Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲུག་ཡུལ་དུ་བོད་རིགས་འཛིན་བཟུང་།

Posted on 2012-03-02 By ཁ་བརྡ་ 13 Comments on འབྲུག་ཡུལ་དུ་བོད་རིགས་འཛིན་བཟུང་།


རྨ་མགུར་སངས་རྒྱམ་གྱིས།

གནས་ཚུལ་མདོར་བསྡུས་སུ། སྤྱི་ཟླ་༢་པའི་ཚེས་༡༠་ཡས་མས་སུ་འབྲུག་ཡུལ་དུ་བོད་རིགས་ལྔ་འབྲུག་ཡུལ་གྱི་ཉེན་རྟོག་དམག་མིས་སྔ་རྗེས་སུ་འཛིན་བཟུང་བྱས་ཏེ་རྒྱ་གར་གྱི་ས་གནས་ཇལ་པའི་གུ་རི་རྫོང་ཁག་གི་(Distt. Jalpaiguri)་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་དང་། ད་ལྟ་ཁོ་ཚོ་འབྲུག་ཡུལ་དང་རྒྱ་གར་གྱི་ས་མཚམས་ཇའི་གོན་(Jaigaon)་ས་གནས་ཀྱི་བཙོན་ཁང་ཞིག་ལ་བཅུག་ཡོད། ཁོ་ཚོ་ལས་ཁ་ཤས་ནི་འབྲུག་ཡུལ་དུ་གནས་སྐོར་དུ་ཕེབས་པ་དང་ཁ་ཤས་ནི་འབྲུག་ཡུལ་བརྒྱུད་ནས་བོད་ལ་ལོག་པའི་སྐབས་སུ་བོད་དང་འབྲུག་གི་ས་མཚམས་སུ་འབྲུག་ཡུལ་གྱི་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་། ཁོ་ཚོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ཁོ་ཚོ་ལ་འབྲུག་ཡུལ་དུ་གནས་སྐོར་དང་འགྲུལ་སྐྱོད་བྱེད་པའི་ཁྲིམས་མཐུན་ཀྱི་ལག་ཁྱེར་སོགས་སྟོན་རྒྱུ་མེད་པར་མ་ཟད། རྒྱ་གར་དུ་སྡོད་པའི་སྐྱབས་བཅོལ་གྱི་ཡིག་ཆ་སོགས་ཀྱང་གང་ཡང་སྟོན་རྒྱུ་མེད་པའི་རྐྱེན་གྱིས་བཙོན་ཁང་དུ་བཅུག་པ་རེད་ཟེར། ཁོ་ཚོའི་ཕ་ཡུལ་ནི་བོད་ཀྱི་མདོ་སྨད་ནས་ཡིན་ཞིང་། རྒྱ་གར་གྱི་ས་གནས་ལྡི་ལི་དང་རྡ་རམ་ས་ལ་སོགས་སུ་ལོ་ཁ་ཤས་བསྡད་མྱོང་ཡོད་འདུག ད་ལོའི་རྡོར་གདན་དུས་འཁོར་དབང་ཆེན་གྱི་རྗེས་སུ་འབྲུག་ཡུལ་ལ་ཕྱིན་པ་རེད་ཟེར། ཁོ་ཚོ་ལས་མི་གསུམ་གྲྭ་བ་ཡིན་པ་དང་མི་གཉིས་གསོག་སྒར་སློབ་གྲྭའི་སློབ་མ་ཡིན་པ་རེད། གྲྭ་བ་གསུམ་ལས་གཅིག་ནི་བླ་མ་ཡིན་ཟེར། དེའི་དོན་རྐྱེན་བསལ་ཐབས་ཀྱི་ཆེད་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་མངགས་ལྟར་ཀ་སྦུག་ས་གནས་གཞིས་འགོ་ལས་ཁུངས་ཀྱིས་འགན་ལེན་བྱས་ནས་ད་ལྟ་རྒྱ་གར་གྱི་ས་གནས་དཔོན་རིགས་ལ་འབྲེལ་བ་གནང་བཞིན་པ་ཡིན།

གཞན་ཡང་གསལ་བཤད་དུ། བོད་ཀྱི་ཡུལ་ལྗོངས་དང་མི་རིགས། ཆོས་ལུགས། གོམས་གཤིས་སོགས་གཅིག་མཚུངས་སུ་གནས་པའི་ཚོར་བ་རང་བཞིན་གྱིས་སྟེར་ནུས་པའི་འབྲུག་ཡུལ་ལ་གཟིགས་ཞིབ་དང་གནས་སྐོར་ལ་ཕེབས་འདོད་ཡོད་པའི་བོད་རིགས་རྣམས་ཀྱིས་རྒྱ་གར་གྱི་སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་དེབ་སེར་བོ་གཉིས་དང་། དེ་དག་གི་འདྲ་བཤུས་དང་སོ་སོའི་གདོང་པར་གཉིས་ངེས་པར་དུ་བསྣམ་དགོས་པ་དང་། དེ་ནས་རྒྱ་གར་དང་འབྲུག་གི་ས་མཚམས་སུ་གནས་པའི་ཕུན་ཚོགས་གླིང་གི་སྒོ་ཆེན་གྱི་ནང་ལོགས་སུ་ཡོད་པའི་༼ཕྱི་མི་ནང་སྐྱོད་འགོག་སྲུང་། འབྲུག ཕུན་ཚོགས་གླིང་། IMMIGRATION CHECK-POST, PHUENTSHOLING, BHUTAN༽ཞེས་དང་ཡང་ན་༼ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་། ཆུ་ཁ་རྫོང་ཁག འབྲུག ཕུན་ཚོགས་གླིང་། REGIONAL IMMIGRATION OFFICE, CHUKHA DZONGKHAG, PHUENTSHOLING, BHUTAN༽ཞེས་བཀོད་ཡོད་པའི་ལས་ཁུངས་གང་རུང་ལ་ཕེབས་ནས་འཛུལ་ཞུགས་ཀྱི་ཆོག་མཆན་ཡི་གེ་ཞུ་དགོས།

སྤྱིར་བཏང་དམིགས་བསལ་གྱི་གནས་ཚུལ་ཏེ་སྔོན་མར་འབྲུག་ནས་རྒྱང་འཕུད་དུ་བཏང་བ་མིན་ན། འབྲུག་ཡུལ་གྱི་མི་སེར་ཞིག་གི་འགན་ལེན་ཡི་གེ་ཡོད་ན་ཉིན་བདུན་རིང་ལ་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་པུ་དང་སྤ་རོ་གཉིས་ལ་གནས་སྐོར་བྱེད་པའི་འཛུལ་ཞུགས་ཡི་གེ་ལ་གླ་ཆའི་སྒོར་མོ་གང་ཡང་མི་དགོས་པར་སྤྲོད་ངེས་རེད། རྒྱ་གར་མིན་པའི་ཕྱི་རྒྱལ་གྱི་ཡུལ་མི་ཚོས་ཉིན་རེར་ཨ་སྒོར་༢༠༠་རེ་སྤྲོད་དགོས་པ་རེད། དེ་ལས་གཞན་ཡང་སོ་སོའི་ཕ་མ་དང་ཕྲུ་གུ་མཉམ་དུ་ཡོད་ན་འབྲུག་ཡུལ་མི་སེར་གྱི་འགན་ལེན་ཡི་གེ་མི་དགོས་པར་འཛུལ་ཞུགས་ཆོག་མཆན་སྤྲོད་ཀྱི་འདུག དེ་ནི་དམིགས་བསལ་གྱི་གནས་ཚུལ་ཞིག་ཡིན་པར་བསམས། དེའི་འཛུལ་ཞུགས་ཆོག་མཆན་ཡི་གེའི་སྟེང་དུ་ཆོག་མཆན་ཐོབ་པའི་ཨང་གྲངས་དང་། སོ་སོའི་མིང་དང་། སྐྱེས་ཚེས། ཕའི་མིང་། རྒྱལ་ཁོངས། གཏན་སྡོད་ཁ་བྱང་། འགྲུལ་སྐྱོད་ཡིག་ཆའི་རིགས་དང་ཨང་གྲངས། འབྲུག་གི་ས་གནས་གང་ལ་འགྲོ་ཆོག་པའི་ས་མིང་། འགྲུལ་སྐྱོད་ཀྱི་དུས་ཡུན། འགྲུལ་སྐྱོད་བྱེད་པའི་དམིགས་ཡུལ། འབྲུག་ཏུ་སྡོད་པའི་གནས་ཚང་དང་མགྲོན་ཁང་སོགས་བཀོད་ཡོད། འབྲུག་ཡུལ་དུ་ལས་ཀ་བྱེད་འདོད་རྣམས་ལ་འཛུལ་ཞུགས་ཆོག་མཆན་མི་སྤྲོད་པ་དང་། དེའི་འཛུལ་ཞུགས་ཆོག་མཆན་བེད་སྤྱོད་ལོག་པ་བྱེད་མཁན་རྣམས་ལ་འབྲུག་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་དང་། འབྲུག་ཡུལ་ནས་ཐོན་པའི་སྐབས་སུ་འཛུལ་ཞུགས་ཆོག་མཆན་ཡི་གེ་རིན་ཆེན་ལྡིང་གི་ཕྱི་མི་ཞིབ་དཔྱད་ལས་ཁང་(IMMIGRATION CHECK-POST, RINCHENDING, BHUTAN)ལ་ཕྱིར་སྤྲོད་དགོས་ཞེས་བཀོད་ཡོད། དེ་ནི་ཕུན་ཚོགས་གླིང་ནས་རླངས་འཁོར་གྱིས་སྐར་མ་ཉི་ཤུའི་མཚམས་སུ་གནས་ཡོད། རང་ཉིད་ས་གནས་གང་དུ་འགྲོ་ཡང་འཛུལ་ཞུགས་ཆོག་མཆན་ཡི་གེ་ངེས་པར་དུ་ལག་ཏུ་བསྣམ་དགོས་པ་དང་ས་ཁུལ་ཁག་དང་ལྷ་ཁང་ལ་འཛུལ་བའི་སྐབས་སུ་ཉེན་རྟོག་དམག་མི་ལ་ཐོ་འགོད་བྱེད་དུ་འཇུག་དགོས་སོ།

གསར་འགྱུར།

Post navigation

Previous Post: གཅོད་ཟེར་བ་འདི་དོན་ངོ་མར་སུ་ཡི་ཆོས་སྐལ་ཡིན་ནམ།
Next Post: བོད་མི་སྐད་གྲགས་ཅན་ཆགས་སྟངས།

Comments (13) on “འབྲུག་ཡུལ་དུ་བོད་རིགས་འཛིན་བཟུང་།”

  1. བུ་བཀྲ་ཤིས། says:
    2012-03-02 at 7:27 am

    འགྲུལ་བཞུད་རིག་པས་བསྐོར་བར་དགའ་བསུ་དང་། སེམས་ཁྲལ་མ་གནང་ཞེས་ཞུ་འདོད་བྱུང་། ང་ཚོ་བོད་པ་ཚང་ལ་དེ་འདྲའི་ཆགས་འཇིགས་ཡོང་རྒྱུ་གཏན་ནས་བྲལ་བ་རེད།
    ད་ཆ་བོད་ཀྱི་སྐད་ཡིག་དང་རིག་པའི་གཞུང་ལུགས་ལ་སློབ་གཉེར་ཁང་རྒྱལ་སྤྱི་དང་རྒྱལ་ནང་ཀུན་ཏུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འདུག སྒོས་སུ། བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་དད་འདུན་སློབ་གཉེར་བྱེད་མཁན་ཇི་མང་རེད། བོད་པ་ཚང་གི་ཟུང་ཁྲག་ནང་དུ་ཚན་རིག་པས་སྲོང་བཙན་སྒམ་པོ་རྣམ་ཤེས་འཇིགས་མེད་ཡོད་པར་བརྟག་དཔྱད་ཀྱི་གྲུབ་འབྲས་བཟང་པོ་འདུག་པས། གྲོགས་པོ་སེམས་ཁྲལ་མ་བྱེད།

  2. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-02 at 7:54 am

    རྫུན་ལབ་གི་མ་འདུག་མཐུན་སྒྲིལ་ལ་གཏོར་བཤིག་མ་བྱེད་རོགས་་་་་་་་་་་་་དངོས་གནས་ཡིན་སྔོན་ཡང་དེ་འདྲ་རྐྱང་རྐྱང་གིས་ཕོང་སོང་ངོ་ཤེས་སམ་་་་་་

  3. བུ་བཀྲ་ཤིས། says:
    2012-03-02 at 8:21 am

    ཐུགས་ཁྲལ་རྩ་བ་ནས་མ་གནང་རོགས། ང་ཚོ་བོད་དེ་ཆོས་ལྡན་གྱི་ཞིང་ཁམས་རེད། ལྷ་ཆོས་སྐྱོང་སྲུང་མས་ནམ་ཡང་བློད་གཏོང་གི་མ་རེད།

  4. འབྲོང་བུ་སོག་ཚ། says:
    2012-03-02 at 8:27 am

    ༡༩༥༩ ལོར་ལྷ་ཆོས་སྐྱོང་སྲུང་མས་བློས་བཏང་ནས་ད་ལྟའི་གནས་ཚུལ་འདི་ལྷགས་པ་མ་ཡིན་ནམ། སྐུ་རྩེད་ཡིན།

  5. ཇ་མ་ says:
    2012-03-02 at 10:07 am

    སེམས་ཁྲལ་མ་བྱེད་རོགས་འབྲུག་པའི་བོད་པ་བསད་མི་ཡོང་ལ། དེ་བཞིན་རྒྱ་མི་ལའང་རྩིས་སྤྲད་མི་ཡོང་།

  6. རྨ་མགུར་སངས་རྒྱམ། says:
    2012-03-02 at 10:36 am

    བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ གནས་ཚུལ་དེ་ཉེ་ཆར་བྱུང་འདུག ཁོང་ཚོའི་ཁྲོད་ཀྱི་གྲྭ་པ་གསུམ་དེ་སྔ་ལོར་བོད་ནས་དབུས་སྣེ་ལེན་ཁང་དུ་འབྱོར་རྗེས། སྣེ་ལེན་ཁང་གིས་ཁོང་ཚོར་སྐྱབས་བཅོལ་ལག་འཁྱེར་བཟོས་ཏེ་གྲྭ་སར་བཏང་བ་རེད། ཉེ་ཆར་ཁོང་གསུམ་འབྲུག་ནང་འཛུལ་ཆོག་པའི་ལག་འཁྱེར་མེད་པར་གནས་བསྐོར་དུ་ཕྱིན་སྟབས། འབྲུག་ཉེན་རྟོག་པས་འབྲུག་བོད་ས་མཚམས་བུམ་ཐང་ཞེས་པའི་ས་གནས་སུ་འཛིན་བཟུང་གིས་འབྲུག་དང་རྒྱ་གར་ས་མཚམས་ཇཱ་གོན་ཉེན་རྟོག་པར་རྩིས་སྤྲོད་བྱས་འདུག ཕྱིས་སུ་ང་ཚོས་རྒྱ་གར་ཉེན་རྟོག་པ་བརྒྱུད་ཡིག་ཆ་ཚང་མ་བཏང་ཡང་འགོར་འགྱངས་བྱས་ཏེ་ཉིན་ ༡༥ ལ་ལྷག་ཡོད་ཀྱང་། ང་ཚོས་ཉེན་རྟོག་ལས་ཁུངས་རིམ་པ་བརྒྱུད་དེ་འབྲེལ་བ་བྱས་རྗེས། ཁོང་ཚོ་བཙོན་ཁང་དུ་སྡོད་མི་དགོས་པར་མི་རེར་ཧིན་སྒོར་ ༡༠༠༠ གི་ཉེས་ཆད་བཅད་རྗེས། ད་ལྟའི་ཆར་ས་གནས་ཀྱི་བོད་པའི་ཟ་ཁང་ཞིག་ཏུ་བཞག་ཡོད་པ་རེད། ” ཅེས་བརྗོད་བྱུང་།
    ཡང་ཁོང་ལ་བོད་མི་དེ་དག་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་དོན་དང་བོད་མི་གཞན་གཉིས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་དྲིས་པར་ཁོང་གིས། “ ཁོང་ཚོ་འབྲུག་ནང་འཛིན་བཟུང་བྱས་དོན་ཡིག་ཆ་གཅིག་ཀྱང་མེད་པར་གནས་སྐོར་དུ་ཕྱིན་པའི་རྐྱེན་གྱིས་རེད། རྗེས་སུ་རྒྱ་གར་ཉེན་རྟོག་པར་རྩིས་སྤྲད་དེ་སྔོག་བཤེར་བྱས་སྐབས། གྲྭ་པ་གསུམ་གྱི་ལག་ཏུ་ཧིན་སྒོར་འབུམ་ ༣ ཡས་མས་ཀྱི་རིན་ཐང་ཡོད་པའི་གསེར་དང་རྒྱ་ནག་སྒོར་མོ། རྒྱ་ནག་ལག་འཁྱེར་ཁ་པར། ད་དུང་གློག་ཀླད་བཅས་ཅ་དངོས་ཁག་ཅིག་རྙེད་སོན་བྱུང་ཡོད་སྟབས། ཁོང་ཚོའི་ཞིབ་ཕྲའི་གནས་ཚུལ་ཞིབ་འཇུག་བྱ་ཆེད་ཉེན་རྟོག་པས་ཨཱ་ལེ་པུར་ས་གནས་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་འདུག ཕྱིས་སུ་ཅ་དངོས་དེ་དག་ལ་ཧིན་སྒོར་སྟོང་ཕྲག་ ༤༥ ལྷག་སྤྲད་རྗེས་དེ་རིང་ཅ་དངོས་ཚང་མ་རག་སོང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཁྲིམས་ཁང་གི་ཡིག་ཆ་རག་རྗེས་ཕྱིར་ལོག་ཆོག་གི་རེད། གཞན་གཉིས་དེ་གྲྭ་བ་གསུམ་བཟུང་རྗེས་ཀྱི་ཉིན་ ༥ ནང་བཟུང་འདུག རྗེས་སུ་ཞིབ་འཇུག་བྱེད་སྐབས་ཁོང་གཉིས་རྔ་པ་ཁུལ་འཛམ་ཐང་རྫོང་གི་རེད། སྣེ་ལེན་ཁང་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་བཏང་རྗེས་རྩ་དགོངས་ཞུས་འདུག ཉེ་ལམ་ཁོང་གཉིས་ཀྱི་སྐྱབས་བཅོལ་ལག་འཁྱེར་བརྩད་གཅོད་བྱས་ཏེ་རག་རྗེས། དེ་རིང་ང་ཚོ་སྣེ་ལེན་ཁང་གིས་ཉེན་རྟོག་ལས་ཁུངས་བརྒྱུད་ཁོང་གཉིས་ཀྱི་རྒྱབ་གཉེར་ཡིག་ཆ་ཆ་ཚང་བཏང་ཡོད། ད་ལྟའི་ཆར་ཁོང་གཉིས་ལ་ཉེས་པ་ག་ཚོད་གཏོང་མིན་དང་ལམ་སེང་ཀློད་གྲོལ་ཐུབ་མིན་སོགས་ཤེས་ཀྱི་མི་འདུག ང་ཚོའི་ངོས་ནས་ལས་ཀ་ཆ་ཚང་བསྒྲུབས་ཡོད། ”ཅེས་བརྗོད་བྱུང་།

  7. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-02 at 1:19 pm

    ཆ་མཐུན་གནང་རྒྱུ་དང་ཕུགས་བསམ་ཞིབ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་དངོས་དོན་རེད་གང་དྲན་ཁྱབ་སྤེལ་མ་བཏང་ན་ཡག་རེད་དྲན་གྱིན་འདུག་བསམ་བློ་གཏོང་རོགས་ནན་གྱིས་ཞུ་བཞིན་ཡོད་སེམས་ལ་འཇག་པར་ཞུ་ཞུ་ཞུ་་་་་་་་་་་་་་་་་་་་

  8. མྱི་ལྟིག says:
    2012-03-03 at 6:38 am

    འབྲུག་པ་ཡིན་རུང་བློ་གཏོད་ཆོག་ཆོག་ཡིན་མི་སྲིད།
    སྔོན་ཆད་འུ་ཚང་གི་མྱི་ག་ཚོད་ཅིག་ས་ཕུག་ནང་དུ་བརྫངས་པ་བརྗེད་ཚར་བ་ཡིན་རྒྱུ་མ་རེད་འདོད།
    གང་ལྟར་ལོ་རྒྱུས་ཀྱི་གླེགས་བམ་ངོས་ན་གསལ་བོ་ཡིན་ནི་རེད། ཁ་ཤས་ཤིག་གིས་ཧམ་བཤད་རྒྱག་གི་ཡོད་པ་རེད།

  9. གེ་གསར་ says:
    2012-03-03 at 7:48 am

    ༡༩༤༩ ལོ་ནས་ད་བར་བོད་མི་རིགས་རྣམས་དམྱལ་བ་མི་ཡུལ་དུ་མྱོང་ནས་ ལྷ་ཆོས་སྐྱོང་སྲུང་མ་ཧུར་ཐག་བད་ཐག་གསོས་ཀྱང་ཆི་གང་མི་ཕན་ལེ་དེ་ བློད་བཏང་བ་མིན་ན་ གཉིད་ཁུག་སོང་ལེ་རེད་དམ་།

  10. བྲག་ཞོལ་སྤེན་པ། says:
    2012-03-03 at 11:41 am

    འབྲུག་རྒྱལ་ཁབ་ཆུང་ཆུང་ཡིན་རུང་བལ་ཡུལ་བཞིན་རྒྱ་ནག་ལ་སྤྲེལ་ལད་ཆེད་བོད་མི་ཚོ་ཕར་རྩིས་སྤྲོད་མ་བྱས་པར་རྒྱ་གར་ནང་ཚུར་བཏང་པ་དང་།ལྷག་པར་བོད་མི་དེ་ཚོར་ཉེས་རྡུང་སྡུག་པོ་དེ་འདྲ་མ་བཏང་བ་དང་དངུལ་དང་ཅ་ལག་མང་པོ་འཕྲོག་བཅོམ་མ་བྱས་པ་དེ་ཡག་པོ་རེད།
    འདས་པའི་ལོ་རྒྱུས་སུ་འབྲུག་བོད་བར་དཀའ་རྙོག་བྱུང་བར་ཕར་ཚུར་གཉིས་ཆ་ལ་ལན་པོ་དང་ནོར་འཁྲུལ་འདུག་ལ།དེ་ཚོར་ལྐོག་གྱུར་ཆའང་མང་པོ་ཡོད་པ་ལ་བརྟེན་ལས་སླ་བོས་བསྡོམས་བརྒྱབ་རྒྱུ་དཀའ་ལས་རེད་སྙམ།

  11. གཅན་དཀར་སྲས། says:
    2012-03-04 at 3:20 am

    རྨ་མགུར་སངས་རྒྱས་ལགས། དྲ་འབུ་ནི་ནམ་ཡང་དྲ་འབུ་ཡིན་པས་དེ་ཚོ་ལ་ཁ་ཡ་མ་བྱེད། དངོས་ཡོད་གནས་ཚུལ་ཞིག་བཤད་ན་དེའི་ལོག་ཕྱོགས་ནས་བཤད་དགོས་པ་དྲ་འབུ་ཚོས་ལས་ཀ་ཡིན་པས་ཁོང་ཚོས་རང་ཉིད་ཀྱི་ལས་ཀ་འཐུས་ཤོར་དུ་གཏོང་གི་མ་རེད།

  12. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-04 at 4:01 am

    མཐུན་སྒྲིལ་དགོས་པ་གལ་ཆེན་པོ་རེད་འབྲུག་དང་བོད་རིག་གཞུང་གཅིག་པ་རེད་གཟབ་གཟབ་བྱེད་རྒྱུ་གལ་ཆེན་ཡིན་ཐུགས་ལ་འཇགས་རོགས་་་་་་་་་་་་

  13. གཅན་དཀར་སྲས། says:
    2012-03-04 at 4:20 am

    རྨ་མགུར་སངས་རྒྱས་ལགས་ཀྱིས་ཀྱང་དོན་དངོས་ཤིག་བཤད་བཞིན་ཡོད་པ་ལས་མཐུན་སྒྲིལ་ལ་གནོད་པའི་ལས་ཀ་ཅི་ཞིག་བཤད་བཞིན་འདུག དོན་དངོས་མ་རེད་ཟེར་ན་བོད་ཀྱི་དུས་བབ་ཚང་སོང་དང་གསལ་བོ་གསུངས་འདུག དོན་དངོས་བཤད་ན་ཁྱོད་མི་དགའ་བ་ངས་མ་ཤེས་དགོངས་དག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme