Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་ཐའེ་ཝན་དུ་དད་ལྡན་སྟོང་ཕྲག་ལྷག་ལ་མ་ཧཱ་གུ་རུའི་བཀའ་དབང་གནང་བ།

Posted on 2022-11-092022-11-09 By ཁ་བརྡ 1 Comment on འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་ཐའེ་ཝན་དུ་དད་ལྡན་སྟོང་ཕྲག་ལྷག་ལ་མ་ཧཱ་གུ་རུའི་བཀའ་དབང་གནང་བ།

 
གསར་འགྱུར་མཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ། 
 
 
དེ་ཡང་སྤྱི་ལོ་༢༠༢༢ ཟླ་བ ༡༡ པའི་ཚེས་༦ ཉིན། ཐའེ་སྡོད་བོད་རིགས་ཚོགས་པ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཐུན་མོང་གིས་གསོལ་བ་བཏབ་པ་བཞིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་བཙུན་མ་སོགས་དགེ་འདུན་པ་བདུན་ཅུར་ཉེ་བ་དང་། ས་གནས་བོད་རིགས། དེ་བཞིན་ཐའེ་ཝན་གྱི་རྒྱ་བརྒྱུད་ནང་པའི་དགེ་འདུན་པ་དང་དད་ལྡན་བཅས་སྐྱ་སེར་གཅིག་སྟོང་ལྷག་ལ་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་གུ་རུ་ཞི་བའི་སྨིན་དབང་གནང་ཡོད།
 
དེ་ཡང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ཐོག་མར་ཞིབ་འཇུག་ཚོགས་དང་། ས་གནས་བོད་རིགས་མཐུན་ཚོགས་ཐུན་མོང་གིས་མཛད་རིམ་འདི་བཞིན་གོ་སྒྲིག་དགོས་པའི་རྒྱུ་མཚན་དང་འབྲེལ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་བཀའ་དབང་དང་འབྲེལ་བའི་གཏམ་བཤད་དང་། ༧སྐྱབས་མགོན་མཆོག་གིས་ཐུགས་བརྩེ་ཆེན་པོས་བཀའ་དབང་སྩོལ་གནང་མཛད་རྒྱུའི་ཞལ་བཞེས་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུའི་འཚམས་འདྲི་གྲུབ་རྗེས། བཀའ་དབང་ལ་དངོས་སུ་ངོ་བཅར་ཞུས་ཡོད་པའི་ཞིབ་འཇུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ། ལྷ་རམས་པ་ཧ་ཤེན་རིན་པོ་ཆེ། དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ། བཀྲ་ཤིས་རིན་པོ་ཆེ།   སྒྲུབ་དཔོན་བསོད་ནམས་ཉི་མ། དགེ་བཤེས་ཐུབ་བསྟན་ནོར་བུ། མཁན་པོ་ཚེ་དབང་རིག་འཛིན། བླ་མ་ཡོན་ཏན་རིན་པོ་ཆེ། སློབ་དཔོན་ཡེ་ཤེས་རབ་རྒྱས་བཅས་འགན་འཛིན་ཐུན་མོང་ནས་མཎྚལ་དང་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། 


དེ་ནས་རིན་པོ་ཆེས་བཀའ་དབང་དངོས་སུ་དབུ་འཛུགས་གནང་ཞིང་། བཀའ་དབང་གི་མཇུག་ཏུ་ཐའེ་ཝན་སྐུ་ཚབ་དོན་གཅོད་སྐུ་ངོ་འབའ་བ་བསྐལ་བཟང་རྒྱལ་མཚན་དང་། བོད་རིགས་ཚོགས་པའི་ཚོགས་གཞོན་བསྟན་འཛིན་རྣམ་དག་སོགས་དང་། ཞིབ་འཇུག་ཚོགས་པའི་ལས་བྱེད་པ་བཅས་ཀྱིས་ཐའེ་ཝན་གནས་བཞུགས་བོད་རིགས་མི་མང་དང་འབྲེལ་ཡོད་ཚོགས་པ་བཅས་ཀྱི་ཚབ་ཞུས་ནས་གཏང་རག་གི་མཎྚར་འདེགས་འབུལ་ཞུས། 


མཐར་༧སྐྱབས་མགོན་མཆོག་གིས་ཀྱང་འདུས་མང་ཡོངས་ལ་དབང་འགྲིམ་བྱིན་རླབས་དང་བཀའ་སློབ་བཀའ་དྲིན་བསྐྱངས་རྗེས་ཐེངས་འདིའི་བཀའ་དབང་ལེགས་པར་མཇུག་དྲིལ་བར་མ་ཟད། བདུན་ཕྲག་རྗེས་མར་ཡང་བསྐྱར་༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དངོས་སུ་དབུ་བཞུགས་ཀྱིས་ཐེངས་གཉིས་པའི་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་དངོས་སུ་འཚོགས་རྒྱུ་ཡིན་པ་རེད།

དེ་ཡང་ཐེངས་འདིར་དམིགས་བསལ་གྱི་གུ་རུའི་བཀའ་དབང་ཞིག་གོ་སྒྲིག་ཞུ་དོན་གཙོ་བོ་ནི། ལོ་སྔ་མ་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཕལ་མོ་ཆེ་ནང་བཞིན། ཐའེ་ཝན་གྱི་ས་གནས་འདིར་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་དེ་ཉིད་ཞིབ་འཇུག་ཚོགས་པ་དང་བོད་རིགས་མཐུན་ཚོགས་ཐུན་མོང་གི་འབད་བརྩོན་བཞིན་དབུ་འཛུགས་ཞུས་ཟིན་ན་ཡང་། གོ་སྒྲིག་ཚོགས་པའི་ངོས་ནས་འབུམ་ཚོགས་འདི་ཉིད་གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་དམིགས་བསལ་གྱི་ཆོ་ག་ཞིག་ཡིན་པའི་ཆ་ནས་ཚོགས་ཞུགས་གནང་མཁན་རྣམ་པར་དམིགས་བསལ་གུ་རུའི་སྨིན་དབང་ཐོབ་དགོས་རྒྱུ་གལ་ཆེན་དུ་གཟིགས་ཐོག །དེ་ཡང་ཆོས་བརྒྱུད་རིས་སུ་མ་ཆད་པས་ཚད་མཐོའི་ངོས་ལེན་དང་གུས་བཀུར་ཞུ་ཡུལ་དང་། དེ་ཡང་ཆོས་ཕྱོགས་ནས་དམིགས་བསལ་གསང་སྔགས་ཀྱི་དབང་ཞུ་ཡུལ་དུ་ཐུན་མོང་གིས་ངོས་ལེན་དང་དད་གུས་ཞུ་ཡུལ་ཞིག་ལས་དབང་ཞུ་ཐབས་དགོས་རྒྱུར་བསམ་ཚུལ་གཅིག་མཐུན་གྱིས་༧འབྲི་གུང་སྐྱབས་མགོན་རིན་པོ་ཆེར་གསོལ་བ་འདེབས་རྒྱུར་མོས་མཐུན་གཅིག་གྱུར་བྱུང་བ་ལྟར་གསོལ་བ་བཏབ་པ་ཞིག་ཡིན། 


དེ་བཞིན་ཐེངས་འདིར་བཀའ་དབང་ལ་དམིགས་བསལ་ཐོ་འགོད་ཀྱི་བརྒྱུད་རིམ་ཁྲོད་དུའང་ས་གནས་ཀྱི་བོད་རིགས་བརྒྱ་ཆ་དགུ་བཅུ་ཙམ་གྱིས་དངོས་སུ་ཐོ་འགོད་ཞུས་ཡོད་པས་མཉམ་ཞུགས་ཞུ་མཁན་ཚད་མཐོ་ཤོས་ཆགས་པར་མ་ཟད། ཐའེ་བཞུགས་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་མཁན་སྤྲུལ་དགེ་བཤེས་ཧ་ཅང་མང་པོ་ཞིག་གིས་དགའ་དད་སྤྲོ་གསུམ་གྱིས་བཀའ་དབང་ལ་ཆེད་བཅར་ཞུས་ཡོད་པ་ནི་ངེད་ཅག་གོ་སྒྲིག་ཚོགས་པའི་ངོས་ནས།

གཅིག་ཏུ། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ཡིན་ཕྱིན། རང་རེའི་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དག་ནི་ཆོས་ཀྱི་རྗེས་སུ་འབྲངས་པའི་དད་གུས་ཀྱི་བློ་མིག་སྤྱད་དེ་ཕྱོགས་རིས་མེད་པའི་མཛད་བཟང་སྐྱོང་མཁན་ཡིན་པའི་ཚོར་སྣང་ཤུགས་ཆེར་བསྐྲུན་ཡོད་པ་དང་།

གཉིས་སུ། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་སོགས་རྩ་བའི་བླ་མ་རྣམས་ཀྱི་བཀའ་དྲིན་ལས་རང་རེའི་ཆོས་བརྒྱུད་བར་གྱི་དད་པ་དང་དག་སྣང་། ཁྱད་པར་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དག་གི་མཐུན་ལམ་དང་དམ་ཚིག་ལ་མིག་དཔེ་གལ་ཆེན་ཞིག་གཏོད་གནང་མཛད་ཡོད་པ་དང་། 

གསུམ་དུ། ༧འབྲི་གུང་སྐྱབས་མགོན་རིན་པོ་མཆོག་ལ་ཆོས་བརྒྱུད་བྱེ་བྲག་པ་ཙམ་མིན་པར་བོད་ཀྱི་ཆོས་བརྒྱུད་རིས་མེད་དང་མི་མང་སྤྱི་ཡོངས་ནས་དད་བཀུར་ཆེན་པོ་ཞུ་བཞིན་ཡོད་པ་མཚོན་ཡོད་པར་ངོས་འཛིན་ཀྱང་ཞུ་བཞིན་ཡོད།

ད་དུང་ས་གནས་ཀྱི་རྒྱ་བརྒྱུད་ནང་པའི་དགེ་འདུན་པ་ཁོ་ནའང་ལྔ་བཅུ་ལྷག་ཅིག་སྐབས་འདིའི་བཀའ་དབང་ལ་ཆེད་བཅར་ཞུས་ཡོད་འདུག །

གསར་འགྱུར།

Post navigation

Previous Post: ཉིན་གཅིག་གི་མཐོང་སྣང་། (ཞར་བཀོད་བཞི)
Next Post: བོད་དོན་བདེན་མཐའ་གསལ་བ་ལ་བོད་ཕྲུག་ཚོར་ཤེས་ཡོན་གལ་ཆེ་བའི་ཀ་བཤད།

Comments (1) on “འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་ཐའེ་ཝན་དུ་དད་ལྡན་སྟོང་ཕྲག་ལྷག་ལ་མ་ཧཱ་གུ་རུའི་བཀའ་དབང་གནང་བ།”

  1. ཀླུ་སྨྱོན། ཧེ་རུ་ཀ says:
    2022-11-10 at 11:02 am

    བཀོད་སྒྲིག་པ་ཚོར་ཞུ་རྒྱུར།
    རིན་པོ་ཆེའི་གསོལ་ཅོག་སྟེང་དུ་ཅོག་ཙེ་ཟུར་བ་དེང་རབས་གསར་བཟོ་འཇོག་བདེ་ལྗིད་ཚད་ཡང་བ་དེ་འདྲ་མཐོ་ཙམ་ཞིག་འཇོག་རོགས། དེ་ལྟར་བྱས་ཚེ་ཁོང་གི་སྐུ་གཟུགས་ཐུར་དུ་དེ་ཙམ་སྒུར་མི་དགོས་པར། སྤྱན་གྱིས་ཐད་ཀར་ཕྱག་དཔེ་ལ་གཟིགས་ཆོག་པ་ཞིག་འདུག གཞན་བཀོད་སྒྲིག་ཚང་མ་ཧ་ཅང་འཐུས་ཚང་དུ་མཐོང་། ངོ་སོ་དགུང་དུ་བསྟོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme