Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲས་སྐྲན་ནི་ཅི་ཞིག་ཡིན་ནམ།

Posted on 2012-06-252012-06-25 By འདྲེ་རིག་ལྡན 9 Comments on འབྲས་སྐྲན་ནི་ཅི་ཞིག་ཡིན་ནམ།

སྐྲན་ལ་འགྲེལ་བཤད་མ་བརྒྱབ་པའི་སྔོན་འདིར། ངས་ཁྱེད་ཚོར་སྐྱེ་དངོས་རིག་པའི་དྲི་བ་ཐུང་ཐུང་ཞིག་འདྲི། དེ་ནི་ང་ཚོའམ་སྐྱེ་ལྡན་རྣམས་ཅིའི་ཕྱིར་དང་ཇི་ལྟར་འཚར་ལོངས་འབྱུང་བ་ཡིན་ནམ་ཟེར་བ་དེ་ཡིན།

རྒྱུན་ལྡན་གྱི་ཕྲ་ཕུང་རང་གྱེས་འགྲོ་ལུགས་དང་། སྐྲན་ནད་ཅན་གྱི་ཕྲ་ཕུང་རང་གྱེས་འགྲོ་ལུགས།

 

ཕྱོགས་གཅིག་ནས་བཤད་ན་དེ་ནི་ཧ་ཅང་གི་ལས་སླ་བའི་དྲི་བ་ཞིག་རེད། དེ་རིང་ངས་ལས་སླ་ཤོས་ཀྱི་དྲིས་ལན་དེས་གསལ་བཤད་བྱེད་རྒྱུ་ཡིན་ལ། དེ་ཡང་གོ་བདེ་བའི་ཆེད་དུ་ང་ཚོ་འགྲོ་བ་མི་གཙོ་བོར་བཟུང་ནས་བཤད་རྒྱུ་ཡིན།  ཡིད་ལ་ངེས་དགོས་པ་ཞིག་ལ། གནས་ལུགས་འདི་སྐྱེ་ལྡན་ཐུན་མོང་ལ་འཇུག་པ་ཞིག་ཡིན།

ང་ཚོ་མ་ཡི་མངལ་དུ་ཆགས་པ་ནས་བཟུང་ངམ། ང་ཚོའི་ལུས་པོ་འདི་གྲུབ་ཙམ་ནས་བཟུང་། སྐྱེ་བ་དང་། རྒ་བ། འཆི་བ་གསུམ་དུས་མཉམ་དུ་གྲུབ་ཡོད་པ་རེད། དེ་ནི་འཚོ་གནས་ཀྱི་དགོས་མཁོ་ཞིག་རེད།

དེ་ཡང་། ང་ཚོའི་ལུས་ཀྱི་གཞི་རྩའི་གྲུབ་ཆ་སྟེ། ཕྲ་ཕུང་(cell=细胞) རྣམས་ནི་གཅིག་ནས་གཉིས་སུ་གྱེས་ཤིང་། གཉིས་ནས་བཞི། བཞི་ནས་བཅུ་དྲུག་སོགས་སུ་བསྐྱེད་འཕེལ་འགྲོ་བ་རེད།(འདི་ལ་ཕྲ་ཕུང་རང་གྱེས་ཟེར།) ལུས་ཕུང་རྒྱུན་ལྡན་ཡིན་པའི་མི་ཞིག་གི་ལུས་ཀྱི་ཕྲ་ཕུང་རྣམས་ཚར་བཞི་བཅུ་ནས་དྲུག་ཅུ་བར་དུ་བསྐྱེད་འཕེལ་འགྲོ་བ་རེད། ལུས་ཀྱི་ཡན་ལག་དང་དབང་པོ། མ་ལག་(འདིར་ལུས་ཀྱི་ལྤགས་པ་དང་རུས་པ་སོགས་ཀྱང་ཚུད་ཡོད། ) སོ་སོའི་ཕྲ་ཕུང་དག་གི་རང་གྱེས་ཀྱི་མགྱོགས་ཚད་མི་འདྲ། དེ་ལྟར་ཕྲ་ཕུང་དག་རང་གྱེས་སུ་སོང་ཞིང་བསྐྱེད་སྤེལ་འགྲོ་བ་འདི་དག་ལོ་ངོ་བཅུ་ཙམ་(འདི་ངས་གསལ་ཐག་ཆོད་པོ་ཅིག་ཤེས་མ་སོང་། ) རིང་ང་ཚོའི་ལུས་པོར་གནས་པ་དང་། དེ་ནས་ཕྲ་ཕུང་དག་འཆི་བཞིན་ཡོད།(འདི་ལ་ཕྲ་ཕུང་རང་དམེ་ཟེར།) གལ་སྲིད་ཁྱེད་རང་ལ་ལོ་ན་ཉི་ཤུ་ཡིན་ན། ལོ་ངོ་བཅུའི་སྔོན་གྱི་ཁྱོད་ཀྱི་ལུས་པོ་དེའི་བརྒྱ་ཆ་༩༨ གྱི་ཤུལ་ཙམ་ཡང་ལྷག་མེད་པ་རེད། བརྒྱ་ཆ་༩༨ ཟེར་དོན་ནི་ཀླད་པའི་ཆ་ཤས་ཤིག་གམ་གང་ལྟར་མིའི་ལུས་སྟེང་གི་ཕྲ་ཕུང་རེ་ཟུང་སྐྱེ་བ་ནས་འཆི་བའི་བར་དུ་གནས་པ་རེད།

དེ་ཡང་། ཕྲ་ཕུང་གཅིག་དེ་(ཕྲ་ཕུང་ཨ་མ་) གཉིས་སུ་གྱེས་པ་(ཕྲ་ཕུང་བུ་མོ་) དང་། གཉིས་དེ་བཞིར་གྱེས་པ་སོགས་ཀྱི་བརྒྱུད་རིམ་ནང་། གྱེས་འཕེལ་དུ་སོང་བའི་ཕྲ་ཕུང་དག་ལས་གཅིག་ལ་སྐྱོན་ཆག་ཤོར་བ་ཡིན་ན་ཅི་ཞིག་འབྱུང་ངམ།

དེ་ལ་གྲུབ་འབྲས་གཉིས་འབྱུང་བ་རེད། གཅིག་ནི་སྐྱོན་ཆག་ཤོར་བའི་ཕྲ་ཕུང་དེས་རང་དམེ་བྱེད་པ་དང་། དེའི་ཚབ་ཏུ་ཕྲ་ཕུང་གཞན་བསྐྱེད་འཕེལ་བྱུང་བ་རེད། དེ་ནི་རྒྱུན་དུ་ང་ཚོར་འབྱུང་བཞིན་པ་ཞིག་ཡིན་ལ། སྐྱོན་ཆག་ཤོར་བའི་ཕྲ་ཕུང་དེ་དག་རང་འགུལ་གྱིས་རང་དམེ་བྱས་པས་སྐྱོན་ཆག་བྱུང་མེད་པའི་ཕྲ་ཕུང་གཞན་དག་ལ་གནོད་སྐྱོན་འབྱུང་གི་མེད།

གྲུབ་འབྲས་གཞན་དེ་ནི་ང་ཚོའི་སྐབས་དོན་གྱི་བརྗོད་གཞི་སྟེ། སྐྲན་ཟེར་བ་དེར་འགྱུར་བ་རེད། སྐབས་འདིར་སྐྱོན་ཆག་ཤོར་བའི་ཕྲ་ཕུང་དེས་རང་ཉིད་བེད་མེད་དུ་གྱུར་བ་མ་ཤེས་པའམ་གང་ལྟར་མུ་མཐུད་ནས་རང་གྱེས་སུ་འགྲོ་བ་རེད། དེ་ནི་རླངས་འཁོར་གྱི་འགོག་ཆས་མ་ལག་ལ་སྐྱོན་ཤོར་བ་མ་ཤེས་ནས་ཐུར་དུ་རྒྱུག་པ་ལྟ་བུ་ཡིན་པས། གནས་གང་ཞིག་ལ་དྲག་ཏུ་བརྡབ་ནས་མ་གཏོགས་འགོག་མི་ཐུབ་པ་ལྟ་བུ་རེད།

དེ་ལྟ་བུའི་ཕྲ་ཕུང་ཞིག་ཚོད་མེད་དུ་འཕེལ་བ་ལ་བརྟེན་ནས་ལུས་ཀྱི་ཕྲ་ཕུང་དང་ཕྲ་ཕུང་གིས་གྲུབ་པའི་ཕུང་གྲུབ་བདེ་ཐང་ཅན་གཞན་དག་ལ་བཙན་འཛུལ་བྱས་པ་ལས་ན་ཟུག་དང་བསྐྱེད་པ་དང་། མཐར་ཚེ་སྲོག་ལ་ཉེན་ཁ་འཕྲད་པ་རེད།  སྐྲན་ནད་ལ་རིགས་བརྒྱ་ལས་མང་བ་ཡོད་ཅིང་། དེ་དག་སྐྲན་ནད་འབྱུང་སའི་དབང་པོ་དང་མ་ལག་སོ་སོར་ལྟོས་ནས་མིང་བཏགས་པ་རེད།

སྐྲན་ནད་རིགས་རེ་ཟུང་ནི་དབང་པོའི་མཐར་གནས་པའམ་དེ་ཉིད་གཡོག་ནས་ཡོད་པའི་ལྤགས་པ་དང་། ཕུང་གྲུབ་དག་ལས་འགོ་འཛུགས་པ་དང་། ལ་ལ་ནི་རུས་པ་དང་། ཕྲུམ་རུས། ཤ་ཚིལ། ཤ་རྒྱུས། ཁྲག་རྩ་སོགས་ལུས་ཀྱི་ལྷུ་ལག་ཁག་ནས་འགོ་འཛུགས་པ་རེད། ཡང་ཁག་ཅིག་ནི་ཁྲག་གྲུབ་བྱེད་ཀྱི་ཕྲ་ཕུང་དག་ལས་འགོ་འཛུགས་པ་རེད། ད་དུང་མིའི་ཡམ་འགོག་མ་ལག་ནས་འགོ་འཛུགས་པའི་སྐྲན་དང་། ཀླད་པའི་ཕུང་གྲུབ་དང་ཀླད་རྒྱུངས་ནས་འགོ་འཛུགས་པའི་སྐྲན་སོགས། འཕེལ་རིམ་གྱི་རྣམ་པའི་སྟེང་ནས་དབྱེ་བའི་རིགས་མང་དུ་ཡོད་པ་རེད།

གསོ་རིག

Post navigation

Previous Post: ཤར་དུང་རིའི་སྐད་ཆ།
Next Post: རིན་པོ་ཆེ་མཆོག་ཚོགས་ཆེན་དུ་ཕེབས་པའི་གནས་ཚུལ།

Comments (9) on “འབྲས་སྐྲན་ནི་ཅི་ཞིག་ཡིན་ནམ།”

  1. མགར་སྟོང་བཙན། says:
    2012-06-25 at 1:53 pm

    འདིའི་རིགས་ནི་དངོས་གནས་ཤེས་བྱ་ཟེར་བ་དེ་ཡིན་ས་རེད། ཐུགས་རྗེ་ཆེ།

  2. ནག་ཐར་སྐྱིད། says:
    2012-06-25 at 4:18 pm

    འདྲེ་རིག་ལྡན་ལགས་ཀྱིས་འཚོལ་སྒྲུབ་བྱས་བའི་གསོ་རིག་རྒྱུན་ཤེས་འདི་རིགས། འདིར་བཀོད་པ་ཐུགས་རྗེ་ཆེ་ཞུ། སེང་རྡོར་དྲ་སྟེང་གི་སྐུ་ཉིད་ཀྱི་ཟིན་བྲིས་ནང་འདི་འདྲའི་ཤེས་བྱའི་རིགས་ཀྱི་བསྒྱུར་རྩོམ་དང་དཔྱད་རྩོམ་གང་མང་འདུ་བ་ནང་བཞིན། ཁོ་བོ་སྐུ་ཉིད་ཀྱི་ཤེས་བྱ་འཚོལ་བསྡུ་བྱེད་ཕྱོགས་ལ་ཤིན་ཏུ་དགའ་བས་མུ་མཐུད་དུ་འབད་བརྩོན་ལྷོད་མེད་ཡོང་བ་ཞུ།
    ཞོར་དུ་རང་ཉིད་ཀྱི་བློ་ངོར་འབབ་དཀའ་བའི་དོགས་གནས་རེའི་ཐད་ནས་བཀའ་འདྲི་མང་ཙམ་ཞུ་འདོད་ལྟར། ཐུགས་དཀྱེལ་ཡངས་རེ་གནང་རོགས། སྐྱེ་དངོས་རིགས་ཀྱི་ཕྲ་ཕུང་བསྐྱར་བཀོད་འདིའི་བརྒྱུད་རིམ་ནང་། ཕྲ་ཕུང་བསྐྱར་བཀོད་ཀྱི་བྱེད་ལས་ནི་སྐྱེ་དངོས་རང་ག་བ་དེ་འཚར་ལོངས་འབྱུང་བར་ནུས་སྟོབས་བསྐྱེད་པ་ཁོ་ན་འམ། ཡང་ན་སྐྱེ་དངོས་རང་ག་བ་དེའི་འཕེལ་འགྲིབ་གཉིས་ཆ་ལ་ནུས་ལྡན་ཞིག་ཡིན་ནམ། གཞན་ཡང་་་ཕྲ་ཕུང་རང་ཉིད་བསྐྱར་བཤུ་ཡི་དུས་རིམ་ནང་སྐྱོན་ཆགས་ཤོར་བའི་ཕྲ་ཕུང་ཞིག་རྐྱེན་གང་ལ་བརྟེན་ནས་བྱུང་བའམ། ཕྲ་ཕུང་རང་དམེ་ཡི་དུས་ཚིགས་འདི་སྐྱེ་དངོས་རང་ག་བ་དེ་འཆི་བའི་སྐབས་ཡིན་ནམ།
    གང་ལྟར་བདག་གིས་ཀློག་ནོར་ཐེབས། གོ་དོན་ཏག་ཏག་ཞིག་ངོས་མེད་པའི་རྐྱེན་ལ་བརྟེན་བཀའ་འདྲི་བྱེད་ཐབས་ནོར་སྐྱོན་རེ་ཡོད་ན་དགོངས་འགལ་མེད་པ་ཞུ།

  3. དཀོན་མཆོག་ཚེ་བརྟན་ says:
    2012-06-25 at 7:11 pm

    ཐུགས་རྗེ་ཆེ། སྤྱིར་ཚན་རིག་གི་གཞི་རྩའི་ཤེས་བྱའི་རིགས་གསལ་བརྗོད་བྱེད་སྐབས་གལ་ཆེའི་བརྡ་ཆད་དབྱིན་ཡིག་དང་བོད་འགྱུར་གཉིས་མཉམ་ཏུ་སྤེལ་ན་ལེགས།

  4. མིག་བརྒྱད་པ། says:
    2012-06-26 at 3:30 am

    ཚེ་སྲོག་ཚན་རིག་སྡེ་ཚན་དག་གིས་བཏོན་པ་ལྟར་ན་སྐྱེ་ལྡན་ཀུན་ལ་རང་གི་རིགས་འདེད་དངོས་རྫས་ཀྱི་གྲུབ་ཆར་ཌི་ཨེན་ཨེན་(DNA)ལྡན་ཡོད་ལ། དེ་ནི་སྐྱེས་དངོས་འཕེལ་འགྱུར་གོ་རིམ་ཁྲོད་ཀྱི་འགྱུར་བའི་གཞི་རྟེན་ཡིན་ཞེས་བཤད་ཡོད། རིགས་རྫས་གང་ལས་གྲུབ་པའི་(DNA)་དེ་དག་སྐྱེ་རྡུལ་ཕྲ་གཟུགས་ཀྱི་ནང་དུ་ཡོད་པ་དང་། སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་(cell)དུ་མ་འདུས་པ་ལས་ཕུང་གྲུབ་(tissue)གྲུབ་པ་དང་། ཕུང་གྲུབ་དུ་མ་འདུས་པ་ལས་(organ)དབང་པོ་གྲུབ། དེ་གཅིག་གམ་དུ་མ་འདུས་པ་ལས་(organism)སྲོག་ལྡན་གྲུབ་པ་ཡིན། འཕེལ་འགྱུར་གྱི་རྒྱུད་རིམ་དེ་སྐྱེ་ལྡན་ཀུན་ལ་གཅིག་གྱུར་དུ་གྲུབ་ཡོད་ཀྱང་རྩ་བའི་རིགས་རྫས་སྒྲུབ་གཞི་ཌི་ཨེན་ཨེན་(DNA)ནང་གསེས་ཀྱི་བཀོད་རིམ་ཁྱད་པར་ཕྲ་མོ་ཞིག་གི་རྐྱེན་གྱིས། སྐྱེ་ལྡན་ཉེ་རིགས་གཅིག་གི་ཚོགས་འདུས་ནང་ཁེར་གཟུགས་སོ་སོར་ཁྱད་པར་ཕྲན་བུ་འབྱུང་སྲིད་པར་བཤད་པ་ལྟར། བགྲང་གིས་མི་ལང་བ་དང་རྫོགས་མཐའ་མེད་པའི་སྲོག་ལྡན་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་འདི་དག་(DNA)ཡི་འཁོད་རིམ་མི་འདྲ་བ་ལ་བརྟེན་ནས་བྱུང་བར་ཚན་རིག་པ་ཚང་མས་ཁ་གཅིག་གྲགས་སུ་ཁས་ལེན། ཌར་ཝིན་གྱི་འཕེལ་འགྱུར་རིག་པ་དང་མན་ཊེལ་གྱི་སྲན་མའི་ཞིབ་འཇུག་རྙེད་སོན་གྱི་རིག་པ་ཟུང་འབྲེལ་ལ་བརྟེན་ནས་སྐྱེ་དངོས་རིག་པའི་བྱ་བཞག་ལ་ཕན་ནུས་ཆེན་པོ་ཞིག་བྱུང་ཡོད་པ་རེད། ཌར་ཝིན་གྱིས་སྐྱེ་ལྡན་ཀུན་ལ་ཐུན་མོང་གི་མེས་པོ་ཞིག་ཡོད་པར་བཞག་ལ། ཁྱིམ་རྒྱུད་སྡོང་པོ་ཞེས་འབོད་པའི་དཔེ་མཚོན་དེས་སྐྱེ་ལྡན་ཀུན་ལ་ཕན་ཚུན་གཉེན་ཚན་གྱི་འབྲེལ་བ་ཡོད་པར་བལྟས་བ་རེད། ཅེས་བཤད། རིགས་པ་འདིས་སའི་གོ་ལའི་སྟེང་གི་སའི་གོ་ལའི་སྟེང་གི་ཚེ་སྲོག་ཁྱིམ་རྒྱུད་ཀྱི་ཐུན་མོང་གི་གདོད་མའི་མེས་པོ་(DNA)བཀོལ་ཏེ་ལོ་ངོ་ཐེར་འབུམ་དུ་མའི་གོང་ནས་འཕེལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་པའི་སྐྱེ་ལྡན་ཀུན་གྱི་ནང་དུ་ཌི་ཨེན་ཨེན་གསོག་ཉར་བྱས་ནས་ཡོང་ཡོད་པར་བཤད་ཡོད། ང་ཚོའི་གོ་ལ་འདི་ཐོག་མར་ཚ་ཤུགས་ཆེ་བ་ནས་འཁྱགས་པའི་དུས་རབས་བར་རིམ་པས་འགྱུར་ནས་བསམ་ཡུལ་ལས་འདས་པའི་ཚེ་སྲོག་མང་པོ་ཞིག་བྱུང་ཡོད་པ་དང་། ཚེ་སྲོག་དེ་ཚོ་ཐོག་མར་ཇི་ལྟར་བྱུང་བ་དང་སྲོག་མེད་ཅིག་ལས་སྐྱེ་འཕེལ་བྱུང་བ་ཡིན་ནམ། ཡང་ན་སྐར་རྡོ་ཟེགས་ཏེ་གོ་ལ་གཞན་གྱི་ཚེ་སྲོག་གླིང་འདིར་འཕོ་འགྱུར་བྱུང་བ་ཞིག་ཡིན། འདི་ནི་གནད་དོན་ཞིག་རེད། ཕྲ་ཕུང་གི་རིགས་པའི་གཞུང་ལུགས་ལྟར་ན་རྩ་བའི་ཁས་ལེན་གཉིས་ཡོད། གཅིག །སྲོག་ལྡན་ཀུན་ཕྲ་ཕུང་ལས་གྲུབ་པ་དང་། གཉིས། ཕྲ་ཕུང་ཀུན་ཕྲ་ཕུང་གཞན་ལས་གྲུབ་པ་བཅས་ཡིན། སྙན་གྲགས་ཅན་གྱི་ཚན་རིག་པ་(Pasteur)ཡིས་ དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ཐོལ་བྱུང་སྐྱེ་སྤེལ་གྱི་འདོད་ཚུལ་དེ་མི་འཐད་པར་བསྟན་ནས་བརྟག་དཔྱད་རིམ་པ་གསུམ་གནང་ཡོད། དང་པོ། སྣོད་ཤེལ་དམ་ཞིག་གི་ནང་ཟས་ཀྱི་ལྡག་གུ་བླུགས་ཏེ་ཚ་བོ་བཏང་རྗེས་འཕྲལ་དུ་ཁ་གཅོད་བརྒྱབ་ནས། སྣོད་ཤེལ་དམ་ནང་སྔར་ཡོད་ཀྱི་ཚེ་སྲོག་ཀུན་ཤི་རུ་བཅུག་པ་དང་ཆབས་ཅིག་ཟས་ཀྱི་ ལྡག་གུ་དེ་ཡང་དུག་སེལ་བཏང་། གཉིས་པ། ཁ་གཅོད་བརྒྱབ་ནས་ཡོད་པའི་ཤེལ་དམ་དུག་སེལ་བཏང་ནས་བཞག་རྒྱུན་རིང་ཟས་ཀྱི་ལྡག་གུ་དེར་སྐྱེ་ལྡན་ཕྲ་གཟུགས་ཀྱི་རིགས་གང་ཡང་སྐྱེ་འཕེལ་བྱུང་མེད། འདིས་ལྡག་གུ་ནང་གི་འདུས་རྡུལ་ཐེ་བའི་སྲོག་མེད་ཀྱི་དངོས་རྫས་ལས་སྐྱེ་ལྡན་གྱི་རྣམ་ པ་གང་ཡང་མི་སྐྱེ་བའི་བདེན་དབང་བྱས། གསུམ་པ། སྣོད་ཤེལ་དམ་དེའི་ཁ་གཅོད་ཕྱེས་ཏེ་ཕྱིའི་རླུང་གཟུགས་སྣོད་ཤེལ་དམ་དེའི་ནང་དུ་ཞུགས་པའི་རྗེས། མི་རིང་བར་ཟས་ཀྱི་ལྡག་གུ་དེའི་ཁ་དོག་སྨུག་པོར་གྱུར་ཏེ། ཕྱིའི་རླུང་ཁམས་ནས་བྱུང་བའི་སྲིན་འབུ་ཕྱིར་མངོན་པར་བྱུང་། བརྟག་དཔྱད་རིམ་པ་དེ་གསུམ་གྱི་ལམ་ནས་ཕྲ་ཕུང་རྣམས་རང་ལས་གཞན་པའི་ཕྲ་ཕུང་གསོན་པོ་འབའ་ཞིག་སྐྱེ་བར་བདེན་དབང་བྱས་པ་རེད། སྲོག་ལྡན་དང་སྲོག་མེད་ཀྱི་སྡེ་ཚན་གང་དུའང་མི་གཏོགས་པ་ནི་རྩི་ཤིང་གི་ས་བོན་དང་སེམས་ཅན་གྱི་ནད་དུག་ལྟ་བུར་ངོས་འཛིན་པ་དང་། ནད་འབུ་ཕྲ་རབ་ལྟ་བུ་ནི་གཞན་འཚོས་སྐྱེ་ལྡན་གྱི་རིགས་ཤིག་ཡིན། དེ་ཕྲ་ཕུང་གི་ནང་དུ་ཞུགས་ནས་དུག་སྲིན་གསར་བ་གཞན་སྐྱེད་སྤེལ་ནུས་ལ། རང་གི་གནས་ཡུལ་ཕྲ་ཕུང་གི་ཕྱི་རོལ་དུ་གྱར་ཚེ་ནད་འབུ་འདི་དག་འཚོ་གནས་བྱེད་ཐུབ་ཀྱང་རྒྱུད་སྤེལ་བྱེད་མི་ཐུབ་པར་བཤད་ཡོད། ཚན་རིག་པ་ལ་ལས་ཡུལ་དུས་གནས་བབས་ཇི་འདྲ་ཞིག་གི་འོག་ཏུ་ཚ་དྲོད། ཆུ། ནག་རྫས་དང་ནེ་ཏྲོན་ཇེན་བཅས་ཀྱི་འདུས་ཚོགས་འོས་འཚམས་ཤིག་བྱུང་ཚེ་དེར་སྐྱེས་དངོས་སྐྱེ་རུང་ཡིན་པར་བརྗོད་ཅིང་། ལྷག་པར་ཉེ་བར་མཁོ་བའི་སྐུལ་རྫས་སོགས་རྒྱུ་ཚོགས་གྲངས་ཚང་བ་ལས་དུས་ཡུན་རིང་པོ་མི་ཐོགས་པར་ལོ་གཅིག་གི་ནང་ཚུད་དུ་སྐྱེ་དངོས་སྲོག་ལྡན་གསར་བ་འགྲུབ་ངེས་ ཡིན་པར་བཤད་དོ།།ཐོལ་བྱུང་སྐྱེ་འཕེལ་འདོད་པའི་རིག་པའི་གཞུང་ལུགས་ལྟར་ན་ཚེ་སྲོག་ནི་སྲོག་མེད་ཀྱི་དངོས་རྫས་དག་ལས་བྱུང་བ་ཡིན་སྟབས་དུས་ཡུན་ཐུང་ངུའི་ནང་གློ་བུར་འཐོན་གྱི་ཡོད་པར་བཤད་དོ།།

  5. མིག་བརྒྱད་པ། says:
    2012-06-26 at 4:09 am

    ཧ་ཅང་ཆུང་བའི་Bacteria་འབུ་སྲིན་ཕྲ་མོ་དེ་ཚོ་ནུས་ཤུགས་ཆེ་བའི་ཕྲ་མཐོང་ཆེ་ཤེལ་ལྟ་བུས་མ་གཏོགས་མཐོང་མི་ཐུབ་པ་དང་ག་ས་ག་བར་གནས་པ་ཡིན་སྟབས། དེ་ཚོའི་རིགས་ཁ་ཤས་ཀྱིས་ཏག་ཏག་ཁྱེད་རང་གི་གཟུགས་པོའི་ཆ་ཤས་ནང་འཛུལ་ཞུགས་བྱེད་དུས་ན་ཚ་རིགས་བཟོ་སྲིད། སྨན་སྦྱོར་རིགས་ཀྱིས་ནད་འབུ་ཁ་ཤས་གསོད་ཐུབ་ལ་ཁ་ཤས་གསོད་མི་ཐུབ། རྩ་བའི་ནད་འབུ་Viruses་ནི་Bacteria་ལས་ཆུང་བ་ཡོད་པར་བརྟེན། དེ་ཚོ་སྲོག་ལྡན་ཕྲ་ཕུང་གི་ནང་འཚར་ལོངས་སྐྱེ་འཕེལ་འབྱུང་ཐུབ་པ་ཡིན་སྟབས། སྐེ་དང་འགྲམ་པའི་རྨེན་བུ་སྐྲངས་ནད་དང་སིབ་བིའི་ནད། ཆམ་ཚད་སོགས་ལས་སླ་བོར་བཟོ་ཐུབ་ལ་དེས་གཅིག་གནས་གཅིག་ཏུ་གཞན་ལ་འགོས་ཀྱང་ཐུབ། ནད་འབུ་འདི་རིགས་ལ་བཅོས་ཐབས་མེད་ལ་དེ་ཚོས་དབང་པོ་རྣམས་གནད་སྐྱོན་བཟོ་གི་ཡོད།

  6. རང་དབང་ཨ་རྡུ་མན། says:
    2012-06-26 at 6:13 am

    ཡག་པོ་འདུག་སྣང་བ་འགྲོ་པོ་བྲིས་ཤག།

  7. ནག་ཐར་སྐྱིད། says:
    2012-06-26 at 6:26 am

    མ་གཞི་ནས་བར་འདི་ན་ལས་སྐལ་གྱིས་དབང་གིས་སྒྲུང་སྒྲུང་སྐྱིད་པོ་འབྱུང་བཞིན་འདུག་མོད། བདག་ལ་མཁོ་བའི་སྐབས་དོན་དང་འབྲེལ་མེད་དུ་འདུག་ན། སྐབས་དོན་དང་འབྲེལ་ཡོད་ལྟར་མིག་བརྒྱད་པ་ལགས་སླར་འཕྲད་པས་དགའ་ནས་ཡོད།
    ཞོར་དུ་་རང་ཉིད་ཀྱི་ཤེས་ཚད་གཞིར་བཞག་གིས་སྐབས་འདིའི་གླེང་མོལ་གྱི་སྤྱི་དོན་རེ་ཞིག་བསྐྱུར་ནས་མིང་ཚིག་འབའ་ཞིག་གི་གོ་དོན་གསལ་བོ་ངེས་ཐུབ་པ་བྱ་རྒྱུ་ཡིན་ན། མིག་བརྒྱད་པ་ལགས་ཀྱིས་ཐུགས་བསྐྱེད་ཡངས་བོ་གནང་རོགས།
    ༡༽ ༼རིགས་འདེད་དངོས་རྫས་ཀྱི་གྲུབ་ཆར་ཌི་ཨེན་ཨེན་(DNA)ལྡན་ཡོད་ལ། དེ་ནི་སྐྱེས་དངོས་འཕེལ་འགྱུར་གོ་རིམ་ཁྲོད་ཀྱི་འགྱུར་བའི་གཞི་རྟེན་ཡིན་ཞེས་བཤད་ཡོད། ༽ བཀོད་པ་འདི་ལྟར་ཡང་། (DNA)ཞེས་བ་འདི་དེ་ལས་ཁ་གསལ་བོ་བྱས་ནས་གོ་དོན་ངེས་ཐབས་རེ་ལམ་སྟོན་ཡོང་བ་ཞུ།

  8. མིག་བརྒྱད་པ། says:
    2012-06-26 at 10:51 am

    དོན་དངོས་འདི་དག་ཡིག་ཐོག་ཏུ་འཁོད་པ་ཙམ་མིན་པར་རི་མོའམ་གློག་བརྙན་གྱི་ལམ་ནས་སྟོན་གྱི་ཡོད། ཕ་མའི་ཁམས་དཀར་དམར་གཉིས་མཉམ་དུ་འདུས་པ་ལས་ཐོབ་པའི་རིགས་རྫས་ཕྲ་མོ་Chromosome་ཞེས་པའི་རྫས་འདུས་ནང་D.N.A.ཞེས་པའི་ཐུན་མོང་མ་ཡིན་པའི་རིགས་རྫས་ཕྲེང་བ་ལྟ་བུ་དེ་ཁྱེར་ཡོད་ལ་དེའི་གྲུབ་ཆ་Gene ་དང་protein་འཚོ་རྫས་གཉིས་རེད། སྐྱེས་དངོས་སྣ་ཚོགས་པ་རྣམས་D.N.A་ཞེས་པའི་འཁོད་རིམ་མ་འདྲ་བའི་དབང་གིས་བྱུང་བ་དང་འདི་ནི་འཇིག་རྟེན་སྣ་ཚོགས་བྱེད་མཁན་གྱི་ལྟེ་བ་དེ་རེད་ལ་ཐུན་མོང་གི་རྩ་བའི་མེས་པོ་དེ་ཡང་རེད། འདིའི་སྐོར་ཞིབ་པར་ཤེས་འདོད་ན་གྷོ་གྷིལ་དྲ་ཚིགས་ནང་བསྐྱོད་ནས་འཚོལ་རོགས།

  9. གླིང་དཀར་ལྷ་རྗེས། says:
    2012-06-28 at 1:07 pm

    ད་ཆ་བོད་སྒྱུར་བྱ་མཁན་ཇེ་མང་འགྲོ་ཞིང་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་ཡང་། ཐ་སྙད་གཅིག་གྱུར་ཡོང་གི་མེད་པ་ནི་གོ་དོན་འཁྲུལ་སོའི་ཉེན་ཁ་ཡིན་ན། མ་འོངས་སྒྱུར་ཡིག་ཐོག་གཅིག་འགྱུར་ཡོང་ཆེད་ཁྲིམས་སྒྲིག་ལྟ་བུ་ཞིག་ངེས་པར་དགོས་པར་མཐོང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme