Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲས་ལྗོངས་སྒང་ཏོག་ཁུལ་དུ་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་ཞུས་པ།

Posted on 2020-09-022020-09-02 By ཁ་བརྡ 2 Comments on འབྲས་ལྗོངས་སྒང་ཏོག་ཁུལ་དུ་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་ཞུས་པ།

གནས་ཚུལ་མཁོ་སྤྲོད་པ་ཨཱཅརྱ་ཚུལ་ཁྲིམས་རྒྱ་མཚོ།
 
སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་ཚོགས་ཁང་དུ་འཚོགས་པའི་བཙན་བྱོལ་བོད་ཀྱི་མང་གཙོའི་སྲིད་ལུགས་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྒང་ཏོག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྩ་གཞིས་ཚེ་རིང་དབང་ཕྱུག་མཆོག་དང་། རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འགོ་འཛིན་མི་འགྱུར་གཡུ་སྒྲོན། ས་གནས་རྒྱུན་ལས་རྣམ་པ། སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་ཆོས་དབང་དང་ཚོགས་མི་རྣམ་པ། རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སྐྱིད་སྡུག་དང་སྡེ་ཚན་ཁག་གི་སྐུ་ཚབ་བཅས་མི་གྲངས་སུམ་ཅུ་ཙམ་ལྷན་འཛོམས་ཐོག་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་ཞུས།

དེ་ཡང་ཐོག་མར་བོད་སྐྱོང་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ་དང་བསང་གསོལ་གསུང་འདོན་གནང་བ་དང་། དེ་ནས༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འབུལ་བ་དང་། མང་གཙོའི་གསར་གཞས་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་རྗེས་དབུས་བོད་མིའི་སྒྲིག་འཛུགས་༸དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བས་མཚོན་ལས་རིམ་ཁག་དང་། དམིགས་བསལ་འདི་ལོ་དབུས་བོད་མིའི་སྒྲིག་འཛུགས་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན། འདི་ག་སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་གི་ངོས་ནས་༸སྐུའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་ཆེད། བོད་ཀྱི་མང་གཙོའི་དུས་དྲན་དང་སྟབས་བསྟུན་ཀ་རྡོར་འབྲས་གསུམ་ཁྱབ་ཁོངས་སློབ་གྲྭ་འགྲིམ་བཞིན་པའི་འཛིན་གྲྭ་ ༩ ནས་ ༡༢ བར་འབྲིང་རིམ་དང་མཐོ་རིམ་སློབ་མ་རྣམས་རང་རེའི་སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས་ལ་སྨན་པའི་སླད། {བོད་ཀྱི་མང་གཙོའི་འཕེལ་རིམ་-༸རྒྱལ་བ་ཐམས་ཅད་མཁྱེན་པའི་བླ་ན་མེད་པའི་ལེགས་སྐྱེས་} ཞེས་པའི་བརྗོད་གཞི་ཐོག་བོད་ཡིག་འབྲི་རྩོམ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་པ་བཞིན། གོང་གསལ་ས་གནས་ཁྱབ་ཁོངས་ནས་སློབ་མ་ ༡༠ གྲངས་ཞིག་མཉམ་ཞུགས་བྱུང་བ་ལས་དེ་བཞིན་མཉམ་ཞུགས་གནང་བའི་གྲུབ་འབྲས་ཀྱི་ཨང་རིམ་སོན་པ་དག་ལ་བྱ་དགའ་གཟེངས་བསྟོད་བསྩལ་བ་དང་། དེ་བཞིན་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རོགས་དྲུང་དང་དངུལ་གཉེར་གཅིག་ལྕོགས་ལས་བྱེད་ཉི་མ་དོན་གྲུབ་ལགས་ཞབས་ལོ་ ༢༥ འཁོར་བའི་བསྔགས་བརྗོད་ཕྱག་འཁྱེར་དང་ཕྱག་རྟགས་འབུལ་བ་དང་། འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་དགོས་མཁོ་ཅན་གྱི་མི་སྣ་ཁ་གྲངས་ ༦ ལ་ངལ་སེལ་རོགས་དངུལ་དང་ཏོག་དབྱིབས་སྔོན་འགོག་གི་ཅ་དངོས་བཅས་འབུལ། གཞན་ཡང་སྒང་ཏོག་ས་འཐུས་ཚེ་རིང་སྟོབས་རྒྱལ་ལགས་ནས་མང་ཚོགས་དང་ལྷག་པར་གཞོན་སྐྱེས་ཚོར་གོ་རྟོགས་ཡོང་སླད་མང་གཙོའི་འཕེལ་རིམ་སྐོར་འབྲི་རྩོམ་སྒྲོག་སྦྱང་གསལ་བཤད་གནང་བ་དང་། མཐར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ལས་ཚབ་ནས་ཐུགས་རྗེ་ཆེའི་གསུང་བཤད་ཀྱི་སྒོ་ནས་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་ཞུས་པའོ༎

སྣ་ཚོགས།

Post navigation

Previous Post: དད་པའི་སྟོབས།
Next Post: བོད་པའི་འོས་བསྡུ་ཟེར་བ། ཆོལ་ཞེན་སྤེལ་བའི་རྒྱུ་རེད།

Comments (2) on “འབྲས་ལྗོངས་སྒང་ཏོག་ཁུལ་དུ་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་ཞུས་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-09-03 at 3:32 am

    འབྲས་མོ་ལྗོངས་སུ་འབྲས་སྐྱེས། །
    གང་ཏོག་སྒང་ལ་ཏོག་རྒྱན། །
    དུག་བཅུའི་མངས་གཙོའི་ལས་བྲེལ། །
    བོད་ཧིན་མངས་གཙོས་ཁྲིམས་བསྲུངས། །

  2. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-04 at 7:13 am

    བོད་ཀྱི་མང་གཙོའི་དུས་དྲན་རེད་དམ་དུས་ཆེན་རེད།
    གསུམ་བཅུའི་དུས་དྲན།
    འཁྲུངས་སྐར་དུས་ཆེན།
    མང་གཙོའི་དུས་ཆེན།
    ནེ་ཝེལ་ཞི་བདེའི་གཟེངས་རྟགས་དུས་ཆེན། མ་རེད་དམ?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme