Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྱུང་འགྱུར་ནང་པའི་ཆོས་ལུགས་ཀྱི་གཙོ་འཛིན་ལམ་ལུགས།

Posted on 2008-06-11 By དབང་ཕྱུག་ 1 Comment on འབྱུང་འགྱུར་ནང་པའི་ཆོས་ལུགས་ཀྱི་གཙོ་འཛིན་ལམ་ལུགས།

ཆབ་བྲག་ཕོ་ཉ།
བོད་ལ་མཚོན་ན། སྔོན་ཆད་ཆོས་བརྒྱུད་ཁག་ལ་བླ་ཆེན་མང་པོ་བྱུང་ནའང་ཆོས་བརྒྱུད་ཡོངས་ཀྱིས་མང་མོས་ཀྱི་དབུ་འཛིན་ཞིག་བདམས་མྱོང་མེད་ལ། ལྷག་པར་འཛམ་གླིང་ནང་པའི་གཙོ་འཛིན་ཞིག་བྱུང་མྱོང་མེད་ཀྱང༌། ཏཱ་ལའི་བླ་མ་རྒྱ་དམར་གྱིས་མཐར་སྤྲོད་བཏང་བའི་རྐྱེན་ངན་གྲོགས་ཤར་དུ་ཆོས་བརྒྱུད་རྣམས་ཙམ་མ་ཟད་འཛམ་གླིང་ནང་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པ་འདི་སྟོན་པ་འཇིག་རྟེན་ལ་སླར་ཡང་བྱོན་པ་དང་ཅི་ཁྱད།
འཕགས་པ་སྤྱན་རས་གཟིགས་དབང་གི་ཐུགས་རྗེ་སྨོན་ལམ་ནི་བསྐལ་བ་ཇི་སྲིད་བར་དུ་བོད་རྒྱལ་ཁབ་སྲུང་སྐྱོབ་བྱ་རྒྱུ་ཙམ་གཏན་ནས་ཡིན་མི་སྲིད། ཁོང་གི་རྣམ་པར་ཐར་བ་དག་ལས་རྒྱལ་བློན་མཁས་བཙུན་ཅི་རིགས་ཀྱི་རྣམ་པས་བོད་དམུ་རྒོད་ཆོས་ཀྱིས་བཏུལ་ནས་མཐའ་འཁོབ་ཀྱི་ཡུལ་དེ་ཆོས་ཀྱི་དབུས་འགྱུར་རམ་བསྟི་གནས་ཤིག་ཏུ་བཏང་བ་གཙོ་བོ་ཞིག་ཡིན་ལ། འདིའི་ཆ་ནས་བལྟས་ན་ཁོང་གི་ཐུགས་སྨོན་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འགྲོ་བ་ཐམས་ཅད་ཀྱི་མགོན་དུ་བྱོན་པས། བོད་ཙམ་མ་ཡིན་པར་གནམ་འོག་ཞི་བདེ་ལ་འགོད་རྒྱུ་དེ་ཡིན་ངེས་པས། ཁོང་གི་མཛད་འཕྲིན་འཛམ་གླིང་ལ་རྒྱས་བཞིན་ཡོད་ལ། འདིས་འཕགས་མཆོག་ཁོང་གི་ཐུགས་སྨོན་མཐུ་སྟོབས་ལ་ཚོད་དཔག་དང་ཡིད་ཆེས་ཀྱང་བྱེད་ཆོག
ཉེ་ཆར་འཕགས་པའི་རྣམ་སྤྲུལ་འདིས་རང་གི་ཡང་སྲིད་སྐོར་ལ་དགོངས་ཚུལ་ཁ་གསལ་འདོན་གྱིན་པ་འདིར་ང་ཚོས་ཆེས་དོ་སྣང་བྱེད་དགོས་པ་ཞིག་རེད། ཁོང་གི་ཡང་སྲིད་འབྱུང་མིན་ལ་ཐེ་ཚོམ་མི་དགོས་ཏེ། ཇི་སྲིད་བསྐལ་བའི་བར་དུ་གནས་རྒྱུ་དེ་འཕགས་མཆོག་གི་ཐུགས་སྨོན་ཡིན་པས་སོ། ¿སྐུ་ཚེ་བསྐལ་བརྒྱའི་བར་དུ་གནས་པར་ཤོག¿ཅེས་པའི་སྨོན་ལམ་གྱི་ནང་དོན་ངོ་མ་ཡང་བདག་གིས་དེ་ལྟར་གོ་ལ། དེ་ལྟར་སྨོན་ལམ་འདེབས་ཀྱིན་ཡང་ཡོད། སྟོན་པའི་གསུངས་པ་ལྟར་ན་སྨོན་ལམ་གྱི་མཐུ་ཧ་ཅང་བཙན། བོད་མི་ཚང་མ་ལ་རེ་སྨོན་དེ་བཞིན་ཡོད་ལ་ནང་པ་ཚང་མར་ཡང་རེ་སྨོན་དེ་ལྟར་ཡོད་ན། གདུལ་བྱ་དང་འདུལ་བྱེད་གཉི་གའི་ངོས་ནས་རྒྱུ་རྐྱེན་རྟེན་འབྲེལ་ཚང་བས་བསླུ་མེད་རྒྱུ་འབྲས་ཡིན། འོ་ན་ཉི་མ་དེ་འཆར་ངེས་ཡིན་པས་ཤར་ནུབ་གང་ནས་ཤར་ཀྱང་ཁྱད་པར་མེད་དེ་ང་ཚོར་མཁོ་བའི་འོད་སྣང་ཐོབ་པས་སོ།
གལ་ཏེ། རྟེན་འབྲེལ་དེ་ལྟར་མ་ཚང་ན་ཉི་མ་ཤར་ན་ཡང་སྤྲིན་པའམ་གཟའ་ཡིས་འཛིན་སྲིད་ལ། ཉི་མ་དེ་འོད་སྣང་ཆུང་བའམ་ཡང་ན་ཕྱོགས་རེ་བའི་ཉི་མར་འགྱུར་ཡང་སྲིད། ¿གང་ལ་གང་འདུལ་དེ་ལ་དེར་སྟོན་པ¿ཡི་ཉི་མ་ཞིག་ཡིན་ན། དབྱིབས་སྒོར་མོ་ལས་གཞན་གྲུ་བཞི་དང་ཡང་ན་ཟུར་གསུམ་སོགས་སུ་འགྱུར་སྲིད་ལ་འགྱུར་ཡང་འོས། དེ་ལྟར་བསམས་ན་ཏཱ་ལའི་བླ་མའི་ཡང་སྲིད་དེ་ཡི་ཤུའི་སྦོབ་ལྟར་བདམས་ནའང་ཡང་སྲིད་གང་ཉིད་སླེབས་ངེས་པ་ཡིན། དོན་ལ་དམངས་གཙོའི་ལམ་ནས་ཆོས་ཀྱི་གཙོ་འཛིན་ཞིག་བསྐོ་གིན་ཡོད་པས་དེ་ལ་དད་ལྡན་མང་ཚོགས་ཀྱིས་དད་བཀུར་འཐོབ་ངེས། དེའི་རྒྱུད་རིམ་ནང་སྔར་སྲོལ་ཆོས་ལུགས་བཞིན་དུ་བརྟག་པ་གནང་ནས་འོས་གཞི་འཚོལ་ཆོག་ལ་དེའི་ཐོག་ལ་མང་མོས་འོས་འདེམས་གནང་ན་འོས། འདི་ལ་དགོས་པ་གཙོ་བོ་གཉིས་མཐོང་སྟེ། གཅིག་ནི་ཏཱ་ལའི་བླ་མ་དང་བོད་སྤྱི་ཚོགས་གཉིས་བར་ལ་ཆབ་སྲིད་ཀྱི་འབྲེལ་བའང་དམིགས་བསལ་ཞིག་ཡོད་པ་དང་ལྷག་པར་སྐུ་ཚེ་འདི་ཉིད་ངེས་པར་ཚབ་སྲིད་ཐད་ལ་མེད་ཐབས་མེད་པ་ཞིག་ཡིན་པའི་ཐོག་སྐུ་ཚེ་རྗེས་མ་དེ་ཡང་ང་ཚོའི་ཆབ་སྲིད་ཐད་ལ་བླ་མ་གཞན་ལས་དགོས་མཁོ་ཆེ་ངེས་ན། ཏཱ་ལའི་བླ་མ་བོད་ཀྱི་སྲིད་སྟེགས་ཐོག་ཏུ་སླེབས་ཚུལ་ལའང་དམངས་གཙོའི་རྣམ་པའི་ཆ་ནས་འོང་རྒྱུ་དེ་གལ་ཧ་ཅང་ཆེ།
གཉིས་པ་ནི་ལམ་སྲོལ་དེ་རིམ་བཞིན་གནས་ན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འཐུས་ཚང་དུ་གནས་རྒྱུར་ཡང་ཕན་ཞིང་ལྷག་པར་ཏཱ་ལའི་བླ་མ་ཟེར་བའི་མཚན་དེ་ཆབ་སྲིད་དང་མ་འབྲེལ་ལ་དགེ་ལུགས་པའི་གོ་དོན་ཡང་མེད་པར་ཆོས་བརྒྱུད་རིས་མེད་དང་ནང་པ་སྤྱིའི་གཙོ་འཛིན་གྱི་མཚན་གནས་ཤིག་ཏུ་རྒྱུན་འཇགས་འབྱུང་སྲིད། དེ་ལྟར་གྱུར་ན་མ་འོངས་པའི་དུས་ནམ་ཞིག་ལའང་བླ་སྤྲུལ་དངོས་རྫུན་ག་ཚོད་ཅིག་བྱུང་ཡང་ནང་པ་ཚོར¿ཨ་ཡོད་ནང་གི་ད་ཡོད་དང༌། སྒོ་ངའི་ནང་གི་སེར་ཐིག¿གཅིག་རང་ཡོད་པར་འགྱུར་བས་ན་དགེ་མཚན་ཧ་ཅང་ཆེ་སྙམ། སྐབས་དེ་དག་ཏུ་བོད་མི་ཙམ་མ་ཡིན་པར་ནང་པ་ཚང་མས་འོས་ཤོག་འཕེན་རྒྱུ་ཡིན་ལ་གཅིག་བྱས་ན་ཏཱ་ལའི་བླ་མའི་ཡང་སྲིད་མ་ཡིན་པའི་ནང་པའི་བླ་ཆེན་སུ་ཞིག་ཀྱང་སླེབས་སྲིད་ལ་སླེབས་ཀྱང་ཆོག་པ་ཡིན། གནས་ལུགས་དེ་གསང་བ་བསམ་གྱིས་མི་ཁྱབ་པས་ན་ང་ཚོར་ཤིན་ཏུ་ལྐོག་གྱུར་ཡིན་མོད་ཡང་དག་ཀྱང་ཡིན།་འདི་ནི་བསྟན་དང་འགྲོ་དོན་སྐྱོང་བའི་བླ་མའི་རྣམ་ཐར་ལ་ཡིད་ཆེས་པའི་ནང་པ་ཡོངས་ལ། ྋགོང་ས་མཆོག་ཉིད་ཀྱི་དགོངས་དོན་ལ་དད་མོས་ཙམ་མ་ཡིན་པའི་རྒྱབ་སྐྱོར་སླད་དུ་ཕུལ་བའི་ཐོག་མའི་བསམ་ཚུལ་ཙམ་མོ།།

སྣ་ཚོགས།

Post navigation

Previous Post: ས་གཞི་འདྀའི་ཆེད་དུ།
Next Post: ཐལ་ཆ་ཤོར་བའི་གླེང་མོལ་འགའ།

Comment (1) on “འབྱུང་འགྱུར་ནང་པའི་ཆོས་ལུགས་ཀྱི་གཙོ་འཛིན་ལམ་ལུགས།”

  1. ཟུར་བལྟ། says:
    2008-06-11 at 12:59 pm

    ངས་བལྟས་ན་རིན་པོ་ཆེ་ཁོང་ཁ་ཆེའི་ལུང་པ་དང་རྒྱ་ནག་ནང་ཕེབས་ནས་ཐུན་མོང་མིན་པའི་མཛད་པ་རྣམས་སྤེལ་ན་ངོ་མ་རླབས་ཆེན་རེད། དེ་མིན་ནུབ་ཕྱོགས་རྒྱལ་ཁབ་ནང་ཕེབས་པ་ཙམ་གྱིས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད་བཤད་ན་དེ་བླ་མ་ཚང་མས་བྱེད་ཐུབ་པ་མ་ཡིན་ནམ། ཐ་ན་ཤུགས་ལྡན་ཝ་ལ་སྐལ་བཟང་རྒྱ་མཚོས་ཀྱང་གོང་གི་ཁྱེད་ཀྱི་གསུངས་པའི་རྒྱལ་བའི་མཛད་པ་རྣམས་སྒྲུབ་བཞིན་པ་མ་ཡིན་ནམ། ཁོང་ཚོར་ཡང་འཛམ་གླིང་ཞི་བདེ་དང་ཆོས་ཀྱི་རྒྱལ་པོའི་རྐུབ་བསྟེགས་མི་ཐོབ་བམ། ཁོང་ཚོས་ཀྱང་འཛམ་གླིང་ཞི་བདེ་ཟེར་བཞིན་འདུག་གོ 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme