Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲུག་ཆུ་རྫོང་གི་རྐྱེན་ངན་གོད་ཆགས་འདི་རྒྱུ་མེད་རྐྱེན་མེད་ལས་བྱུང་ཞིག་མིན།

Posted on 2010-08-262010-08-26 By ཁ་བརྡ་ 5 Comments on འབྲུག་ཆུ་རྫོང་གི་རྐྱེན་ངན་གོད་ཆགས་འདི་རྒྱུ་མེད་རྐྱེན་མེད་ལས་བྱུང་ཞིག་མིན།

གྲགས་པ་རྒྱ་མཚོས།

རང་ཅག་ཁ་བ་རི་བའི་རང་ཡུལ་དགྲ་ལག་ཏུ་ཤོར་བའི་ཉིན་མོ་དེ་ནས།
རྒྱ་ནག་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་དུ་ཤིང་ནག་གཅོད་འབྲེག་དང་།
གཏེར་ཁ་བསྔོགས་འདོན་ཚད་ལས་བརྒལ་བ་བྱས་པའི་རྐྱེན་གྱིས་བོད་མི་རིགས་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པས།
བོད་ཡུལ་ལ་བཀྲ་མི་ཤིས་པའི་བལྟས་ངན་སྣ་ཚོགས་བྱུང་དང་འབྱུང་འཞིན་པ་རེད།
གནས་ཚུལ་དེའི་རྐྱེན་གྱིས་འཛམ་གླིང་སའི་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བ་སོགས་ཡོང་གི་ཡོད་པ་དེང་སང་གི་ཁོར་ཡུག་ཉམས་ཞིབ་པ་དེ་ཚོས་ཀྱང་བརྗོད་བཞིན་པ་རེད།

ལྷག་པར་དུ་ད་རེས་འབྲུག་ཆུ་རྫོང་ལ་ས་རུད་དང་ཆུལ་ལོག་གི་གོད་ཆགས་ཚབས་ཆེན་བྱུང་ཡོད་པ་རེད།
དེ་ཡང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་གཏན་ནས་མིན།
འབྲུག་དཀར་གཙང་པོའི་སྟོད་ནས་ལོ་ངོ་བཅུ་ཕྲག་དུ་མའི་རིང་རྒྱ་གཞུང་གིས་གཏེར་ཁ་བསྔོགས་འདོན་བྱས་ཡོད་ཅིང་།
དཔེར་ན་རྐྱང་ཚའི་ཆུ་ཁོལ་ཁའི་ཡར་ནང་གི་ས་ཁུལ། ལཱ་ངེ་ནང་དང་། ཞཱ་ར་གོང་འགབ།
ཆུ་རོས་ཁོག གཡག་སྐམ་ཁོག་ཟེར་པའི་ལུང་པ་དེ་ཚོའི་ནང་།
དེ་སྔོན་ཕྱི་ལོ་༡༩༦༣ཙམ་ནས་གཏེར་ཁ་བསྔོགས་འདོན་གྱི་ལས་ཀ་འགོ་འཛུག་བྱས་ནས་ད་བར་མི་ལོ་བཅུ་ཕྲག་ཁ་ཤས་འགྲོ་བཞིན་ཡོད།
གཏེར་ཁ་བསྔོགས་འདོན་བྱས་ནས་དེ་སྔོན་ཡིན་ན་ཐེ་བོ་རྫོང་དང་ཉེ་སར་རྒྱ་འབའ་ཁོག་ཟེར་བའི་ལུང་པ་ཞིག་ཡོད་པ་དེར་དབོར་འདྲེན་བྱས་ཏེ།
། རྒྱ་འབའ་ཁོག་གི་ལུང་པའི་ཕུ་ནས་བཙག་སྟེ་དབྱེ་འབྱེད་བྱེད་ཀྱིན་ཡོད་ཀྱང་།
ད་ལྟའི་ཆར་རྐྱང་ཚའི་སྒོ་རུ་བའི་ས་ཁུལ་གྱི་ཆུ་རོས་ཕུག་ཟེར་བ་དེ་རང་ནས་བསྐོས་ཏེ་ལུང་པ་དེའི་ནང་ནས་དུག་རྫས་རྣམས་དབྱེ་འབྱེད་བྱས་ནས་དེའི་སྙིགས་རོ་དང་དུག་ཆུ་གཙོག་པ་དེ་ཚོ་ཡང་ས་དེ་ག་རང་ནས་ཕྱི་ལ་གཏོང་བཞིན་ཡོད།
དེ་ཚོ་ཡང་རིམ་གྱིས་འབྲུག་དཀར་གཙང་པོའི་ནང་འདྲེ་བཞིན་ཡོད།
འབྲུག་དཀར་གཙང་པོ་ནི་ཐེ་བོ་སྟོད་སྨད་བར་གསུམ་གྱི་ལུང་པ་བརྒྱུད་ནས་རིམ་གྱིས་རྒྱ་ནག་ཏུ་བབ་ནས་རྒྱ་མཚོར་འབབ་ཀྱིན་ཡོད།
དེ་འདྲར་སོང་རྐྱང་ཚ་ནས་གཏེར་ཁ་བསྔོགས་འདོན་བྱས་པའི་དུག་ཆུ་འདི་ཡང་མི་དང་སེམས་ཅན་དུ་འགྲོ་སོགས་ཀྱི་ཁར་སོང་ན་གནོད་འཚེ་ཚབས་ཆེན་ཡོད་པ།
།
ལས་ཀ་བྱེད་མཁན་གྱི་རྒྱ་རིགས་དེ་ཚོས་བརྗོད་པ་དེ་སྔོན་ཁོ་བོ་བོད་དུ་ཡོད་སྐབས་གོ་ཐོས་བྱུང་།
ད་དུང་གཏེར་ཁ་བསྔོགས་འདོན་ཡང་རྐྱང་ཚ་གཅིག་བུ་མིན་པར། འབྲེང་བ་དང་། གཡི་བ།
བྲག་སྒམ་པ།
ད་ལྟའི་འབྲུག་ཆུ་རྫོང་འདི་ནའང་གསེར་གྱི་གཏེར་ཁ་བསྔོགས་འདོན་བྱེད་ཀྱིན་ཡོད་པ་ཡང་གོ་ཐོས་བྱུང་།
དེ་དག་ལས་གཞི་རྒྱ་ཆེ་ཤོས་ནི་རྐྱང་ཚའི་གཏེར་ཁ་བསྔོགས་འདོན་གྱི་ལས་གཞི་འདི་ཆགས་སྡད་ཡོད།
། གཏེར་ཁ་བསྔོགས་འདོན་གྱི་ལས་ཀ་བྱས་པ་དེ་ནས་བཟུང་རྐྱང་ཚའི་ཡུལ་ཁམས་ལ་མཚོན་ན།
བཀྲ་མི་ཤིས་པའི་རྟགས་མཚན་མང་པོ་ཐོན་ཡོད།
དཔེར་ན་མི་ཕྱུགས་ལ་ཡུལ་གཞན་ན་མེད་པའི་ན་ཚའང་བྱུང་དང་འབྱུང་བཞིན་པ་རེད།

དེ་ནས་ཤིང་ནགས་གཅོད་འབྲེག་གི་ཆ་ནས་བརྗོད་ནའང་ཐེ་བོ་སྟོད་སྨད་བར་གསུམ་གྱི་ཤིང་ནག་བརྒྱ་ཆའི་བརྒྱ་ཅུ་རྒྱ་ནག་ཕྱོགས་སུ་དབོར་འདྲེན་བྱས་ཟིན་པ་རེད།
ཤིང་ནགས་དང་གཏེར་ཁ་དབོར་འདྲེན་བྱེད་ཆེད་ལམ་བཟོ་སོགས་ཀྱིས་ཐེ་བོ་སྟོད་སྨད་བར་གསུམ་གྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། མཐོ་སྒང་གི་ཤིང་ནགས་གཅོད་འབྲེག་ཚད་ལས་བརྒལ་བ་བྱས་ན་རང་བཞིན་གྱིས་སྨད་ཀྱི་ཕྱོགས་སུ་ཆུའི་འཇིག་པ་ཡོང་གི་ཡོད་པ་དེ་སྔོན་འཛམ་གླིང་གི་ཁོར་ཡུག་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་བརྗོད་པ་ག་ཐོས་བྱུང་།
།
དེ་བཞིན་ཐེ་བོ་སྟོད་སྨད་བར་གསུམ་ནས་ཤིང་ནགས་གཅོད་འབྲེག་ཚད་ལས་བརྒལ་བ་བྱས་ནས་ད་ལྟའི་ཆར་ང་ཚོའི་ཡུལ་གྱི་ལུང་པ་ཕལ་མོ་ཆེའི་ཤིང་ནགས་རྫོགས་ཚར་ཡོད།
རིའི་ཁོག་གི་གཏེར་ཁ་མེད་པ་བཟོས།
ཕྱིའི་ཁོར་ཡུག་གི་ཤིང་ནགས་དེ་ཚོ་མེད་པ་བཟོས་པ་དེས་ད་རེས་ཀྱི་འབྲུག་ཆུའི་ས་ཁུལ་གྱི་དོན་རྐྱེན་འདི་བྱུང་བ་རེད་སྙམ།
ང་ཚོའི་ཡུལ་ཁམས་འདི་ནི་མི་ཞིག་ལ་མཚོན་ན་ལུས་ཟུང་མ་ཚང་བ་དང་གཅིག་མཚུངས་རེད།
མི་ལ་ལུས་ཟུང་བདུན་ཡོད་པ་ལས་གང་རུང་ཞིག་ལ་སྐྱོན་བྱུང་ན་བློ་བུར་དུ་ས་ལ་འགྱེལ་འགྲོ་བ་དེ་འདྲ་ཡོང་གི་ཡོད་པ་ལྟར།
ད་རེས་འབྲུག་ཆུའི་ས་ཁུལ་ལའང་ཏན་ཏན་རྒྱུ་རྐྱེན་མང་པོ་ཞིག་ཚོགས་ནས་བྱུང་བ་རེད་སྙམ།
ད་དུང་མ་འོངས་པར་ང་ཚོའི་ཡུལ་ཁམས་དེ་ཚོར་དོན་རྐྱེན་འདི་འདྲའི་རིགས་མི་འབྱུང་བའི་ངེས་པ་མེད།
དེས་ང་ཚོ་ཐེ་བོ་མི་མང་གིས་ངེས་པར་དུ་དེའི་ཐོག་དོ་སྣང་བྱས་ཏེ་དངོས་ཡོད་ཀྱི་གནས་ཚུལ་རྣམས་རྩད་འཚོལ་བྱས་ཏེ་ངེས་པར་དུ་རྒྱལ་སྤྱིའི་ཐོག་བཏོན་ཐུབ་པ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་སེམས།
།
ཡང་འབྲུག་དཀར་གཙང་པོའི་བརྒྱུད་ཀྱི་ཆུ་བོ་བཀག་བསྐྱིལ་བྱས་ཏེ།
གློག་ཁང་སྟོང་ཕྲག་བརྒལ་བ་རྒྱབས་ཡོད་པ་ཉེ་ལམ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་བསྒྲགས་པ་གོ་ཐོས་བྱུང་།
དེ་བཞིན་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བ་ལ་ཡང་།
ཐེ་བོའི་སྒུར་འགོ་པེ་ཆུང་ཟེར་པའི་གློག་ཁང་དང་།
སྟག་རྭའི་ཆུ་དཀར་གདོང་སྣེ་སོགས་སུ་གློག་ཁང་གཞི་རྒྱ་ཆེན་པོ་བརྒྱབ་འདུག
མདོར་ན་གོང་དུ་བརྗོད་པའི་གནས་ཚུལ་འདི་ཚོས་རྒྱུ་དང་རྐྱེན་བྱས་ཏེ།
འབྲུག་ཆུ་རྫོང་ལ་ད་རེས་རྐྱེན་ངན་གོད་ཆག་འདི་ལྟ་བུ་བྱུང་པ་རེད་སྙམ།

འབྲུག་ཆུ་རྫོང་ནིི་ཐེ་བོ་སྨད་ཀྱི་ཆར་གཏོགས་ཤིང་།
དེ་སྔོན་བོད་ཀྱི་ས་ཁུལ་སྙོན་མེད་ཅིག་ཡིན་ཀྱང་།
ད་ལྟའི་ཆར་རྒྱ་རིགས་མང་པོ་ས་ཁུལ་དེར་གནས་སྤོ་བྱས་པའི་རྐྱེན་གྱིས་ས་ཁུལ་དེའི་བོད་རིགས་རྣམས་གྲངས་ཉུང་མི་རིགས་སུ་གྱུར་ཡོད་ཀྱང་།
ཁོང་ཚོའི་སེམས་ནང་བོད་རིགས་ཡིན་བསམ་པའི་འདུ་ཤེས་དེ་ཤུགས་ཆེན་པོ་ཡོད་མཁན་ཞིག་རེད།
འདས་པའི་ལོ་རྒྱུས་ནང་ལ་བལྟས་ཀྱང་ཕྱི་ལོ་༡༩༥༨ལོར་ཡང་རྒྱ་ནག་དམར་ཕྱོགས་ཀྱིས་བོད་ལ་བཙན་འཛུལ་བྱེད་འགོ་བརྩམས་དུས་ཐེ་བོ་སྨད་ཀྱི་འ་ཞ་དང་།
རྡོ་ར་སོགས་ཀྱི་དམག་གི་རུ་ཁག་མང་པོས་རྒྱ་དམག་ལ་འགོག་རྒོལ་དང་འཐབ་འཁྲུགས་ཤུགས་ཆེན་པོ་བྱས་པའི་ལོ་རྒྱུས་ཡོད་ཅིང་།
། ད་དུང་རྒྱ་བོད་ས་མཚམས་ཀྱི་མཐེ་ཆེན་བྲག་སྒོ་ཟེར་པ་དེ་ཡང་ས་ཁུལ་འདི་དང་ཉེ་སར་ཡོད།
གནད་དོན་འདིའི་ཐོག་ནས་ཧ་གོ་དགོས་པ་ཞིག་ནི།
འབྲུག་ཆུ་རྫོང་དང་འབྲུག་དཀར་གཙང་པོའི་རྒྱུད་ན་གནས་འཆའ་མི་རིགས་འདིས།
བོད་ཀྱི་ལོ་རྒྱུས་ནང་གལ་ཆའི་རང་བཞིན་ཅན་གྱི་གནས་བབ་ཞིག་བཟུང་ཡོད།
དཔེར་ན་མི་རིགས་འདིས་འབྱུང་ཁུངས་ཀྱི་ཆ་ནས་བོད་བཙན་པོས་རྒྱ་བོད་ཀྱི་ས་མཚམས་སྲུང་མཁན་ལ་བཏང་པའི་རིགས་རྒྱུད་རིམ་པར་འཕེལ་བ་ཞིག་རེད།
ཆོས་ལུགས་ཀྱི་ཆ་ནས་བལྟས་ནའང་བོད་ཀྱི་གདོད་མིའི་བོན་ཆོས་དང་།
ནང་པ་གཉིས་ཀ་ཡོད་པ་ཞིག་རེད།
ཡུལ་སྲོལ་གོམ་གཤིས་ཀྱི་ཆ་ནས་ཀྱང་བོད་རང་གི་མནའ་བོའི་མིི་རིགས་ཀྱི་གོམ་གཤིས་མ་དོར་བར་གནས་ཡོད་པ་ཞིག་རེད།
འོན་ཀྱང་ཁག་ཅིག་གིས་འབྲུག་ཆུ་རྫོང་འདི་བོད་ཡིན་མིན་གྱི་ཐོག་དོགས་པ་བྱེད་མཁན་ཡང་རེ་ཟུང་ཡོང་གི་ཡོད་ཚོད་འདུག
ག
དེ་ནི་དོགས་པ་བྱེད་དགོད་པ་ཞིག་གཏན་ནས་མེད་པར་བོད་རིགས་ཁེ་གཙང་ཡིན་མིན་ལ་ཐེ་ཚོམ་བྱེད་མི་དགོས་པ་རེད།
རྒྱུན་མཚན་གོང་དུ་བརྗོད་པ་ལྟར་རེད།
དེ་ནས་འབྲུག་ཆུ་རྫོང་ཟེར་པའི་ཚིག་འདི་དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་མེད་ཅིང་།
རྒྱ་དམར་གྱིས་བོད་ས་བཙན་གྱིས་ཕྲོག་པ་དེ་ནས་བཟུང་ཐེ་བོ་སྟོད་སྨད་བར་གསུམ་འདི་རྫོང་ཁག་མང་པོར་བགོས་ཏེ།
ཁག་ཅིག་ཀན་སོ་དང་། ཁག་ཅིག་ཟི་ཁྲོན་གྱི་ཁོངས་སོ་སོར་བཀྲམ་བཞག་པ་ཞིག་རེད།
དེ་བཞིན་འབྲུག་དཀར་གཙང་པོ་ཞེས་པ་འདི་ཡང་ཕྱིས་སུ་བྱུང་བའི་ཚིག་གསར་པ་རེད།
མདོ་སྨད་ཆོས་འབྱུང་ནས་གསུང་སྟངས་ལྟར་ན་ད་ལྟའི་འབྲུག་ཆུ་ཟེར་པ་འདི་ལ་ཐེ་ཆུ་ཞེས་པའི་ཚིག་འདི་བད་སྤྱོད་གཏོང་གི་ཡོད།
གང་ལྟར་མདོ་སྨད་ལྷོ་རྒྱུད་ཀྱི་ཆར་གཏོགས་པ་ཞིག་རེད།

མཇུག་མཐར།
འབྲུག་ཆུ་རྫོང་གི་ད་རེས་ཀྱི་རྐྱེན་ངན་གོད་ཆགས་འདིའི་ཁྲོད་ནས་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་དམིགས་ནས།
ང་ཚོ་བལ་ཡུལ་དུ་གནས་སྡོད་མདོ་སྨད་ཐེ་བོ་ཕྱོགས་ཀྱི་མི་ལྔ་ཙམ་ལས་མེད་ཀྱང་རང་དང་ཡུལ་ལུང་གཅིག་པའི་འདུ་ཤེས་མ་དོར་བར་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་རྣམ་པར་ཞུས་ཏེ།
། ང་ཚོ་མཉམ་རུབ་ཀྱི་ཐོག་ནས། འདི་ཟླའི་ཚེས་༢༡སྟེ།
བདུན་ཚིག་གཉིས་པ་དང་སྟབས་སྟུན་འདས་པོ་རྣམས་ཀྱི་ཆེད་མ་ཎི་སྨོན་ལམ་དང་།
མཆོད་མེ་སྟོང་མཆོད་ཕུལ་ཡོད་ཅིང་།
ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་བསྐྱེད་བཅས་མཚོན་ཆེད།
བལ་ཡུལ་ཁུལ་གྱི་སེར་སྐྱ་མང་ཚོགས་ལྔ་བརྒྱ་བརྒལ་བ་འདུ་འཛོམ་བྱས་ཏེ།
སྔ་དྲོའི་ཆུ་ཚོད་༩ནས་ཕྱི་དྲོའི་ཚོུད་༤/༣༠བར་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་ཚོགས་ཡོད་པ་བཅས་སོ།།

རྩོམ་རིག

Post navigation

Previous Post: བོད་ནང་གི་སློབ་གསོ།
Next Post: འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས།

Comments (5) on “འབྲུག་ཆུ་རྫོང་གི་རྐྱེན་ངན་གོད་ཆགས་འདི་རྒྱུ་མེད་རྐྱེན་མེད་ལས་བྱུང་ཞིག་མིན།”

  1. ཐེ་བོ་རྫ་ར་ཁོག་པ་ནས། says:
    2010-08-27 at 5:10 am

    གྲགས་པ་ལགས་ཡག་པོ་བྲིས་འདུག་ལ་ང་ཚོ་ནི་མཐའ་མཚམས་ཀྱི་ཕ་ཉ་ལྟ་བུ་ཆགས་འདུག་པས་མུ་མཐུད་དེ་རྩོམ་ཡིག་སྤེལ་རོགས།

  2. བཀྲ་ཤིས་དོན་གྲུབ། says:
    2010-08-27 at 7:08 am

    མི་མང་པོ་ཞིག་གིས་ཟེར་ན་འདི་ལས་རེད། ལས་མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་འཛའ་བ་རེད་ཟེར།

  3. ་གྲགས་པ་ says:
    2010-08-28 at 6:39 am

    གྲགས་པ་ནས།

    བཀྲ་ཤིས་ལགས། རེད་ཏན་ཏན་ལས་ཡིན་པ་འདྲ། ཡིན་ནའང་ང་ཚོས་ཡོད་ཚད་ལས་ཀྱིས་མནར་པ་རེད་ལབ་རྐྱང་བྱས་ན་ཨེ་འགྲིག་་་་་་་་་སྙམ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གཉིས་ཀ་མ་ཚོགས་ན་ལས་དེ་འགྲུབ་དཀའ་སེ་རེད།

  4. ་གྲགས་པ་ says:
    2010-08-28 at 6:50 am

    གྲགས་པ་ནས།
    བཀྲ་ཤིས་ལགས། རེད། ཕྱོགས་གཅིག་ནས་བལྟས་ན་ལས་རེད། ཡིན་ནའང་ང་ཚོས་ཡོད་ཚད་ལས་ཀྱིས་མནར་པ་རེད་ལབ་རྐྱང་བྱས་ན་ཨེ་འགྲིག་སྙམ། ལས་ལ་འབྲས་བུ་ཁ་ཤས་ཡོད་པ་རེད། ཨོ་ན་འདི་ཚོ་ལས་གང་ཞིག་གི་འབྲས་བུ་གང་རེད་ལབ་ན་ལན་གང་རྒྱག ལས་དེ་དང་དེའི་འབྲས་བུ་འབྱུང་བ་ལ་ཏན་ཏན་འཕྲལ་གྱི་རྐྱེན་ལའང་རག་ལས་དགོས་པ་རེད་སྙམ།

  5. བཀྲ་ཤིས་དོན་གྲུབ། says:
    2010-08-29 at 2:47 pm

    འདི་རྒྱུ་འབྲས་གོ་ལྡོག་གི་ལས་རེད། ཆགས་སྒོ་སྣ་འདྲེན་གྱི་ལས་རྒྱ་གཞུང་གིས་བྱས་པ་རེད་དེ་འབྲས་བུ་ང་ཚོར་སྨིན་པ་རེད། ད་དུང་ལྷ་བླ་གང་རུང་གིས་སྔོན་བསག་གི་ལས་རེད་ཅེས་གསུང་གི་ཡོད་སྟབས། ངས་འདི་རྒྱུ་འབྲས་གོ་ལྡོག་གི་ལས་རེད་ཅེས་ལམ་རིམ་གྱི་དགོངས་པ་ལྟར་འབྲེལ་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme