Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲས་སྤུངས་དགོན་པའི་དགེ་བསྐོས་དང་དཔེ་འཁྲིད་དགེ་རྒན་གཉིས་ལ་ཚེ་བཙོན་དང་ ལོ་ཉེར་ཤུའི་ཁྲིམས་ཐག་བཅད་ཡོད་པ།

Posted on 2010-10-082010-10-08 By བེ་རི་འཇིགས་མེད 17 Comments on འབྲས་སྤུངས་དགོན་པའི་དགེ་བསྐོས་དང་དཔེ་འཁྲིད་དགེ་རྒན་གཉིས་ལ་ཚེ་བཙོན་དང་ ལོ་ཉེར་ཤུའི་ཁྲིམས་ཐག་བཅད་ཡོད་པ།

— འབྲས་སྤུངས་དགོན་པའི་དགེ་བསྐོས་དང་དཔེ་འཁྲིད་དགེ་རྒན་གཉིས་ལ་ཚེ་བཙོན་དང་
ལོ་ཉེར་ཤུའི་ཁྲིམས་ཐག་བཅད་ཡོད་པ།
འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། ༢༠༠༨ ལོར་ཆབ་སྲིད་དོན་རྐྱེན་དབང་གིས་འཇུ་བཟུང་བྱས་པའི་འབྲས་སྤུངས་དགོན་པའི་དགེ་འདུན་ཁྲོད་ནས་ཤེས་རྟོགས་བྱུང་བར་དགེ་བསྐོས་འཇམ་དཔལ་དབང་ཕྱུག་དང༌། དགེ་རྒན་དཀོན་ཅོག་ཉི་མ་གཉིས་ལ་ཁག་སོ་སོར་ཚེ་བཙོན་དང༌། མི་ལོ་ ༢༠ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་གྲངས་ ༣༥༠ ཙམ་ནས་དགོན་པས་འགོ་འཛུགས་ཀྱིས་ལྷ་སར་ཞི་རྒོལ་བྱེད་པར་གོམ་མགྲོད་བྱེད་པའི་སྐབས་ལམ་བར་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་བཀག་སྡོམ་བྱས་པ་དང༌། དགེ་འདུན་པ་ཚོས་མུ་མཐུད་དེ་ཞི་རྒོལ་བྱས་ཏེ་རང་སར་ཟས་བཅད་ངོ་རྒོལ་གནང་སྟེ་མཐར་དགེ་འདུན་པ་ཁག་ཅིག་འཇུ་བཟུང་བྱས་པ་དང༌། དེ་ཕྲོད་རྣམས་ཉེན་རྟོག་པས་བཙན་འཁྲིད་ཀྱིས་རླངས་འཁོར་ནང་བཅུག་སྟེ་དགོན་པར་ཕྱི་སྐྱེལ་བྱས་ཡོད་པ་རེད།

དེ་རྗེས་ཉེན་རྟོག་པས་དགོན་པར་དམ་དྲག་དང་དགེ་འདུན་མང་པོར་དྲི་རྩད་མང་པོ་བྱས་ཏེ་སྔ་རྗེས་སུ་དགོན་པ་ནས་དགེ་འདུན་མང་པོ་འཇུ་བཟུང་བྱས་པ་དང༌། ཁམས་དང་ཨ་མདོ་ཁུལ་ནས་ཡིན་པའི་དགེ་འདུན་པ་རྣམས་ཀྱང་འཇུབཟུང་གིས་རང་སོའི་ཕ་ཡུལ་ལ་བཙན་སྐྱེལ་བྱས་ཏེ་ས་གནས་སྤྱི་བདེ་ཚན་པར་རྩིས་སྤྲོད་བྱས་ཡོད་པ་རེད།

དགེ་བསྐོས་འཇམ་དཔལ་དབང་ཕྱུག་དང༌། དགེ་རྒན་དཀོན་ཅོག་ཉི་མ་གཉིས་ཀྱང་༢༠༠༨ ལོའི་ཟླ་ ༤ ཚེས་ ༡༡ ཉིན་དགོན་པ་ནས་འཇུ་བཟུང་བྱས་པ་དང༌། འའཇུ་བཟུང་བྱས་པའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་གཞན་དང་འདྲ་བར་གར་སོང་ཆ་མེད་དུ་འགྱུར་ཡོད་ཅིང༌། ༢༠༡༠ ལོའི་ཟླ་ ༦ ནང་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང༌། དེ་བཞིན་དཔེ་འཁྲིད་དགེ་རྒན་དཀོན་ཅོག་ཉི་མར་དུས་བཀག་བཙོན་འཇུག་ལོ་ ༢༠ བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་སྐོར་གསལ་བསྒྲགས་ཙམ་ལས་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མེད་པ་རེད།

འཇམ་དཔལ་དབང་ཕྱུག། སྐྱ་མིང་ཚེ་འཕེལ། རང་ལོ་ ༥༡ ཡིན་པ་དང༌། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་ཕན་པོ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ནས་ཡིན་པ་རེད། ༡༩༨༢ ལོར་འབྲས་སྤུངས་དགོན་དུ་གྲ་པ་གནང་བ་དང་དཔེ་ཆ་སློབ་གཉེར་གནང་སྟེ་མཐར་སོན་ཡོད་པ་དང༌། ད་ལྟ་དགོན་པའི་དགེ་བསྐོས་ལས་གནས་འཁུར་བཞིན་ཡོད། དགེ་རྒན་དཀོན་ཅོག་ཉི་མ། རང་ལོ་ ༤༡ སྐྱེས་ཡུལ་ཨ་མདོ་མཛོད་དགེ་རྫོང་ཛ་རི་ཤང་ནས་ཡིན་པ་པ་རེད།

༢༠༠༨ ལོར་འབྲས་སྤུངས་དགོན་ནས་འཇུ་བཟུང་བྱས་པའི་ཁོངས་ནས་དགེ་འདུན་པ་བཞི་བཅུ་ལྷག་ཙམ་ལ་ཁྲིམས་ཆད་བཏང་ཡོད་པ་དང༌། དེའི་ཁྲོད་ནས་ངག་དབང་ཆོས་ཉིད་དང༌། ངག་དབང་གསེར་མདོ། ཟ་ཁང་གི་གཉེར་པ་མ་ཆེན་རྒྱག་པ་སོགས་འཆི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་ད་ལྟ་ཡང་གར་སོང་ཆ་མེད་དུ་འགྱུར་ཡོད་པ་དང༌། དེ་དག་ཁྲོད་ནས་གྲ་རྒྱལ་པོ་བཙོན་ཁང་ནང་མནར་གཅོད་དབང་གིས་ ༢༠༠༩ ལོའི་ཟླ་ ༨ ནང་རྐྱེན་འདས་སུ་འགྱུར་རྗེས་ཕུང་པོ་ནང་མིར་རྩིས་སྤྲོད་བྱས་ཡོད་པ་རེད།

འབྲས་སྤུངས་དགོན་པར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང༌། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞིག་དང༌། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཞིག ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞིག་བཅས་ཀྱི་འགོ་འཁྲིད་པའི་ལས་དོན་རུ་ཁག་མི་གྲངས་ ༦༠ ཙམ་དགོན་པར་རྒྱུན་སྡོད་བྱས་ཏེ་ཁྲིམས་ལིུགས་དྲིལ་བསྒྲགས་སློབ་གསོ་སྤེལ་བཞིན་བཞིན་ཡོད་པ་དང༌། དགོན་ལས་དོན་མཐའ་དག་ལ་སྟངས་འཛིན་དོ་དམ་བྱེད་ཀྱི་ཡོད་པ་མ་ཟད། ༢༠༠༩ ལོར་དྲག་ཆས་ཉེན་རྟོག་དཔུང་སྡེ་ཡང་མེ་ཟོན་ངོ་བོའི་ཐོག་དགོན་པར་གསར་འཛུགས་བྱས་ཏེ་དགོན་པའི་སྤྱི་བདེ་མངགས་གཏོང་ཁང་གི་ཉེན་རྟོག་པར་གཞོགས་འདེགས་བྱས་ཏེ་དགེ་འདུན་པ་ཚོར་དམ་དྲག་དང་དོ་དམ་ཤུགས་ཆེ་བྱེད་བཞིན་ཡོད་པ་བཅས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་༢༠༡༠།༡༠།༠༧ ཉིན་སྤེལ།

གསར་འགྱུར།

Post navigation

Previous Post: འོས་སྒམ་ཞབས་རྡོལ།
Next Post: ལིའུ་ཞའོ་པའོ་ལ་ནོ་བྷེལ་གཟེང་རྟགས་ཐོབ།

Comments (17) on “འབྲས་སྤུངས་དགོན་པའི་དགེ་བསྐོས་དང་དཔེ་འཁྲིད་དགེ་རྒན་གཉིས་ལ་ཚེ་བཙོན་དང་ ལོ་ཉེར་ཤུའི་ཁྲིམས་ཐག་བཅད་ཡོད་པ།”

  1. ཚངས་དབྱངས་། says:
    2010-10-08 at 11:15 am

    སྙིང་རྗེ། བོད་ནང་གི་གནས་སྟངས་ངོ་མ་འདི་འདྲ་རེད། ཕྱི་ལ་ཕྲ་ཕྲ་མཛེས་མཛེས། ནང་ལ་སྡུག་སྦྱོར་ཁྲག་སྦྱོར། རྒྱའི་སྲིད་འཇུས་ངོ་མ་འདི་ལྟར་ལགས། ད་ལམ་དབུ་མས་ཕན་མ་སོང་། འབྲེལ་མོལ་བྱས་པས་ཕན་མ་སོང་། ད་གང་གིས་ཕན། 

    བོད་གཞུང་གི་སྐུ་ཚབ་ཚོས་གནས་ཚུལ་འདི་དག་གསལ་པོ་གཟིགས་ནས་རྒྱ་ལ་བཀའ་མོལ་གནང་ཐུབ་ན་ལེགས། དེ་མིན། བོད་ནང་གི་དངོས་ཡོད་གནས་སྟངས་རྒྱང་ལ་བསྐྱུར་ནས། སོ་མའི་གནས་ཚུལ་ཞིག་རྟོག་བཟོ་བྱས་ནས་རྒྱ་ལ་འབྲེལ་བ་བྱས་ན། རྒྱལ་བ་དང་བོད་མི་ཐམས་བཅད་དགྲ་ལག་ཏུ་སྤྲོད་པའི་ངང་ཚུལ་ལས་མ་འདས།

    དོན་རྡོག་རྡོག་འདི། རྒྱ་ལ་གཟོན་དགོས། བློ་བོད་མི་དམངས་ལ་གཏོད་རོགས། ཕྱི་ལ་རེ་བ་ཆེན་པོ་མ་བྱེད། 

  2. གཙང་ཁའི་བུ says:
    2010-10-08 at 11:44 am

    ངོ་མ་སྙིང་ན་གི

  3. བསེ་རོང་འོད་ཟེར། says:
    2010-10-08 at 1:13 pm

    འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་རྒན་དཀོན་མཆོག་ཉི་མ་ལགས་ནི་མདོ་སྨད་ཐེ་བོ་གཟའ་རུ་དགོན་པའི་གྲྭ་པ་ཞིག་ཡིན། ཁོང་མདོ་སྨད་ཐེ་བོ་ནས་དབུས་ཁུལ་དུ་སློབ་གཉེར་ལ་ཕེབས་པའི་གྲྭ་རྐྱང་བཅོས་མ་ཡིན་ཞིག་ཡིན་ཡང་རྗེས་སུ་སྒོ་མང་གྲྭ་ཚང་གི་གཞོན་སྐྱེས་དགེ་ཤེས་ཕུལ་བྱུང་ཞིག་ཏུ་གྱུར།
    གོང་དུ་ཛ་རི་ཞེས་པའི་ཐ་སྙད་འདི་གང་ནས་མཇལ་བ་ཡིན་ནམ། ལོ་རྒྱུས་ཀྱི་ཡིག་ཚང་ཁག་ཏུ་ཐེ་བོ་གཟའ་རུ་ཞེས་འབོད་པ་མ་གཏོགས་ཛ་རི་ཞེས་པའི་ཐ་སྙད་མཐོང་མ་སོང་།

  4. ten zin pema says:
    2010-10-08 at 10:16 pm

    འབྲས་སྤུངས་དགོན་པའི་དགེ་བསྐོས་དང་དཔེ་འཁྲིད་དགེ་རྒན་རྣམ་གཉིས་ཀྱི་སྐུ་ཚེ་ཡིན་དུ་བརྟན་པར་ཤོག།

  5. སྨྱུ་གུ། says:
    2010-10-09 at 2:26 am

    འབྲས་སྤུངས་བའི་དགེ་བསྐོས་དང་དཔེ་དགེ་གཉིས་དེ་རིང་རང་མོན་སྒོ་ཀྲ་ན་འདུག

  6. ཨ་ནུ་ཐང་བསོད་ནམས། says:
    2010-10-10 at 6:40 am

    སྡུག་སྐད་རྒྱོབས། མི་རིགས་འདི་མ་ཚར་བར་དུ་སྡུག་སྐད་བརྒྱབས། གྲྲ་བ་དང་བཟོས་ནས་སྡུག་སྐད་བརྒྱབ་ཚེ་ལྷ་སྲུང་གིས་མགོན་སྐྱོབ་ཡོང་ངེས། ལྷ་སྲུང་གིས་མགོན་སྐྱོབ་ཐོབ་ཚེ་འཇིག་རྟེན་འདི་ལ་ཞེ་སྣང་ཅི། ལྷ་ལ་མི་ལས་མཐུ་ནུས་ཆེ་བས་མིས་སྤྲད་པའི་དཀའ་ངལ་འདི་དག་སྐད་ཅིག་ཉིད་དུ་གྲོལ་ངེས་ཡིན། བོད་ལ་ལྷ་སྲུང་ཡོད་པས་སྡུལ་ཕྲན་མཚོན་ཆ་དགོས་དོན་ཅི། ལྷ་ནི་སྡུལ་ཕྲན་མཚོན་ཆ་ལས་བཙན་ལ་བོད་མིས་ལོ་ངོ་གཅིག་སྟོང་ལྷག་མཆོད་ཅིང་རྔུལ་ཆུ་ཡིས་བཟོས་བའི་ལྷ་སྲུང་རྣམས་ཡོང་ཉེ་ལ། ཡོང་ཚེ་འཇིག་རྟེན་ཧྲུལ་པ་ཡ་མཚར་ཡུལ་དུ་བརྫང་ངེས་ཡིན། ངོ་སྒང་གི་བོད་པ། མཆོད། མུ་མཐུད་དུ་ལྷ་ལ་མཆོད། རྒྱལ་སྤྱིའི་རོགས་སྐྱོར་དགོས་དོན་ཅི། ལྷ་ཡོད་པས་ཕྱིར། མི་རིགས་འདི་མ་རྫོགས་བར་དུ་གྲྭ་བ་བཟོས་ནས་མཆོད།

  7. ཨ་ནུ་ཐང་བསོད་ནམས། says:
    2010-10-10 at 6:44 am

    མཆོད་མཆོད་་་ལྷ་ལ་མཆོད། ཀི་ཀི་སྭ་སྭ་ལྷ་རྒྱལ་ལོ། ལྷ་ཡི་འཇིག་རྟེན་སྐྱོང་བ་ཤོག ལྷ་ཡིས་བོད་མི་སྲུང་བ་ཤོག སྲུང་སྲུང་་་་ད་ལྟ་ཉིད་དུ་སྲུང་བ་ཤོག ལྷ་ཡི་སྲུང་ནས་བོད་མི་ཡོད་ཚད་ལྷ་རུ་སྒྱུར་བ་ཤོག

  8. གཙང་ཁའི་བུ says:
    2010-10-10 at 9:27 am

    ཨ་ཁ་ཨ་ནུ་ཐང་། ངོ་མ་ཆོས་ཀྱི་ཤེས་ཚད་མེད་ཀི་ཡ། ཁ་སྔོན་བྲིས་པ་དེ་ཚོ་བརྗེད་འདུག་གམ། བདག་ཉིད་བདག་གི་མགོན་མ་ཡིན་ནམ། །ལྷ་ཡོད་པས་ང་ཚོར་རྡུལ་ཕྲན་མཚོན་ཆ་མི་དགོས་ན། རྒྱ་གར་དང་། ཨ་རི། ཨ་ཧྥུ་ག་ཎ་སུ་ཐན། པ་ཀན་སུ་ཐན་སོགས་ལ་རྡུལ་ཕྲན་མི་དགོས་པར་ཐལ། དེ་ཚོ་ཐམས་ཅད་ཀྱི་ལྷ་ཁས་ལེན་པའི། ཡང་ན་ལྷ་ཡིན་ན་ནང་བའི་ལྷ་ཡིན་དགོས་པའི་ཁྱབ་པ་ཀྱང་ཡོད་པར་ཐལ་ལོ། །

  9. Pingback: ཐེ་བོ འབྲས་སྤུངས་དགོན་པའི་རྒན་དཀོན་མཆོག་ཉི་མ། | ཐེ་བོ
  10. ཨ་ནུ་ཐང་བསོད་ནམས། says:
    2010-10-11 at 9:37 am

    ཡ་གཙང་བུ་ལགས།
    ལྷ་ཡིན་ན་ནང་པའི་ལྷ་ཡིན་དགོས་བའི་ཁྱབ་པ་མེད་ཀྱང་བོད་མི་མང་ཚོགས་ལ་མཚོན་ན་དེ་ལྟ་བུ་རེད། བོད་མིས་ལྷ་མཆོད་མཆོད་ཅིག་འཇིག་རྟེན་འདི་ན་མཆོད་མཁན་མེད། བོད་མིས་ཆོས་ཀྱི་ཆེད་དུ་གྲྭ་བ་བཟོས་བ་ཞིག་འཇིག་རྟེན་འདི་ན་སུ་ཞིག་མེད། ཕྱོགས་གཅིག་ནས་བདག་ཉིད་བདག་གི་མགོན་ཡིན་ཞེས། ཕྱོགས་གཅིག་ནས་འཇིག་རྟེན་གྱི་ལྷ་མི་མཐུ་པོ་ཆེ་གྲོགས་སུ་བསྟེན་པས་བོད་ཀྱི་ཆོས་ནི་ཆབ་སྲིད་གྱི་ཆོས་རེད། མདོར་ན། མགོ་སྐོར་བཏང་བྱེད་ཀྱི་ཆབ་སྲིད་རང་རེད། རྒྱ་གར་བ་ཚོ་ལས་ཀར་མི་མོས་ཤིང་ཁ་བདེ་ངང་ནས་མང་ཚོགས་མགོ་སྐོར་བཏང་བྱེད་བསྒྲིགས་པའི་རིག་རྩལ་བོད་པ་གླན་རྒན་ཚོ་ཡིད་ཆེས་ཤིང་སྐྱབས་སུ་མཆི། རང་གི་རྒྱལ་ཁམས་བརླགས་ཀྱང་ད་དུང་སྐྱབས་སུ་མཆི། བོད་ཀྱི་ཆོས་ནི་ཁ་ཆེའི་དང་ཡེ་ཤེས། ཧུན་ངྷིའི་ཆོས་སོགས་མདོར་ན་ཆོས་ལུགས་གཞན་དང་མི་འདྲ། བོད་ཀྱི་ཆོས་འདིས་ཡར་རྒྱས་ཀྱི་གཞི་རྩ་མི་རིགས་རྩ་མེད་བཟོ་པས་ཡིན། མི་རིགས་མེད་ན་ཡར་རྒྱས་ལྟ་ཅི་རྒྱལ་ཁབ་ཀྱི་མིང་ཙམ་ཡང་ཡོང་ཐབས་མེད་པས་ཡིན། ད་ལྟ་ཤར་གླིང་པ་རྣམས་རྒྱ་གར་གྱི་སཱ་སཱ་ཐུབ་བྷའ་བྷའ་པ་ཚོ་ཆ་རྒྱུས་ཆེ་བས་འགྲོ་དོན་དེ་ཙམ་སྐྱོང་མི་ཐུབ་ཀྱང་ནུབ་ཕྱོགས་སུ་འགྲོ་དོན་ཆེན་པོ་རེད། ནོུབ་ཕྱོགས་ཀྱི་ལང་ཚོ་མ་མང་པོ་ཞིག་གིས་ཡིད་ཀྱི་རེ་བ་སྨོན་ཡུལ་དང་མིག་གི་ལྟ་ས་ཁོང་ཚོ་རེད། དངོས་བདེན་པ་རེད། ཆོས་ལུགས་ཟེར་བ་ནི་རང་ཡུལ་ལས་གཞན་དུ་བྲིན་པ་བདེན་པ་རེད། གཞན་ཡུལ་ནས་ལེགས་ཕྱོགས་མ་གཏོགས་ཉེས་ཕྱོགས་མ་རྟོགས་པས་ང་ཡང་བོད་ནས་བླ་མ་བྱེད་པའི་ལམ་ཁ་མེད་ཀྱང་འདི་ཕྱོགས་ནས་བྱ་ཆོག་ཆོག་རེད། བོད་མི་ཚོ་སེམས་ཤུགས་མ་ཆགས། ལམ་ཁ་འདུག བླ་མ་བྱེད་པའི་ལམ་ཁ་འདུག
    སྡུག་དུས་མ་ཕན་གྲོགས་ཀྱིས་ཅི་ཞིག་བྱ།།
    མཁོ་དུས་མ་ཕན་སྲུང་མས་ཅི་ཞིག་བྱ།།
    སྐྱོ་དུས་མ་ཕན་ཆོས་ཀྱིས་ཅི་ཞི་བྱ།།
    ལྟོག་དུས་མ་ཕན་ནོར་གྱིས་ཅི་ཞིག་བྱ།།

  11. ཨ་ནུ་ཐང་བསོད་ནམས། says:
    2010-10-11 at 9:42 am

    གཅིག་བརྗེད་འདུག

    ངའི་མཆན་བདུན་པ་དང་བརྒྱད་པ་གཉིས་ལ་ཁྱེད་ཀྱིས་གོ་བ་ལྡོག་ཕྱོགས་སུ་ལོན་ཚེ་དེ་ལྟར་རང་ཡིན། བྲེལ་ཚབ་ཀྱི་དབང་གིས་ཉིད་ཀྱིས་ཡག་པོ་ཀློག་ཡོད་ས་མ་རེད།

  12. གཙང་ཁའི་བུ says:
    2010-10-11 at 12:17 pm

    གྲོགས་པོ་ཨ་ནུ་ཐང་། ལྷ་ཞེས་པ་དེ་ཁྱོད་རང་གིས་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གྲོགས་བྱེད་པ་དང་མགོན་དུ་གྱུར་པ་གཉིས་ལ་ཁྱད་པ་ག་འདྲ་ཞིག་ཡོད་རེད། གསལ་བོ་ཞིག་གསུང་རྒྱུ་ཨེ་ཡོད། ཤེས་ན་ལན་ཞིག་གནང་རོགས།

  13. གཙང་ཁའི་བུ says:
    2010-10-11 at 12:27 pm

    དྲང་པོ་བཤད་ན་ཁྱོད་རང་གིས་གསུང་བ་བཞིན་དུས་ཚོད་ཀྱིས་རྐྱེན་པས་ཡི་གེ་མང་བྱུང་ན་ཡག་པོ་ཞིག་ཀློག་ཐུབ་ཀྱི་མི་འདུག དགོངས་དག་ཞུ། རྗེས་མ་ནས་ངེད་གཉིས་ཀྱིས་ཚིག་ཚོགས་ཅི་ཆུང་ལ་འབད་གལ་ཆེ།

    ཁྱོད་རང་གི་ལོ་རྒྱུས་ཤིག་གསུང་ན་འགྲིག་གམ།

  14. ཨ་ནུ་ཐང་བསོད་ནམས། says:
    2010-10-12 at 6:55 am

    གྲོགས་པོ་གཙང་བུ་ལགས།
    མགོན་དང་གྲོགས་གཉིས་ལ་ཁྱད་པ་ལོས་ཡོད། མགོན་ལ་འགྲེལ་བཤད་མི་འདྲ་བ་སྣ་ཚོགས་ཡོད་སྲིད་ཀྱང་ནང་ཆོས་སུ་མགོན་ནི་མི་སླུ་བ་ཡིན་དགོས་ཤིང་གྲོགས་ནི་ཕན་འདོགས་མཁན་ནམ་རམ་འདེགས་བྱེད་མཁན་ལ་གོ་དགོས། དེ་ནི་ངས་བཤད་མི་དགོས་ཤིང་ཁྱེད་ཀྱིས་དེ་ལས་མང་པ་ཤེས་བ་ཕྲན་གྱིས་ཡིད་ཆེས་ཡོད།
    ཕྲན་ནི་ཡོ་རབ་ཏུ་གནས་སྡོད་བྱེད་མཁན་ཀྱི་བོད་མི་དཀྱུས་མ་ཞིག་དང་བོད་མིང་འཛིན་མཁན་གྱི་བསོད་ནམས་ཡིན།

  15. གཙང་ཁའི་བུ says:
    2010-10-12 at 7:15 am

    ཨ་ནུ་ཐང་ལགས། སྐུ་ཉིད་ཀྱིས་༼མགོན་དང་གྲོགས་གཉིས་ལ་ ཁྱད་པ་ལོས་ཡོད། མགོན་ལ་འགྲེལ་བཤད་མི་འདྲ་བ་སྣ་ཚོགས་ཡོད་སྲིད་ཀྱང་ནང་ཆོས་སུ་མགོན་ནི་མི་སླུ་ བ་ཡིན་དགོས་ཤིང་གྲོགས་ནི་ཕན་འདོགས་མཁན་ནམ་རམ་འདེགས་བྱེད་མཁན་ལ་གོ་དགོས། དེ་ནི་ངས་བཤད་མི་དགོས་ཤིང་ཁྱེད་ཀྱིས་དེ་ལས་མང་པ་ཤེས་བ་ཕྲན་གྱིས་ཡིད་ཆེས་ ཡོད།༽ཟེར་འདུག འོ་ན། ཁྱོད་རང་མི་བསླུ་བ་ཡིན་པར་ཐལ། བདག་ཉིད་བདག་གི་མགོན་ཡིན་པའི་ཕྱིར།
    གྲོགས་པོ་ལགས། མགོན་དང་གྲོགས་ལ་ཁྱད་པ་ཡོད་ན། བོད་མིས་ཕྱོགས་གཅིག་ནས་བདག་ཉིད་ བདག་གི་མགོན་ཡིན་ཞེས་དང་། ཕྱོགས་གཅིག་ནས་འཇིག་རྟེན་གྱི་ལྷ་མི་མཐུ་པོ་ཆེ་གྲོགས་སུ་བསྟེན་པས་བོད་ཀྱི་ ཆོས་ནི་ཆབ་སྲིད་གྱི་ཆོས་དང་། མགོ་སྐོར་གཏོང་བྱེད་ཇི་ལྟར་བྱས་ནས་ཆགས་པ་རེད།

    དངོས་གནས་རྒྱུ་དགའ་ཆེ་ལུགས་ལ་བལྟས་ན་ཕྱི་རྒྱལ་དུ་སྡོད་མཁན་ཞིག་ཡིན་རྒྱུ་རེད་བསམ་བྱུང་། རེད་ཀྱང་རེད་འདུག་ག།
    ཨ་ཅང་རྩེ་མོ་ཡི། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་དང་། མནའ་མ་སྒོར་འབུམ་བཅུ་དྲུག་ཅན་ངོ་མཐོང་ཁོམ་མེད་པ་དབྱུགས་ནས་འགྲོ་མཁན་ཞིག་དང་མ་འཕྲད་པར་ཤོག

  16. ཨ་ནུ་ཐང་བསོད་ནམས། says:
    2010-10-12 at 1:02 pm

    གཙང་ཁ་ལགས། ཐུགས་རྗེ་ཆེ། ཉིད་ཀྱིས་ཤིས་བ་བརྗོད་པ་ཐུགས་རྗེ་ཆེ། མགོན་ཀླུ་ཡིས། བདག་ཉིད་བདག་གི་མགོན་ཡིན་གྱི།། དེ་ལས་མགོན་ཞིག་ཡོད་མ་ཡིན།། ཕྲན་གྱིས་ཁ་སྣོན་དུ། བདག་ཉིད་བདག་གི་དགྲ་ཡིན་གྱི།། དེ་ལས་དགྲ་ཞིག་ཡོད་མ་ཡིན།། ཞེས་སྨྲས་ཚེ་ཕྱོགས་ཀུན་མཐོང་བའི་དྲང་ཚིག་ཅན་གྱི་སྡོམ་ཚིག་ཆགས་པས་ཡིན། དེ་བརྟེན། ཁོ་བོས་བོད་ཆོས་ནི་ཕྱོགས་གཅིག་ལ་ཞེན་རྒྱུ་མང་དྲགས་པའི་སྐྱོན་ཡོད་པས་མགོ་སྐོར་བཏང་བྱེད་དུ་ཆགས་པ་རེད་ཅེས་སྨྲས་བ་ཡིན།
    དངུལ་ལ་མི་དགའ་ཨེ། ཡག་པོ་རེད། གནའ་བོའི་འདུ་ཤེས་ཆེ་ཞིང་ཚུལ་ཆོས་ཀྱི་སྤྱི་ཚོགས་ནང་དེ་ལྟར་སྨྲས་ཚེ་རིན་ཐང་ཐོབ་སྲིད་ཀྱང་ཕྱི་ཕྱོགས་སུ་དེ་ལྟར་སྨྲས་ཚེ་སེམས་མ་ཐང་བའམ་མགོ་སྟོང་རེད་བསམ་ནས་རིན་སྤྲད་མཁན་མ་དགོས་ཆུང་མའང་རེག་རྒྱུ་ཁག་པོ་རེད། ལྟོག་པའི་མི་ཡིས་ཟས་ལ་མཆིལ་མ་འདེབས།། དབུལ་བའི་མི་ཡིས་དངུལ་ལ་དམའ་འབེབ་བྱེད།། སྤྲང་པོའི་མི་ཡིས་ཕྱུག་པོ་དགྲ་རུ་ལྟ།། བླུན་པའི་མ་ཡིས་མཁས་བ་དུག་ཏུ་བརྩི།། དེ་ནི་ཕྲག་དོག་ཅན་གྱི་གཤིས་ལུགས་སམ།། རང་སེམས་བདེ་སྣང་སྐྲུན་པའི་ཆ་རྐྱེན་ཉིད།།
    རྒྱུ་མཚན་འདུག ཕྱི་རྒྱལ་དུ་ཡོད་ན་དངུལ་ལ་མོས་ཚུལ། རྒྱ་གར་དུ་སྡད་ན་དངུལ་ལ་མི་མོས་ཚུལ།། བསམ་བློ་བཏང་ཤེས་མཁན་གྱི་སྐད་ཆ་རེད། སྤྱི་འཐུས་རྣམས་ཀྱིས་ཨ་སྒོར་སུམ་བརྒྱ་བཞི་ཙམ་བརྩད་ནས་གྲོས་ཚོགས་གྲོལ་ཚུལ་གོ་བས་དངུལ་ལ་མ་མོས་ན་ཡག་པོ་རེད།

  17. གཙང་ཁའི་བུ says:
    2010-10-14 at 1:21 pm

    གྲོགས་པོ་ལགས། ཆུང་ན་རག་ནས་་པུ་གུ་ལྔ་ཡོད། ད་དུང་ཆུང་མ་དགོས་སམ། ཆུང་མ་མི་རྙེད་མཁན་དེ་ཁྱོད་རང་ཕྱི་རྒྱལ་ལ་བསྡད་མཁན་དེ་ཚོ་རེད། སྒོར་འབུམ་༡༦ལྷག་འགྲོ་གྲོན་བཏང་ནས་ཕྱི་རྒྱལ་ཕར་ལེན་ཟིན་མཚམས་མི་ལ་ཤོར་ཚུལ་གྱི་གཏམ་བརྒྱུད་མང་གི་ཡ། གྲོགས་པོ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme