Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲུག་པ་ཞིག་གིས་དཀར་ཟས་སྐོར་དྲིས་པའི་༧བཀའ་ལན།

Posted on 2022-06-13 By ཁ་བརྡ No Comments on འབྲུག་པ་ཞིག་གིས་དཀར་ཟས་སྐོར་དྲིས་པའི་༧བཀའ་ལན།

རྫ་ཚེ་རིང་བཀྲིས་ཀྱིས་བསྒྱུར།
 
དྲི་བ། ངའི་མིང་ལ་ཀུན་བཟང་ཕྲིན་ལས་ཟེར། ང་འབྲུག་ཡུལ་ནས་ཡིན། ངས་དྲི་བ་བ་མ་དྲིས་པའི་སྔོན་དུ་༧གོང་ས་མཆོག་ཉིད་སྐུ་ཚེ་ཡུན་རིང་དུ་བརྟན་པའི་གསོལ་འདེབས་ཞུ་རྒྱུ་ཡིན། 
ངའི་དྲི་བ་ནི། ང་རང་ཉིད་ནང་པའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་ནམ་རྒྱུན་ཁ་ཆེ་དང་། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་ཀྱི་གྲོགས་པོ་ཚོར་ནང་པའི་ཆོས་ཀྱི་རྩ་བ་བྱམས་སྙིང་རྗེ་དང་སྲོག་མི་གཅོད་པ་དང་མི་འཚེ་བ་སོགས་གལ་ཆེ་ཚུལ་ཤོད་སྐབས། ཁོང་ཚོས་ང་ལ། ཁྱེད་ཚོ་ནང་པ་ཚོས་འཚེ་བ་བྱེད་མི་རུང་བ་སོགས་མང་པོ་བཤད་ཀྱི་འདུག་སྟེ། ནང་པ་མང་པོ་ཞིག་གིས་ཤ་ཟ་གིན་འདུག །ཟ་མཁན་མེད་ན་གསོད་མཁན་དང་བཙོང་མཁན་ཡོང་གི་མ་རེད། ཁྱེད་རང་ནང་པ་ཚོས་ཤ་མང་པོ་ཟ་གིན་ཡོད་ཙང་ཁ་ཆེ་བ་སོགས་གཞན་པ་ཚོས་སྲོག་ཆགས་དེ་འདྲ་མང་པོ་བསད་ནས་ཤ་བཙོང་གིན་ཡོད་པ་རེད་ཟེར་གྱི་འདུག །ང་ཚོ་ནམ་རྒྱུན་དེ་དག་གི་ཐོག་རྩོད་མང་པོ་ཤོར་གྱི་ཡོད། ངའི་ཚོར་སྣང་ལ། འབྲུག་པ་ཡིན་ན་འདྲ། གང་ལྟར་ནང་པ་ཚོས་ཤ་མང་པོ་ཟ་གིན་ཡོད་པ་དངོས་ཡོད་རེད་འདུག །ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་ག་རེ་བྱས་ནས་ཤ་དེ་འདྲ་མང་པོ་ཟ་གིན་ཡོད་རེད། དེའི་རྒྱུ་མཚན་གང་ཡིན་ནམ།

བཀའ་ལན། དངོས་གནས་བྱས་ན་སངས་རྒྱས་པའི་རབ་ཏུ་བྱུང་བ་དག་ལ་སྒེར་གྱི་ཐབ་ཚང་ཡོད་མི་ཆོག་པ་རེད། འཚོ་བ་གསོད་སྙོམས་ལ་རྟེན་དགོས་ཀྱི་ཡོད་པ་རེད། སོ་སོས་ཟོག་འཇོག་བྱས་པའི་ཟས་གསོལ་ཆོག་གི་མེད་པ་རེད། ཁོང་ཚོས་རང་ཉིད་ཀྱིས་ལྷུང་ཟེད་ཕྱག་ཏུ་ཐོགས་ནས་བསོད་སྙོམས་ལ་ཕེབས་དགོས་པ་རེད། དེ་འདྲའི་སྐབས་སུ་གསོད་སྙོམས་སློང་ཡུལ་དེར་དཀར་ཟས་སྦྱིན་རྒྱུ་མེད་པར་དམར་ཟས་ཞིག་སྤྲད་པ་ཡིན་ན། དེ་ཀ་རང་བླངས་ནས་གང་ཕུལ་བ་དེ་གསོལ་དགོས། དེ་བཞིན་སྦྱིན་བདག་དེ་དཀར་ཟས་པ་ཞིག་ཡིན་ན་ཡང་དེ་ནང་བཞིན་རེད། ཕར་ཕྱོགས་ཀྱིས་གང་ཕུལ་བ་དེ་གསོལ་དགོས་པ་ལས་གསོད་སྙོམས་སློང་ཡུལ་དེར་ང་ལ་ཤ་ཟས་དགོས་ཞེས་ཆ་རྐྱེན་འདོན་རྒྱུའི་ཐོབ་ཐང་མེད་པ་རེད། 


སྔོན་གྱི་རབ་ཏུ་བྱུང་བ་དག་གིས་དེ་ལྟར་ལྷུང་གཟེད་བསྣམས་ནས་བསོད་སྙོམས་ལ་ཕེབས་བཞིན་སྐུ་ཚེ་སྐྱེལ་བཞིན་ཡོད་པའི་ཆ་ནས། འདུལ་བའི་སྐབས་སུ་ཤ་འགའ་ཞིག་ཟ་ཆོག་པ་དང་། འགའ་ཞིག་ཟ་མི་ཆོག་པ་ལྟ་བུ་རྣམ་བཞག་མཛད་དེ་སྤྱིར་བཏང་ཤ་གནང་ཡོད་པ་རེད། དེ་ཡང་ཤ་དེ་རང་གི་ཆེད་དུ་བསད་པ་ཡིན་པའི་མཐོང་ཐོས་དོགས་གསུམ་མེད་པ་ཞིག་ཡིན་དགོས་ཚུལ་སོགས་གསུངས་ཡོད། དེ་ཡང་དོར་བསྡུས་ནས་བཤད་ན། གསོད་སྙོམས་པ་ཕེབས་པར་ལྷུང་གཟེད་དུ་གང་བྱུང་བ་སྤྱོད་པ་ལས་གདམ་ཀ་བྱེད་མི་ཆོག་པའི་རྒྱུ་མཚན་གྱིས་ཤ་མ་བཀག་པ་རེད། ཡིན་ན་ཡང་། མདོ་སྡེ་འགའ་ཞིག་ལས། ངེས་པར་དུ་ཤ་མེད་ཟ་དགོས་པ་དང་ཤ་ལ་ཐུག་རེག་མི་ཆོག་པར་གསུངས་ཡོད་པ་རེད། དེའི་དབང་གིས་རྒྱ་བརྒྱུད་ནང་པའི་རྗེས་འཇུག་པ་དང་། ཝེ་ཏི་ནམ་གྱི་ནང་པ་ལྟ་བུས་ནམ་རྒྱུན་ཧ་ཅང་གཟབ་ནན་གྱི་སྒོ་ནས་དཀར་ཟས་གསོལ་གྱི་ཡོད་པ་རེད།

བོད་ཀྱི་བྱང་བརྒྱུད་སོགས་ལ་མཚོན་ན་སྔར་ས་བབས་དང་ཁོར་ཡུག་གི་དབང་གིས་སྔོ་ཚལ་རིགས་གཏན་ནས་མི་སྐྱེ་བས་ཤ་མེད་རང་རྒྱུན་སྐྱོང་ཐུབ་ཐབས་མེད་པ་རེད། ཡིན་ན་ཡང་། ང་ཚོ་རྒྱ་གར་ལ་བསླེབས་ཚར་བའི་རྗེས་སུ་གོམས་སྲོལ་དེར་འགྱུར་བ་གཏོང་མགོ་བཙུགས་པ་ཡིན། རྒྱ་གར་ན་ཚལ་རིགས་སོགས་ཧ་ཅང་མོད་པོ་ཡོད་པས་ང་ཚོས་དགོན་ཆེན་དག་གི་སྤྱི་ཐབ་ཏུ་དཀར་ཟས་ཁོ་ན་ལས་ཤའི་ཁ་ཟས་གཡོས་སྦྱོར་མི་ཆོག་པ་བྱས་པ་ཡིན། ད་ལྟ་ཕལ་ཆེར་ལོ་ཉི་ཤུ་ལྷག་ཟིན་པ་རེད། དེ་བཞིན་དགོན་པ་གཞན་དང་སློབ་གྲྭ་དག་གི་སྤྱི་ཐབ་ཏུའང་དམར་ཟས་མཁོ་འདོན་མི་བྱེད་རྒྱུ་བཟོས་ཟིན།

ང་སྒེར་ལ་མཚོན་ན་ཡང་། སྤྱི་ལོ་༡༩༦༤ འི་ལོར་རང་ཉིད་དཀར་ཟས་རིང་ལུགས་པའམ། དཀར་ཟས་པ་ཞིག་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། སྐབས་དེར་ང་ལ་གྲོགས་པོ་ཚོས་ཤུན་མཁྲེགས་ཤིང་ཏོག་མང་ཙམ་ཟ་དགོས་པའི་ལམ་སྟོན་བྱས་པ་རེད། གང་ལྟར་དཀར་ཟས་བྱས་ནས་ཟླ་བ་ཉི་ཤུ་ཙམ་ན་ང་ལ་འཁྲིས་ནད་ཕོག་བྱུང་། ངའི་ལུས་པོ་ཡོངས་རྫོགས་སེར་པོ་ཆགས་སོང་། ངས་མཚམས་མཚམས་མི་ཚོར་སྐབས་དེར་ང་དངོས་གནས་དྲང་གནས་ཀྱིས་གསེར་མདོག་གི་སངས་རྒྱས་གསོན་པོར་གྱུར་སོང་ཞེས་ཀུ་རེ་ཤོད་ཀྱི་ཡོད། སྐབས་དེར་ངའི་ལུས་པོ་ཡོངས་རྫོགས་གསེར་མདོག་ཏུ་གྱུར་པ་ནི་ཉམས་ལེན་གྱི་སྟོབས་ཀྱིས་མ་ཡིན་པར་འཁྲིས་ནད་ཀྱི་དབང་གིས་དེ་ལྟར་ཆགས་པ་རེད། གང་ལྟར་དུས་ཡུན་གང་འཚམས་ཤིག་གི་རིང་ཤུགས་ཆེན་པོ་ན་སོང་བས། བོད་ལུགས་དང་ནུབ་ལུགས་ཀྱི་སྨན་པ་དག་གིས་ང་ལ་སྔར་གྱི་བཟའ་བཏུང་གི་གོམས་གཤིས་ལས་འགྱུར་བ་མི་གཏོང་བར་ཤ་ཟ་རྒྱུའི་གོམས་གཤིས་སླར་གསོ་དགོས་པའི་བསམ་ཚུལ་བཤད་པ་ལྟར་ངས་བསྐྱར་དུ་དམར་ཟས་ཟོས་པ་ཡིན། འོན་ཀྱང་། སྒེར་གྱི་ཐབ་ཚང་ལས་གཞན་པའི་དགེ་འདུན་པ་དང་འབྲེལ་བའི་སྤྱི་ཐབ་ཏུ་དཀར་ཟས་རང་བྱེད་ཀྱིན་ཡོད།

ང་ལ་མཚོན་ན། སྙིང་ཐག་པ་ནས་དཀར་ཟས་རིང་ལུགས་པ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པར་བསམ་བཞིན་ཡོད། མ་ཟད་དཀར་ཟས་རིང་ལུགས་ཀྱི་འབོད་སྐུལ་ལ་རྗེས་སུ་ཡི་རང་ཆེན་པོ་བྱེད་བཞིན་ཡོད།  དེང་སྐབས་ཨ་རི་དང་ཡོ་རོབ་སོགས་སུ་དཀར་ཟས་རིང་ལུགས་པ་དང་། དཀར་ཟས་འབོད་སྐུལ་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག །ང་ཚོ་ཡོད་སའི་རྒྱལ་ཁབ་རྒྱ་གར་འདིར་མཚོན་ན་ཡང་། སྔ་མོ་ནས་མི་ཧ་ཅང་མང་པོ་ཞིག་གིས་དཀར་ཟས་ཟ་གིན་ཡོད་པ་རེད། དེ་ཚོ་ཧ་ཅང་ཡག་པོ་འདུག །

འབྲུག་ལ་མཚོན་ན། ཅིག་བྱས་ན་ཚལ་རིགས་ཀྱི་ཟས་མང་པོ་མེད་པ་ཡིན་སྲིད། ཁྱེད་ཚོས་ཀྱང་ནམ་རྒྱུན་རྩམ་པ་ཟ་བཞིན་ཡོད་དམ། ངས་ཡག་པོ་ཤེས་ཀྱི་མེད། (ཅེས་བཀའ་འདྲི་གནང་བར། ཚལ་རིགས་མོད་པོ་ཡོད་ཚུལ་ཞུས་པ་དང་། ཕྱག་གཡས་པའི་མཐེ་བོང་བསྟན་གནང་ནས་་) དེ་ཧ་ཅང་ཡག་པོ་རེད།  (ཡང་སྤྱན་གཉིས་བཙུམས་ནས་ཐུགས་ཚོར་ཤུགས་ཆེན་པོའི་ཉམས་ཀྱིས་)ངའི་མཐོང་སྣང་ལ། ཟོག་ལུག་གསོ་འཇོག་ཡུལ་གྱི་ཕྱུགས་ར་དང་། ཉ་གསོ་ར་བ་འཛུགས་མཁན་གྱི་མི་དེ་ཚོས་སྲོག་ཆགས་དེ་ཚོ་ཡང་ཚེ་སྲོག་ཡོད་པ་ཞིག་ཡིན་པའི་ཚོར་སྣང་སྤུ་ཙམ་ཡང་མི་འདུག་སྙམ་པ་ཞིག་རེད ། དེ་ཡང་མཐར་ཚང་མ་དམར་གསོད་བྱེད་ཀྱིན་ཡོད་པ་རེད། 

མ་ཟད་ངའི་གོ་ཐོས་ལ། ཤའི་ཆེད་དུ་ཕྱུགས་གསོ་ར་བ་བཙུགས་ནས་བ་ཕྱུགས་མང་པོ་གསོ་བ་དེས་སའི་གོ་ལ་ཧྲིལ་པོའི་ཁོར་ཡུག་གི་ཚ་དྲོད་འཕེལ་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད་པ་དང་ཁོར་ཡུག་ལ་ཉམས་ཆག་གཏོང་གི་ཡོད་འདུག་པས། དཀར་ཟས་རིང་ལུགས་པ་བྱས་ན་ཁོར་ཡུག་སྲུང་སྐྱོབས་ལ་ཕན་ཐོགས་ཀྱིན་ཡོད་པའི་རྒྱུ་མཚན་གཅིག་རེད། ཅེས་གསུངས་སོ། །

དཔལ་ལྡན་འབྲུག་པའི་སློབ་ཆེན་སློབ་མའི་རུ་ཁག་ཅིག་ལ་ཆེད་དུ་མཇལ་ཁ་གནང་སྐབས་ཀྱི་དྲི་བ་དྲིས་ལན་དབྱིན་སྐད་དུ་གནང་བའི་ཡུའུ་ཁྲོབ་ཀྱི་བརྙན་ཞིག་ལས། ཕྱི་ལོ་ ༢༠༢༢ ལོའི་བོད་རྩིས་ཀྱི་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་དགུང་མོ་འཕྱི་པོར་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བོད་ཡིག་ཏུ་བསྒྱུར་བའོ། ། 

གསལ་བཤད།

Post navigation

Previous Post: བཙན་པོའི་བུ་སྡུག
Next Post: བྱིས་པའི་རྒྱུན་ཤེས་བང་མཛོད་བཀླགས་པའི་འཆར་སྣང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme