལ་བ།།
རྨུག་རྗེས་འཚོལ་བ་རྫི་བོའི་ལས་དབང་།།

ལ་མགོ་ལུང་མདའ་མཐོ་དམའ་བར་གསུམ།།
རྫི་བོའི་རྐང་རྗེས་རི་མོ་དོད་ཡོད།།
ཉིན་ཞག་ནམ་ཟླས་ལོ་ཕྲེང་བསྐོར་ཀྱང་།།
སེམས་ཀྱི་རི་མོ་ཟུབ་ཐབས་མི་འདུག །

མུ་མེད་ན་ཁའི་རྩྭ་ལྗང་ཁྲོད་ལ།།
ཅང་ཤེས་རྟ་ཕོའི་གོམ་བགྲོད་ངོམ་ས།།
ཚང་ཚིང་མེ་ཏོག་མགོ་བོ་ལྡེམ་སར།།
དར་དིར་བུང་བས་ཞབས་བྲོ་རྒྱག་ས།།

ཆར་པ་སིམ་སིམ་དལ་གྱིས་འབབ་ཞིང་།།
རི་མགོ་ཕན་ཚུན་འཇའ་ཡིས་མཐུད་དུས།།
ལྷག་རླུང་འཇམ་པོའི་འགྲོས་དང་བསྡོངས་ནས།།
འབྲོག་མོའི་སྙན་པའི་ངག་གླུ་ཐོས་ཡོང་།།

ལང་ཚོའི་ནུ་འབུར་རྒྱས་པའི་སྨན་ཆུང་།།
སྦྲ་ནག་གྲུ་བཞིའི་ནང་ལ་ཡོད་རེད།།
མཚན་མོ་སྨག་ནག་མུན་པའི་ཀློང་ལ།།
ན་གཞོན་ཕོ་གསར་ང་འགྲོ་ཁོ་འགྲོ །

འབྲོག་མོའི་བཞིན་བཟང་དབྱར་གྱི་མེ་ཏོག །
ཆར་སིམ་སིམ་མའི་མིག་ཆུ་བྱོ་དུས།།
དགའ་མགུ་ཡིད་ཀྱི་གསང་གཏམ་རིང་མོ།།
སྨྲ་མེད་སེམས་པའི་དབུས་ལ་བསྙལ་སོང་།།

འབྲོག་ས་སྐྱིད་པོ་སེམས་ལ་སྒོམ་ཞིང་།།
འབྲོག་རར་སྤྲིངས་པའི་སེམས་ཀྱི་ངུ་ངག །
འབྲོག་ཕྲུག་རྣལ་མའི་ངག་ནས་ཤོར་དུས།།
འབྲོག་སྡེའི་ཞིང་ལ་མི་འགྱངས་ཆས་འགྲོ །

unnamed-31

༦ ༡༡ ༢༠༡༦

སྙན་ངག

Post navigation

Previous Post: རྟག་བརྟན་གཡུང་དྲུང་གི་རང་སྒྲ།
Next Post: བོད་མི་ཚོས་ཁ་ཆེ་བ་ཚོར་ཕྱག་འཚལ་ན་ཧ་ཅང་འགྲིག

Comments (15) on “འབྲོག་ཕྲུག་རྣལ་མ་ཞིག་གི་ཚོར་བ་རྗེན་པ་ཞིག”

  1. ཀརྡོ་རབ་འབྱམས་པ་ says:
    2016-11-06 at 11:41 pm

    འབྲོག་ཕྲུག་ང་།
    འབྲོག་ཕྲུག་ཀརྡོ་ངས་ནི་ཡང་། །
    འབྲོག་ས་མཐོང་ནི་མ་མྱོང་། །
    འབྲོག་ལས་མང་པོ་གོ་མྱོང་། །
    འབྲོག་སར་འཆི་འདོད་འོང་བགྱིད། །
    ་
    འབྲོག་མོའི་མཚར་སྡུག་རྒྱས་ཀྱང་། །
    འབྲོག་རྒན་ལྔ་བཅུ་བརྒལ་སོང་། །
    འབྲོག་ས་འབྲོག་ཕྱུགས་མཐོང་ཕྱིར། །
    འབྲོག་སར་འགྲོ་སྙིང་འདོད་བགྱིད། །

  2. ཀརྡོ་རབ་འབྱམས་པ་ says:
    2016-11-06 at 11:43 pm

    འབྲོག་སའི་རྩ་ཆུ་སྨན་རེད། །
    འབྲོག་ལས་དཀའ་ངལ་ལས་རེད། །
    འབྲོག་ཟོག་ནོར་ལུག་གཡང་རེད། །
    འབྲོག་སར་སྐྱེས་ཀྱང་འགྲིག་ག །

  3. ཀརྡོ་རབ་འབྱམས་པ་ says:
    2016-11-06 at 11:46 pm

    བོད་ཀྱི་འབྲོག་ས་ས་མཐོ། །
    བོད་ཀྱི་འབྲོག་པ་ལས་མང་། །
    བོད་ཀྱི་འབྲོག་པ་སེམས་བཟང་། །
    བོད་ཀྱི་འབྲོག་པ་ཆོས་དད། །

  4. ཨ་ཁུ་འབྲོག་པ། says:
    2016-11-07 at 9:53 am

    སྔོན་གྱི་འབྲོག་ཐང་ལྷ་ཡུལ་གཉིས་པ་འདྲ། །
    ད་ལྟའི་འབྲོག་ཐང་བྱང་ཐང་སྐྱ་མོ་དངོས། །
    སྔོན་གྱི་འབྲོག་པ་ལྷ་བུ་གཉིས་པ་འདྲ། །
    ད་ལྟའི་འབྲོག་པ་ལྷ་མིན་འདྲ་ལ་ཁད། །
    སྔོན་གྱི་འབྲོག་པ་ཆོག་ཤེས་ནོར་གྱིས་ཕྱུག །
    ད་ལྟའི་འབྲོག་པ་རེ་དོགས་ཁོང་ནས་འཚུབ། །
    སྔོན་གྱི་འབྲོག་པ་དུས་བཞི་ཁོར་མོར་སྐྱིད། །
    ད་ལྟའི་འབྲོག་པ་དུས་བཞི་ཁོར་མོར་སྡུག །
    སྔོན་གྱི་འབྲོག་པ་ནང་གི་སེམས་སྐྱིད་པས། །
    ཕྱི་ཡི་དཀའ་སྡུག་འབྲོག་པའི་རྒྱན་དུ་བརྩི། །
    ད་ལྟའི་འབྲོག་པ་ནང་གི་སེམས་འཁྲུགས་པས། །
    ཕྱི་ཡི་མཛེས་ལྗོངས་དཀའ་སྡུག་སྣོན་མར་གྱུར། །

  5. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-11-07 at 11:20 am

    སྔོན་གྱི་འབྲོག་པ་ལས་བརྩོན་དགའ།།
    འབྲོག་སྡེ་འཕེལ་ཕྱུགས་འགྱུར་ལ་ལྟོས།།
    དེང་གི་འབྲོག་པ་ཟ་ཉལ་དགའ།།
    འབྲོག་སྡེ་བཙོང་ནས་གྲོང་ཁྱེར་ཉུལ།།

  6. ཀུན་བཟང་སྒྲོལ་མ says:
    2016-11-07 at 12:02 pm

    རྩོམ་ཡིག་ཧ་ཅང་ུཡག་པོ་འདུག། བཀའ་དྲིན་ཆེ།

  7. ཁྱུང་སེ། says:
    2016-11-07 at 12:22 pm

    རྩོམ་གྱི་ནང་དུ་ནོར་བའམ་ཡང་ན་ངས་གོ་མྱོང་ཐོས་མྱོང་མེད་པའི་རིགས་ཅིག་འདུག་པས་དཔྱད་པར་འཚལ།
    ༡༽ ཁ་མདོག ཁ་དོག
    ༢༽ བགྱེས་སོང། གྱེས སོང།
    ༣༽ན་བུན་སྨུག་པོས། ན་བུན་སྨུག་པས།
    ༤༽རྨུག་རྗེས། རྨིག་རྗེས།
    ༥༽ལྷག་རླུང། ལྷགས་རླུང།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-11-07 at 12:33 pm

    ཁྱུང་སེས་མ་གོ་ཤེས་བྱ་མང་།།
    བོང་གུས་མ་བགྲོད་ལམ་འཕྲང་མང་།།
    རང་གི་འདོད་ཐོག་མ་བབས་ཚེ།།
    ནོར་བ་ངོས་འཛིན་ཨེ་འགྲིག་གམ།།

  9. ཁྱུང་སེ། says:
    2016-11-07 at 8:25 pm

    ཁྱུང་སེས་མ་གོ་ཤེས་བྱ་མང།
    ཧོར་པས་མ་བགྲོད་ལམ་འཕྲང་མང།
    ནོར་ན་ནོར་བར་ངོས་འཛིན་གྱིས།
    ངོས་འཛིན་མེད་ན་སྨྲ་མ་མང།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-07 at 10:01 pm

    སྔོན་འཐོན་རྗེས་ལུས་དཔྱད་པའི་བརྒྱུད་།།
    འབྲོག་ལུས་མ་བླངས་སུ་གཅིག་མེད་།
    འབྲོག་པ་མེད་ན་ཤ་མར་གང་ནས་རག་།
    ཞིང་པ་མེད་ན་འབྲས་ཙམ་གང་ནས་རག་།
    ཧཧཧ

  11. སེང་ཕྲུག་བརྟན་པ། says:
    2016-11-07 at 10:14 pm

    ཁྱུང་སེ་ལགས་ཀྱིས་ནོར་བཅོས་གནང་སྟངས་འདི་ལུགས་མཐུན་ཞིག་རེད། ཆོས་གྲོགས་བཟང་གྲོགས་ཟེར་ན་དེ་འདྲ་ཞིག་ལ་ཟེར་དགོས། ནོར་བ་ནོར་བ་རེད། དགའ་བསུ་ཞུ།

  12. སེང་ཕྲུག་བརྟན་པ། says:
    2016-11-07 at 11:51 pm

    དབྱར་ཟླའི་ཉིན་ཞིག་རྟ་བཞོན་རི་སྒང་བརྒྱུགས།
    སྤང་ཐང་ཡངས་པའི་ཕྱོགས་ཀྱི་གཙང་པོའི་འགྲམ།
    ངོ་བཀྲུས་ཆུ་བཏུང་ཟུར་གྱི་རྡོ་ཕུང་སྟེང་།
    ངལ་གསོ་བྱེད་བཞིན་སྣང་བ་སྐྱིད་པའི་སྐབས།
    གློ་བུར་སྙན་པའི་གླུ་དབྱངས་རྒྱང་ནས་ཐོས།
    ལུས་སེམས་དབང་མེད་དེ་ཡི་ཕྱོགས་སུ་ཉུལ།
    ས་འབུར་རྩ་ཡི་གསེང་ནས་མར་བལྟས་ཚེ།
    འབྲོག་མོ་ཞིག་གིས་རང་ལུས་འཁྲུད་བཞིན་གདའ།
    ཕྲ་སར་ཕྲ་ལ་སྦོམ་སར་སྦོམ་པ་ཨ།
    ལུས་ནི་དཀར་ལ་འཇམ་པའི་སྤུ་ཅུང་ལྡན།
    ནུ་མ་འབུར་ཞིང་ལང་ཚོ་དར་ལ་བབ།
    མཛེས་མ་བརྒྱ་ཡི་མཛེས་དཔལ་གཅིག་འདུས་པའི།
    མཛེས་མ་ཨ་ཙི་མཛེས་མ་ཁྱོད་འདྲ་མེད།
    ཕོ་རྒོད་ང་ཡི་སྙིང་རྩ་ཆེས་འཕར་འཕར།
    འཐོམ་འཐོམ་བརྟན་པའི་ཡིད་དབང་རབ་ཏུ་འཕྲོག
    མི་བཟོད་འབྲོག་མོའི་རྩར་ཕྱིན་བཙན་གྱིས་རུམ།
    འབྲོག་མོས་ཤུགས་ཀྱིས་ཕུད་རྒྱག་ས་ཁར་འགྱེལ།
    ངོ་ཚའི་ལྟ་སྟངས་ཤིག་གི་གོས་བཀླུབས་ནས།
    ཞལ་འཛུམ་ཕྱིར་ལོག་ལྟ་བཞིན་སྦྲ་ཕྱོགས་བྲོས།
    དབང་མེད་རྗེས་བསྙེགས་བདག་ཀྱང་སྦྲ་སྒོར་བསླེབས།
    སྔོན་བསགས་ལས་ཀྱིས་བྱས་པའི་དུས་བཟང་ཞིག
    བཀྲིས་རྟེན་འབྲེལ་དགེ་ལེགས་ཚོགས་པ་འདྲ།
    འབྲོག་མོ་ཁེར་རྐྱང་སྦྲ་ཡི་བྱང་ངོས་སུ།
    མེ་ལོང་ལྟ་ཟོལ་གླུ་ལེན་རྒྱབ་བསྟན་པར།
    གོམ་སྟབས་དལ་པོ་ཞིག་གིས་ནང་དུ་ཞུགས།
    གང་བྱེད་ཐེ་ཚོམ་རི་བོས་བར་འཚངས་ཡང་།
    འདོད་ཆགས་ཤུགས་ཀྱིས་རྒྱུད་བསྐུལ་རྒྱབ་ནས་འཁྱུད།
    མགྲིན་པར་དལ་པོས་དབུགས་འབྱིན་འོ་ཡང་བྱས།
    ཅུང་ཟད་མཁྲེགས་པོ་གྱུར་བའི་ནུ་འབུར་ཟུང་།
    ལག་གིས་བཙིར་བས་འབྲོག་མོས་འཁུན་སྒྲ་ཕྱུང་།
    མཆུ་དང་མཆུ་སྦྱར་འོ་ཡི་བྱ་བར་ཞུགས།
    འོན་ཀྱང་འབྲོག་མོའི་བརླ་གཉིས་ཆེས་དམ་ཡང་།
    སེང་ཕྲུག་ཕོ་རྒོད་ང་ཡི་ཇུས་མཁས་ཀྱིས།
    སྐད་ཅིག་ཉིད་ལ་་ལྷོད་བྱས་རི་གཉིས་དབར།
    ནགས་ཚལ་སྟུག་པོས་བཏུམས་པའི་བྲག་ཕུག་ཏུ།
    བུ་ཆུང་དལ་གྱིས་བཅུག་ཕྱུང་བདེ་བར་རོལ།
    འབྲོག་མོའི་མིག་ཕྱེད་དུང་ལྟར་དཀར་པོར་གྱུར།
    ཨ་ཙི་དམ་ལྷོད་རན་པའི་རྩལ་ལ་མཁས།
    བདེ་བ་ཆུ་ངོར་གྱུར་ནས་བྲག་ནས་ཐོན།
    གཅིག་གིས་གཅིག་ལ་ཧ་ཅང་དམ་པོས་འཁྱུད།
    མགྱོགས་མགྱོགས་སྲུབ་ཤིང་ཁུ་བ་འབྱིན་ལ་ཉེ།
    ཀེ་ཀེ་ཡར་ལོངས་ཞེས་པའི་སྒྲ་ཞིག་གིས།
    གློ་བུར་གཉིད་ལས་སངས་ཚེ་ཨ་ཙི་ཙི།
    ཐིག་ལེ་འཐོན་འཐོན་དེ་འདྲའི་ཉོབ་པ་ལ།
    གང་ལྟར་བདེ་བ་ཆེན་པོ་མྱོང་བཞིན་གདའ།

  13. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-08 at 3:23 am

    འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
    དགེ་བ་མེད་ན་སྡིག་པ་གང་ན་ཡོད་།
    ཟས་མེད་སྤྲང་ལ་ཟ་མ་སྦྱིན་པ་དེ་།
    དགེ་བ་མེད་ན་སྡིག་པ་གང་ན་ཡོད་།

  14. ལྷ་ཐོག་འཆི་པོ་རྒྱལ། says:
    2016-11-14 at 5:55 am

    ང་རང་འབྲོག་པའི་ཞིང་ལ་རོལ་དུས་སུ།།
    འབྲོག་པའི་འཚོ་བའི་རོ་བཅུད་མྱོང་མ་ཤེས།།
    བྱི་ཆུང་སྤུ་མེད་ས་མཐར་གྱར་བའི་ཉིན།།
    འབྲོག་ས་དྲན་ནས་སེམས་པ་རྡོ་ལ་བརྡབས།།

  15. སེང་ཕྲུག་བརྟན་པ། says:
    2016-11-15 at 7:09 pm

    ལས་ཀྱིས་བྱས་པར་འགྱོད་པས་ཕན་པ་གང་།
    གང་བྱུང་བཟང་བའི་ཆེད་དུ་འཛིན་ན་བདེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme