Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲེལ་མོལ་མདུན་བསྐྱོད་མ་ཐུབ་དོན་ཅི་རེད།

Posted on 2014-11-182014-11-18 By ཁ་བརྡ 19 Comments on འབྲེལ་མོལ་མདུན་བསྐྱོད་མ་ཐུབ་དོན་ཅི་རེད།

ཤར་ཕྱོགས་ཁུག་རྟ།

དབུ་མའི་ལམ་གྱི་རྗེས་འཇུག་པ་རྣལ་མ་ཞིག་ལ་མཚོན་ན། དེ་རིང་སང་ཉིན་གསལ་ཁ་བྱེད་དགོས་པའི་གནད་དོན་གཅིག་ཡོད་པ་ནི། འབྲེལ་མོལ་མུ་མཐུད་མདུན་བསྐྱོད་མ་ཐུབ་པའི་གནད་འགག་མི་མང་ལ་གསལ་བཤད་བྱེད་རྒྱུ་དེ་རེད། ད་ལྟའི་བོད་རྒྱའི་དཀའ་རྙོག་གི་གནས་བབ་གང་དུ་སླེབས་ཡོད་མེད་ལ་ཐུགས་འདྲིས་མེད་མཁན་ཚོས། རྒྱུ་མཚན་ཅི་ཞིག་གིས་འབྲེལ་མོལ་མདུན་བསྐྱོད་མ་ཐུབ་པ་ཡིན་ནམ་བསམས་ཏེ། དེ་ཡོང་ཐབས་ཀྱི་གཞི་རྩའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྤྱི་སྦོམ་གྱི་རེ་དོགས་འབྱུང་ངེས་ལ། འབྲེལ་མོལ་མདུན་བསྐྱོད་མ་ཐུབ་པའི་གོ་སྐབས་འདི་དང་བསྟུན་ནས་མི་ཁ་ཤས་ཀྱིས་གཞི་མེད་ཀྱི་བཤད་ཡམས་ཀྱང་སྣ་ཚོགས་སྤེལ་གྱི་ཡོད། ཡིན་ནའང། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་གྱི་འགན་ཡོད་སྣེ་ཁྲིད་པ་ཞིག་ཡིན་ན་ངེས་པར་དུ་དབུ་མའི་ལམ་ལ་ཡིད་ཆེས་ངེས་པ་རྙེད་ཅིང། དེའི་ཐབས་ཚུལ་རྣམས་ལག་བསྟར་བགྱིས་ལ་གཞན་དྲིང་མི་དགོས་པ་ཞིག་ངེས་པར་དུ་དགོས་ནའང། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྲིད་སྐྱོང་དུས་ཡུན་རིང་བོད་རྒྱ་བར་གྱི་འབྲེལ་མོལ་མདུན་བསྐྱོད་ཐུབ་རྒྱུ་ལྟ་ཞོག ཐ་ན་ཕྱོགས་གཉིས་བར་སྐྱོན་བརྗོད་ཙམ་ཡང་བྱེད་རྒྱུ་ཡལ་ཏེ། དེང་གི་རྒྱ་ནག་གཞུང་གིས་ངྷ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཡོད་མེད་ཀྱང་མཁྱེན་གྱི་ཨེ་ཡོད་བསམས་པའི་གནས་བབ་ཅིག་ཏུ་སླེབས་ཡོད་པ་ནི་ལོ་གསུམ་གྱི་སྔོན་དང་ཞིབ་བསྡུར་བྱས་ན་ས་རིས་ཐང་གསལ་དུ་གྱུར་འདུག

ངས་སྲིད་སྐྱོང་གི་བོད་རྒྱ་འབྲེལ་མོལ་ཐད་ཀྱི་ཆོད་སེམས་དང། རང་ལུས་མེར་སྲེག་ཐད་ཀྱི་སྲིད་བྱུས་སོགས་ལ་སྐབས་དུས་སོ་སོར་འགན་འཁུར་ཡོད་པའི་ཐོག་ནས་བསམ་ཚུལ་ལན་མང་བརྗོད་ཟིན་པ་ལྟར། ད་ནི་རང་གི་སྐད་ཆ་རང་གིས་ཁུངས་འཁྱོལ་འདུག་འགྲིག་འདུག་ཅེས་སྨྲ་འདོད་མེད་ཀྱང། དེ་རིང་བོད་རྒྱ་འབྲེལ་མོལ་མདུན་བསྐྱོད་མ་ཐུབ་པའི་རྒྱུ་མཚན་དང་དེའི་གྱོང་གུད་སྙིང་བསྡུས་ཀྱིས་བསྐྱར་དུ་བརྗོད་དོན་ནི། སྲིད་སྐྱོང་མིང་དོན་མཚུངས་པ་ཞིག་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་དང། ད་ནི་དེ་ལྟར་གནང་ཐུབ་མིན་གྱི་མྱོང་རྒྱུས་ཆ་ཚང་ཐོབ་ཡོད་པ་ཡིན་སྟབས། གནང་མི་ཐུབ་པ་དང། ཐུབ་ནུས་རྩ་བྲལ་དུ་སོང་རིགས་སྦ་གསང་མེད་པར་མི་མང་ལ་སྙན་གསེང་ཞུ་རྒྱུའི་རགས་ཟིན་ད་ནས་བཟུང་འདེབས་རྒྱུ་དྲན་སྐུལ་ཞུ་རྒྱུ་བཅས་ཀྱི་ཆེད་དུ་ཡིན།

བོད་རྒྱ་འབྲེལ་མོལ་གྱི་གྲོས་གཞི་དང་སྐུ་ཚབ་སོགས་གསལ་ཁ་ཇེ་གསལ་དུ་སོང་རིམ་ནང། བརྒྱུད་རིམ་དེའི་ནང་༸གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་གི་མངོན་འདོད་གང་ཡིན་རྒྱ་ནག་གཞུང་ལ་གསལ་སྤྲོད་བྱེད་ཐུབ་ཡོད་པ་མ་ཟད། ཨ་རིའི་ཨོ་བྷ་མའི་ཕོ་བྲང་དཀར་པོས་མཚོན་སྲིད་གཞུང་ཁག་གི་རྒྱབ་སྐྱོར་བྱེད་ཕྱོགས་ཀྱང་གསལ་ཁ་ཇེ་གསལ་དུ་སོང་ཡོད། ༸གོང་ས་མཆོག་གི་སྐུ་ཚབ་དང་གཉིས་ཕན་གྱི་ཐབས་ལམ་ཕུད་འབྲེལ་མོལ་ཡོང་རེ་མེད་པ་དང། དེ་ལྟར་འབྲེལ་མོལ་ཡོང་རྒྱུར་རྒྱ་ཕྱོགས་ནས་ག་དུས་ཡིན་ནའང་སྒོ་ཕྱེས་ཕྱེས་པ་ཡིན་པ་ད་དུང་འགྱུར་བ་གང་ཡང་ཕྱིན་མེད་ལ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་ཐབས་ལམ་བརྒྱུད་འབྲེལ་མོལ་གནང་རྒྱུའི་འདུན་པ་ཡོད་པ་དེའང་འགྱུར་བ་གང་ཡང་ཕྱིན་མེད། ཡིན་ནའང། སྲིད་འཛིན་ཞིས་ཅིན་ཕིན་སྲིད་ཁྲིར་འཁོད་མཚམས་ནས་བཟུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འབྲེལ་མོལ་ཐད་གསལ་ཁ་མེད་པའི་གཏམ་བཤད་ཁ་ཤས་ཤིག་སྤེལ་ཡོད། (འདིའི་གནས་ཚུལ་ཞིབ་ཏུ་ཁོ་བོའི་དེབ་ལ་གཟིགས་རོགས།) རྣམ་འགྱུར་དེའི་ཁྲོད་ཆེས་མངོན་གསལ་དུ་སོང་བ་ཞིག་ནི་སྲིད་སྐྱོང་བློ་བཟང་སེང་གེ་རང་ཉིད་ལ་འབྲེལ་མོལ་ཐད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་རྣམ་པ་དེ་ཉམས་ཆེན་པོས་ཕྱིར་སྟོན་བྱེད་རྒྱུར་ཐུགས་འདུན་ཤིན་ཏུ་ཆེན་པོ་ཡོད་པ་དེ་ཆགས་ཡོད། སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་གནང་འདུན་ཡོད་པའི་གསལ་བསྒྲགས་སྤེལ་ཕྱོགས། བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་འདུ་ཚུགས་ཕྱོགས་ཚུན་ལ་བབ་བརླིང་བརྟན་གསུམ་གང་ཡང་ལྡན་མེད་པ་ནི་གསལ་བོ་རེད་ལ། ཐ་ན་མ་སྐུལ་དང་བླངས་ཀྱིས་རང་གིས་མི་མང་ལ་དུས་བཅད་བྱས་པ་ལྟར་སྐུ་ཚབ་བསྐོ་བཞག་བྱ་རྒྱུ་མ་འགྲུབ་པར་ལྷག་ལུས་གྱུར་བ་མཐོང་གསལ་རེད། གཅིག་བྱས་ན་སུ་ཞིག་སྐུ་ཚབ་ཏུ་བསྐོ་འདོད་པ་དེས་ཁོང་གི་བྱེད་བབ་ལ་བལྟས་ཏེ་ཁས་མ་བླངས་པའང་སྲིད། རྣམ་འགྱུར་འདི་དག་ལ་བརྟེན་ནས་རྒྱ་ནག་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཀྱི་སྡེར་སྲིད་སྐྱོང་ལ་མིང་ཐོགས་ཤིག་ཡོད་ཚུལ་གོ་བ་ནི་( རང་དོན་ཅན་)ཞེས་པ་དེ་རེད། འོན་ཀྱང། སྲིད་སྐྱོང་དང་བོད་མི་ཧུར་བརྩོན་ཅན་ཁ་ཤས་བཅས་ཀྱིས་ངེས་པར་དུ་མཁྱེན་གནང་དགོས་པ་ཞིག་ནི། འབྲེལ་མོལ་གྱི་སྐུ་ཚབ་དང་འབྲེལ་མོལ་ཡོང་ཐབས་བཅས་པར་༸གོང་ས་ཆེན་པོའི་མཚན་གནས་མེད་ན་ཡོང་ཐབས་མེད་པ་དང། དེ་ཡོང་བར་བྱེད་པ་ལ་བྱེད་ཕྱོགས་ཀྱང་ཚུལ་མཐུན་ཞིག་གནང་གལ་ཆེ་བ་ལས། ༸གོང་ས་མཆོག་གི་མཚན་གནས་གཡར་རྒྱུ་ཙམ་ལས་མེད་ཚུལ་བསྟན་ན་མཇུག་འབྲས་འགན་ནུས་བཟོད་བྲལ་ཡིན་པ་ལྡོག་ཏུ་མེད་པ་དེ་རེད།

སྐབས་འདིའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་རིམ་པར་ཚོགས་གཙོའི་ཞལ་གསལ་བོའི་ལམ་སྟོན་དང་གྲོས་ཚོགས་འཐུས་མི། དེ་བཞིན་བརྒྱུད་ལམ་ཁག་དང་མི་མང་བཅས་ཀྱིས་བོད་རྒྱ་འབྲེལ་མོལ་མདུན་བསྐྱོད་ཐུབ་རེར་དྲི་བ་ཅི་བཏོན་བསྐྱར་ཟློས་མ་དགོས་པ་ལྟར། ཤེས་ཡོན་ཅན་དང་མི་མང་བཅས་པའི་དོ་སྣང་གི་དྲི་བ་དེ་དག་ཡུད་ཙམ་ལྷིང་འཇགས་བྱུང་དོན་ནི། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་བོད་རྒྱ་ཞི་མོལ་ཚོགས་ཆུང་ཚོགས་ཐེངས་གཅིག་གི་སྟེང་གདན་ཞུ་གནང་བ་དེ། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་རྭ་བ་དང་བརྒྱུད་ལམ་གང་སར་ཡང་ནས་བསྐྱར་དུ་ངོམས་པའི་ཟོལ་གྱིས་གསུངས་པས་ཡིན་པ་བཤད་མ་དགོས་ཀྱང། ཧ་ཅང་བློ་ཕམ་པ་ཞིག་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་དང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ནས་དགོངས་ཞུ་གནང་ཟིན་པའི་གནས་ཚུལ་ཞིག་ཀྱང་ཐོས་རྒྱུ་འདུག་སྟབས། ཁུག་ཀྱོག་གཞིས་ཆགས་ཁག་ཏུ་རང་གི་འཚོ་ཚིས་དང། ཕྱི་རྒྱལ་ལ་ཕེབས་རྒྱུར་བྲེལ་བའི་གཞིས་མི་ཚོའི་གནས་སྐབས་ཀྱི་དོ་སྣང་འདྲེན་ཐབས་ཙམ་ལ་དབུ་འཁོར་ནས་བསྡད་ན་ཡོང་ཐབས་རྩ་ནས་མེད་པ་ཞུ་ག་ལ་དགོས། དེ་ལྟར་གནང་བ་ཡིན་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲུབ་བྱ་གཙོ་བོ་དང་རྒྱབ་འགལ་ཀྱང་ཆགས་སོང་བ་རེད། རྒྱུ་མཚན་དེ་དག་གིས་བོད་རྒྱ་འབྲེལ་མོལ་མདུན་བསྐྱོད་ཐུབ་རྒྱུར་དངོས་ཡོད་གནས་ཚུལ་ཁས་ལེན་དང། ༸གོང་ས་ཆེན་པོའི་དགོངས་གཞི་ཇི་བཞིན་རྒྱུན་སྐྱོང་ཐུབ་རྒྱུའི་ཆོད་སེམས་བརྟན་པོ་བྱེད་རྒྱུ་ནི་སྲིད་སྐྱོང་དང་ད་ལྟའི་བཀའ་ཤག་གིས་གསལ་ཁ་གནང་དགོས་པའི་གནད་དོན་ཉག་ཅིག་རེད་ལ། དེ་འདྲའི་གསལ་ཁ་གནང་བ་ཡིན་ན་རྒྱ་ནག་གཞུང་ཕྱོགས་ནས་དགོངས་བཞེས་གནང་ངེས་པའི་རྟགས་མཚན་གང་སར་ཡོད་པ་ནི་༸གོང་ས་ཆེན་པོའི་བཀའ་སློབ། གཞུང་འབྲེལ་ཡིན་མིན་གྱི་དབུ་མའི་ལམ་གྱི་རྒྱ་རིགས་ཉམས་ཞིབ་པ་ཚོའི་བསམ་ཚུལ་གང་ལ་བལྟས་ཀྱང་ར་སྤྲོད་ཐུབ་པ་ཞིག་རེད།

གལ་སྲིད་སྲིད་སྐྱོང་མཆོག་གི་ལོ་མཐའ་མ་གཉིས་ཀྱི་སྐབས་སུའང་འབྲེལ་མོལ་མདུན་བསྐྱོད་གནང་མ་ཐུབ་ཚེ། སྤྱིར་རང་ཉིད་དབུ་ཁྲིད་བྱས་པའི་གྲུབ་འབྲས་ཀྱི་ལོ་རྒྱུས་ཟིན་ཐོ་ཅི་ཡིན་གསལ་བོ་ཆགས་ངེས་པ་ཙམ་མ་ཟད། ༸གོང་ས་ཆེན་པོ་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་དགུང་ནའི་བབ་ལ་བལྟས་པས་ཀྱང་བོད་མི་རིགས་ལ་གྱོང་གུད་བསབ་ཐབས་མེད་པ་ཞིག་རེག་གི་ཡོད་པ་སྲིད་སྐྱོང་འབུམ་རམས་པས་མི་མཁྱེན་པ་ག་ལ་སྲིད།

མཇུག་ཏུ་འདི་ལྟར་ཡང་བརྗོད་འདོད་དེ། ཁོ་བོས་དུས་ནས་དུས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་རྣམ་གསུམ་ལ་དོ་སྣང་ཞིབ་ཚགས་ཀྱིས་དྲངས་ཏེ། གང་ཐུབ་བོད་སྤྱི་པའི་ཆེད་ཁུངས་ལྡན་དཔྱད་གླེང་བྱེད་ཁུལ་ཡིན་ཡང། སྔར་ལྟར་གུས་བ་སྒེར་གྱི་མདུན་ལམ་སྟེང་སྲིད་སྐྱོང་གི་མཐོན་པོའི་གསེར་ཁྲི་ནས་བཀོད་ཇུས་མུ་མཐུད་གནང་སྟེ། ཤར་ཕྱོགས་ཁུག་རྟ་ཟེར་པའི་དབུགས་ཐོགས་ཤིག་མེད་ན་དགོངས་སྲིད་ཀྱང། དེ་འདྲའི་ཐབས་ཚུལ་གྱིས་རྒྱལ་བ་སྲས་བཅས་ཀྱང་མི་དགྱེས་ལ། འཇིག་རྟེན་སྲིད་པའི་མངའ་བདག་རྣམས་ཀྱང་མི་དགའ་བ་ངེས་ཅན་ཡིན་སྟབས། དཔོན་ཆེན་ཞིག་གིས་ཤེས་ཡོན་པ་ཉམས་ཆུང་ཞིག་ལ་ཡང་ནས་བསྐྱར་དུ་གནོན་ཤུགས་མི་སྤྲོད་པའི་རེ་བའང་ཞུ་རྒྱུ་ཡིན།།
༢༠༡༤། ༡༡། ༡༧། ཉིན།།

བསམ་ཚུལ།

Post navigation

Previous Post: བོད་ལུགས་བརླག་སྲུང་གི་སྨྱོན་ཚིག་དྲི་ཟའི་པི་ཝཾ།
Next Post: ཚན་རིག་པ་ཚོས་འཇིག་རྟེན་ས་གཞི་ལ་འགན་སྲུང་དགོས་པའི་ཁ་བརྡ།

Comments (19) on “འབྲེལ་མོལ་མདུན་བསྐྱོད་མ་ཐུབ་དོན་ཅི་རེད།”

  1. ཇས་ཏོག་ says:
    2014-11-18 at 3:51 am

    ཤར་ཕྱོགས་ཁུག་རྟ་ལ་ངོས་འཛིན་དགོས་རེད་དམ་སྒེར་གྱི་ཁུག་རྟ་ལ་ངོས་འཛིན་དགོས་པ་རེད་།

  2. བསྟན་འཛིན་རྒྱལ་པོ། says:
    2014-11-18 at 5:29 am

    སྤྱིར་བཏང་བློ་བཟང་ཆོས་འབྱོར་གྱིས་སྟོང་བཤད་བྱེད་པར་ཧ་ལས་རྒྱུ་ཅང་མེད་མོད། འོན་ཀྱང་གོང་དུ་ ʼʼ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྲིད་སྐྱོང་དུས་ཡུན་རིང་བོད་རྒྱ་བར་གྱི་འབྲེལ་མོལ་མདུན་བསྐྱོད་ཐུབ་རྒྱུ་ལྟ་ཞོག ཐ་ན་ཕྱོགས་གཉིས་བར་སྐྱོན་བརྗོད་ཙམ་ཡང་བྱེད་རྒྱུ་ཡལ་ཏེ། དེང་གི་རྒྱ་ནག་གཞུང་གིས་ངྷ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཡོད་མེད་ཀྱང་མཁྱེན་གྱི་ཨེ་ཡོད་བསམས་པའི་གནས་བབ་ཅིག་ཏུ་སླེབས་ཡོད། ʼʼ ཞེས་པ་འདིས་ང་ཧ་ལས་སུ་བཅུག་སོང་།
    དེང་གི་རྒྱ་ནག་གཞུང་གིས་དྷ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཡོད་མེད་མཐོང་གི་ཡོད་ས་རེད། ༧གོང་ས་མཆོག་དང་མི་རྗེ་སྲིད་སྐྱོང་སོགས་རང་རེའི་སྒྲིག་འཛུགས་ཀྱི་སྲིད་དོན་པ་རྣམས་ཕྱི་ཕྱོགས་ཀྱི་གལ་ཆེའི་མི་སྣ་སུ་དང་ཐུག་ན་རྒྱ་གཞུང་གིས་ནམ་རྒྱུན་བཞིན་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་རེད།
    ལར་བོད་རྒྱ་འབྲེལ་མོལ་བྱེད་པར་ཕན་ཚུན་གཉིས་ཀས་གཞོགས་འདེགས་བྱེད་དགོས་སྟབས་རང་ཕྱོགས་དྷ་ས་ནས་རྒྱ་གཞུང་ལ་ཁ་ཡག་ངོ་ཡག་ཇི་ཙམ་བྱས། ཐ་ན་དམངས་གཙོ་ཡང་རྩོད་ཀྱིན་མེད་ཚུལ་སོགས་ཀྱི་རྒྱ་གཞུང་ལ་བསྟུན་གང་ཐུབ་བྱས་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་ཏཱ་ལའི་རྒྱུག་ཁྱི་དང་ཏཱ་ལའི་རྒྱུག་ཁྱི་ཟེར་ནས་འབྲེལ་མོལ་བྱ་རྒྱུའི་རྣམ་འགྱུར་ཙམ་ཡང་སྟོན་གྱིན་མེད་དུས། ལག་པ་ཡ་ཞིག་གིས་ཐལ་སྒྲ་རྡེབ་ཐུབ་ནི་མ་རེད་དྲན། དེས་ན་འབྲེལ་མོལ་མ་ཐུབ་པའི་སྐྱོན་ཡོད་ཚད་སྲིད་སྐྱོང་དབུ་ལ་གཡོག་ན་བློ་ཆོས་རང་ཉིད་རྒྱ་བོད་བར་གྱི་ཆབ་སྲིད་ཐད་ལ་མཐོང་རྒྱ་གང་ཡང་མེད་པའི་ད་ནངས་སྐྱེས་པའི་བྱིས་པ་དམར་འབྱར་ཞིག་ཀྱང་ཁྱད་ཅི་ཡོད།

  3. བདེན་པའི་ཕོ་ཉ་ says:
    2014-11-18 at 6:20 am

    ཤར་ཕྱོགས་ཁུག་རྟ་ལགས་ཀྱི་དངོས་ཡོད་གནས་ཚུལ་གསུང་འདུག་ཁྱེད་ནི་ཤེས་ཡོན་གྱི་ཕྱུགས་པའི་སྐྱེས་བུ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་སྲིད་སྐྱོང་གིས་བོད་རྒྱ་འབྲེལ་མོལ་ཀྱི་ཐབས་ལམ་མི་འཚོལ་བར་ནུབ་ཕྱོགས་ཡུལ་ཁག་ཏུ་སྤྲོ་འཆམ་ལ་མང་ཙམ་ཕེབས་གི་ཡོད་དེ་ནི་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་ཟེར་བ་དང་ཅིག་མཚུང་རེད་་

  4. ལུང་རྟོགས། says:
    2014-11-18 at 7:43 am

    བོད་རྒྱ་འབྲེལ་མོལ་ཞེས་པ་དེ་འདིར་སྟོང་བཤད་བྱས་པ་ལྟ་བུའི་སྟབས་བདེ་པོ་ཞིག་ཨེ་ཡིན། བོད་རྒྱ་འབྲེལ་མོལ་མི་ཡོང་བའི་འགག་རྩ་སུ་ལ་ཐུག་འདུག་དེ་ལ་སྐྱོན་བརྗོད་བྱེད་དགོས་པ་རེད། འོན་ཀྱང་ཤར་ཁུག་དང་ཤར་ཁུག་ལྟ་བུ་དག་གིས་ནང་རྒོལ་ལས་ཕྱི་རྒོལ་མི་ཤེས་པ་ཀུན་གསལ་རེད།

  5. ཇས་ཏོག་ says:
    2014-11-18 at 8:31 am

    ཤར་ཕྱོགས་ཁུག་རྟ་ལ་ཁག་མི་འདུག་གོ་ཁོང་གི་ལས་ཤོར་གྱིུ་ན་ཟ་རེད་འདུག་
    ན་ཟ་འདི་ལས་སླ་པོའི་ཐོག་ནས་དྲག་མི་ཐུབ་པ་ནི་ཤར་ཕྱོགས་ཁུག་རྟའི་འཚི་
    གནས་དང་འབྲེལ་བ་ཆགས་འདུག་གོ་
    བོད་པའི་སྤྱི་ཚོགས་འདི་ཅ་མ་སྲིང་སྒེར་ནད་སྤྱི་སར་ཁྱེར་ནས་སྤྱི་ཚོགས་་བདེ་
    འཇགས་ལ་རྒས་ཆག་མ་རེད་དམ་།

  6. བདེན་པའི་ཕོ་ཉ་ says:
    2014-11-18 at 8:31 am

    ལུང་རྟོགས་ལགས་དངོས་ཡོད་གནས་འཚུལ་བརྗོད་པར་ནང་རྒོལ་ཡིན་ན་སྤྲེ་ལས་འཁྲབས་དགོས་ཡིན་པ་རེད་

  7. གནམ says:
    2014-11-18 at 9:15 am

    དགྱ་ནག་ལ་འབྲེལ་བ་བྱེད་དགོས་ན། ཁུག་རྟའི་དགའ་ཞིག་གང་ན་ཡོད། ཁུག་རྟ་ཁྱོད་རང་འབྲེལ་བ་བྱེད་དུ་རྒྱུགས་ཤིག། དགྲ་དར་ཕྱེར་ནས་མཆོང་ཤོག།
    དོ་ཡོང་ཡོང་སར་སོང་ན། རོ་སྲེག་ས་ཡང་ཐུག་གི་རེད། སྒོ་ཕྱེ་ཕྱེ་སར་འཛུལ་ན། ཚེ་དུང་ལ་འཕེན་པ་ཡང་ཡོང་གི་རེད། དུས་དང་གནས་བབ་ལ་བལྟས་ནས་འགྲོ་བ་ལས། གཡག་སྣ་ཁུ་ཚུར་གྱིས་ཕུག་མི་ཐུབ་ནོ་རྩམ་པ་ཟ་ནི་ཚང་མས་ཤེས་ནི་རེད། ང་ཚོའི་ཁ་ཐུག་ན་ལངས་འདུག་པ་འདི་དགྱ། ཀོང་ཁྲན་དམར་པོ་རེད། དཔའ་མེད་ན་ཉམས་མི་བཞིན་ཟེར་ནིའི་དགྲ་རེད། དགྲ་ལ་འཁོན་ལེན་མེད་ན། ནང་ལ་གཏམ་འཆལ་འབྲི་འི་མ་འདུག། xxxx

    ཆུ་འཐུང་མདུན་མེད་པའི་རྟ་ལ་ཆུ་ལྡུད་སྟངས་ཤིག་སུ་ལ་ཡང་ཡོད་ནི་མ་རེད། ཡོད་ན་ཡོད་ཚུལ་རེ་རེ་བྱས་ནས་བྲིས་ཤོག། དགྱ་ནག་དང་སྐད་ཆ་བཤད་པའི་ཐབས་འདི་རེད། ལས་འདི་བྱེད་དགོས་རེད། འདི་བྱས་ན་འདི་རག་གི་ཡོད་པ་རེད། འདི་ཤོར་གི་ཡོད་པ་རེད། དགྱ་ནག་གིས་སྐད་ཆ་མ་བཤད་ཐབས་མེད་ལ་འདེད་པའི་བཀའ་བཀོད་པ་འདི་རེད། ཁས་མ་ལང་བའི་ཕྱི་ཉིན་གྱི་བྱེད་སྒོ་འདི་ཡིན་སོགས་འཆར་གཞི་རིམ་པ་བཞིན་བྲིས་ཤོག་དང་། ལྗི་གོག་ཡོད་མེད་ལྟས་ཆོག་གི་རེད།

    དེ་མིན་ས་ནག་གས་ཁའི་མྱིག་གི། འབུ་ནག་གྲོག་མ་འདྲ་བོ་འཕག་གི་མ་འདུག། གྲོག་མའི་གཅིན་པ་ལ་འཇིག་རྟེན་སྦང་སྤྱེད་ཅིག་མེད་པ་ཤེས་ནི་རེད།

  8. དྲན་དཀར་དཔལ་ཡོན་ says:
    2014-11-18 at 10:42 am

    ཁུག་རྟས་བོད་མི་རིགས་ལ་དགོངས་དག་ཞུ་དགོས་ཡོད། ཁུག་ཀྱོག་གཞི་ཆགས་ཀྱི་འཚོ་ཚིས་བོད་ཀྱི་འཚོ་ཚིས་སུ་ཁས་བླངས་དགོས་ཡོད།
    ཁྱེད་ཀྱིས་དགྲ་དར་འཕྱར་བའི་པར་གསར་བ་རེ་མཐོང་བགྱི་མི་འདུག་པ་ཅི་ཡིན་ནམ། ཡང་ན་བོད་མི་རིགས་ལ་དགོངས་དྭངས་མི་ཞུ་བ་ཅི་ཡིན་ནམ།

  9. མཐོ་སྒང་གི་བོད་པ། says:
    2014-11-18 at 1:23 pm

    ངོ་ནས་བོད་རྒྱ་འབྲེལ་མོ་ལ་གོ་རྒྱུ་མེད་པ་གང་གི་ལན།

  10. བཙན་བྱོལ་བ་ says:
    2014-11-18 at 1:41 pm

    ཁོ་བོས་དེ་སྔོན་ཤར་ཁུག་གི་སྐད་ཆ་ལ་བདེན་ཆ་འདུག་བསམ་ནས་རྒྱབ་སྐྱོར་འགའ་བྱས་མྱོང་། ཡིན་ན་ཡང་། ཁོང་གི་རྩོམ་སྔོན་མ་དེའི་ནང་དུ་བློ་སེང་ལ་སྐྱོན་བརྗོད་བྱེད་པའི་དོན་ཚན་གཅིག་ལ་ཁོང་བོད་མི་ཕྱེད་ཀ་མ་ཡིན་པ་དང་། རྒྱུ་མཚན་ནི་གཞིས་ཆགས་ནས་སྐྱེས་པས་རེད་ཟེར་བྲིས་འདུག །ཡང་དེ་རིང་གི་རྩོམ་ནང་ལ་ཡང་དེ་ལྟར་རེད། སླན་ཆད་ནས་གསར་འབྱོར་བ་དང་གཞིས་ཆགས་དབར་གྱི་མཐུན་སྒྲིལ་གཏོར་བྱེད་ཀྱི་ཚིག་བེད་སྤྱོད་མ་གཏོང་ན་ཡག་འདུག །

    གསར་འབྱོར་བ་དེ་ཚོ་རྒྱ་བོད་ཀྱི་གོམས་གཤིས་འདྲེས་མ་རེད་ཟེར་ན་རང་ཚོའི་བློ་ལ་བབ་ཀྱི་མ་རེད། བྱས་ཙང་གཅིག་མཚུངས་རེད་པ།

  11. གླག་རྒོད། says:
    2014-11-18 at 4:12 pm

    རིག་རྒོད་པོ་ངར་བ་རེད། བློ་སེང་གིས་ནམ་ཡིན་ཡང་ཁོས་ཅིག་འཇོན་རབས་གཉིས་རབས་རྐྱང་ལབ་ནས་གློའུ་རྒན་བོད་མི་མང་ཆེ་བ་མགོ་འཁོར་འདུག་པར་ཚོར་གི་མེད། ངས་ནི་རྗེས་མའི་བཀའ་ཁྲིར་ཡག་པོ་རྣམ་རིག་རྒོད་པོ་ཅན་ཞིག་ཡོང་བར་བསྒུག་ཡོད། བློ་སེང་གི་རིང་ལ་རེ་བ་མེད་པར་སྔོན་ཞིག་ནས་ཤེས་ཡོད།

  12. བསྟན་འཛིན། says:
    2014-11-18 at 7:15 pm

    xxཁུག་རྟ། ཡང་ཁོའི་ལྟོ་རྒྱབ་ལ་དཀའ་ཁག་ཡོད་པ་འདྲ། ཁུག་རྟ་འདིས་ཡར་བཤད་མར་བཤད་ཇི་ཙམ་སྐོར་ཀྱང་བོད་མི་རིགས་ཀྱི་ཚེ་སྲོག་ལ་ཕན་པའི་ལས་ཞིག་མེད་པ་ནི་ལོང་བའི་ལྟོས་ཀྱང་མཐོང་རྒྱུ་ཡོད་པ་ཞིག་རེད། xxx

  13. ལྷ་སྲས་དར་མ། says:
    2014-11-18 at 7:44 pm

    ཨ་ཁ་ད་ཤར་ཁུག་ཟེར་བ་བལྟ་སོ་མེད་པ་ཆགས་འདུག གང་ལ་ཟེར་ལ་མངོན་སུམ་ལ་སྙོན་པའི་སྐད་ཆ་ལོག་བཤད་དེ་དག་གུང་ཏང་དང་དོལ་ཚོགས་ཀྱིས་གང་བཤད་པ་བཞིན་བཤད་འདུག་ཨ་ཁ་ཁ་ཁ

  14. Tenzin tashi says:
    2014-11-18 at 10:48 pm

    བློ་སེང་གིས་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདི་འདྲ་བྲིས་ན་ཁོའི་སྙིང་ན་གི་རེད།ཨབ་ཕྲུག་ཚོས་གཤེ་བ་འདི་གནད་ལ་འཁེལ་བའི་རྟགས་རེད།

  15. རྒྱ་གར་རྨ་བྱ། says:
    2014-11-18 at 11:24 pm

    བོད་རྒྱ་ཞི་མོལ་ཟེར་བ་དེ་ལམ་སེང་འགྲུབ་ཆོག་ཆོག་དང་། ལས་སླ་བོའི་བྱ་བ་ཞིག་གཏན་ནས་མ་རེད་ལགས།
    དེས་ན། ༧རྒྱལ་བ་དོན་གྱི་བདག་པོས་ཆེས་སྔ་ས་ནས་རེ་བ་བཟང་ས་དང་། གྲ་སྒྲིག་དུག་ས་ནས་བྱོས་ཞེས་པའི་མ་འོངས་ལམ་སྟོན་དམར་རྗེན་དེ་དྲན་པར་བྱོས།

    ཤར་ཁུག་གི་དཔྱད་རྩོམ་འདིའི་ཀུན་སློང་ལ་དོགས་པ་ཞིག་ངང་གིས་ཤར་སོང་། ང་ཚོ་གཟབ་དགོས་པའི་དུས་ཚོད་གཉན་འཕྲང་ཆེ་ཤོས་ཤིག་རེད་དོ་ཇོ་ལགས།

    ཡང་ལ་ལས་བོད་རྒྱ་ཞི་མོལ་ནི་སྲིད་སྐྱོང་བརྗེས་བསྒྱུར་གྱིས་བསྒྲུབ་རེ་གསུངས་འདུག་པས། དེའང་གཞི་མེད་ཀྱི་ལབ་སྟོང་རང་རེད།

    གཏམ་གྱི་རྩ་བ་ཧྲིལ་ན། ང་ཚོ་གཅིག་གཅིག་ཏུ་བསྒྲིལ་དགོས་པ་ལས། བསིལ་བསིལ་དུ་འཐོར་མི་ཉེན། དོན་རྩ་འདི་ལ་སུས་མ་ཉེས་ཁ་གཡོགས་བྱས་ཀྱང་དེ་ལ་རྒོལ་ངེས་ཡིན།

  16. Tenzin tashi says:
    2014-11-19 at 1:38 am

    སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་དེང་སང་གཞིས་ཆགས་ཁག་གི་གཞིས་མི་ཚོར་ཆེད་དམིགས་ཀྱིས་ལས་དོན་གནང་བཞིན་པའི་སྐབས་འདིར། ཁོང་ལ་དགོས་པ་ནི་སྐབས་རྗེས་མའི་སྲིད་སྐྱོང་ཡིན་པ་ལས་འབྲེལ་མོལ་མདུན་བསྐྱོད་བྱེད་རྒྱུ་གང་ནས་ཡིན། དེ་ཚང་མས་ཤེས་གསལ་རེད། ཤར་ཁུག་གིས་བཤད་ཡོད་པའི་ནང་སྲིད་སྐྱོང་གིས་འབྲེལ་མོལ་ཐད་ཤུགས་བསྐྱོན་མེད་པ་དང། ༸གོང་ས་མཆོག་གི་དགོངས་གཞི་ཇི་བཞིན་འགྲུབ་རྒྱུར་ཆོད་སེམས་བརྟན་པོ་བྱེད་ཀྱི་མེད་པ། སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་དགོངས་པ་ཞུས་གནས་གསལ་བ་འདི་དག་ནི་སྐད་ཆ་ལས་སླ་བོ་དེ་འདྲ་མ་རེད་འདོད། བཙན་བྱོལ་གཞུང་གི་གནང་སྟངས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན། དུས་ཚོད་འདི་ལ་ཤར་ཁུག་གིས་དཔྱད་གཏམ་འདི་འདྲ་སྤེལ་བ་ནི་རྒྱུ་མཚན་ཞིག་ངེས་པར་འདུག་བསམས་པས་དོགས་པ་མང་པོ་འཁོར་སོང།

  17. Tenzin tashi says:
    2014-11-19 at 1:44 am

    དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་འབྲེལ་མཐུད་ཡོང་ཐབས་ཐབས་ཤེས་ཅི་ཞིག་གནང་བ་རེད། དེར་གོང་ནས་བཀོད་མངགས་དམ་དོན་ཅི་ལྟར་གནང་བ་སོགས་ནི་མིག་དཔེ་ལྟ་དགོས་པའི་བསླབ་བྱ་རེད། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐབས་ཤེས་གང་ཞིག་འཐེན་དགོས་ཀྱང་གནང་དགོས་ཀྱི་འདུག་ཅེས་དེ་སྔ་གསུངས་ཟིན་པ། ཤར་ཁུག་གི་རྩོམ་གྱི་ནང་དུའང་གསལ་བ་ལྟར། སྲིད་སྐྱོང་མཆོག་གིས་དེ་ལྟར་གནང་བའི་རྣམ་འགྱུར་གང་ཡང་མ་མཐོང་ཙང་དེ་འདྲ་གསུངས་པ་རེད་མ་གཏོགས། གཞི་རྩ་མེད་པ་གང་ནས་ཡིན། དཔེར་ན། མཁས་དབང་ཟམ་གདོང་རིན་པོ་ཆེས་དགོངས་ཞུ་ག་རེ་བྱས་ཏེ་ཕུལ་བ་རེད། འདི་དག་མི་མང་གིས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་བསམས་ལ། ཤར་ཁུག་གིས་མ་བྲིས་པར་གནས་ཚུལ་འདི་ཤེས་ཀྱི་མེད། ད་ལྟ་མི་མང་པོར་སྲིད་སྐྱོང་གིས་འབྲེལ་མོལ་མདུན་བསྐྱོད་མ་ཐུབ་པའི་ཆོད་སེམས་ཐད་དོགས་པ་ཡོད་པ་དེ་ད་དུང་ཇེ་ཆེར་སོང་ཡོད་པ་རེད་དྲན།

  18. བདེན་པའི་ཕོ་ཉ་ says:
    2014-11-19 at 1:55 am

    །བོད་རྒྱ་འབྲེལ་མོལ་ནི་བོད་ནང་གི་བོད་མི་དང་བཙན་བྱོལ་བའི་བོད་མི་ཚང་མའི་གནད་དོན་ཞིག་རེད་བློ་་སེང་དང་ཤར་ཁུག་གཉིས་དབར་འབྲེལ་བཤད་རྒྱབ་ནས་འཕན་ཐོག་་གང་ཡང་མེད་སུ་ཡི་ལྗོན་གི་ཡོད་ན་མདུན་ན་དོན་ཤོག་ཁ་་བརྡ་ནང་མིང་རྫུན་བྲིས་ནས་སྤྱི་ཚོགས་ལ་བརྡབས་སིག་མ་གཏོང་ཤེས་པར་གྱིས་ཨ་

  19. ཅོ་རྟམ། says:
    2014-11-19 at 11:48 am

    བོད་རྒྱ་འབྲེལ་མོལ་ལ་བསམ་གཞིགས་བྱ་རྒྱུ་དེ་བོད་མི་ཡོངས་ལ་འགན་ཡོད་པ་རེད།
    ཤར་ཁུག་ཀྱིས་དབྱེ་ཞིབ་བྱས་པ་འདི་ལ་བདེན་པའི་ཆ་མང་ཙམ་འདུག
    ཡིན་ན། བྱེས་འབྱོར་བ་མང་པོའོ་སེམས་ངོགས་ན་བསམ་ཚུལ་འདིའི་རིགས་ཡོད་ན་ཡང་།
    འབྲི་མ་ཕོད་པ་དང་བཤད་མ་ཕོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme