Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབུམ།

Posted on 2018-05-292018-05-29 By ཁ་བརྡ 5 Comments on འབུམ།

ཆབ་བྲག་ཕོ་ཉ།

ཀ༽

“ས་ག་ཟླ་བ་ཚེས་སོང་། སྲོག་བླུའི་སྐལ་བ་ལྡན་སོང་། སྐྲ་ལོ་གཙང་མར་བཞར་ནས། ཆོས་གོས་སེར་པོ་གོན་ནས། ཕྱུག་འགྱུར་ལམ་ལ་ཆས་འགྲོ”
ཁོས་ཐོལ་བྱུང་གཞས་ཚིག་དེ་འདྲ་ཞིག་དབྱངས་ལ་འགུགས་བཞིན་ཐོག་མར་སྐྲ་བཞར་ཁང་ཞིག་ལ་འཛུལ་ཞིང་དེ་ནས་སླར་ཡང་ཆོས་གོས་ཚོང་ཁང་ཞིག་ལ་སོང་།

ཁ༽

“ཆོས་ལྡན་བོད་ཀྱི་ཞིང་ཁམས་ཡིན། ལག་ཕྲེང་བ་ཅན་དང་ཁ་མ་ཎི་ཅན། སྙིང་རྗེའི་བདག་པོ་ཡིན་ཟེར། དེ་བས་ད་ས་ག་ཟླ་བ་དགེ་བ་འབུམ་འགྱུར་གྱི་དུས་བཟང་པོ་བསླེབས་སོང་བས་ངས་ན་ནིང་ལྟར་ཉ་གང་མང་ཞིག་ཚེ་ཐར་སྲོག་བླུ་གཏོང་རྒྱུའི་དགེ་བ་མཉམ་གསོག་གི་སྐད་འཕྲིན་གླིང་ཚོམས་སྲོག་བླུ་དགེ་འབུམ་གླིང་འདི་བཙུགས་པ་ཡིན། དད་ལྡན་རྒྱ་ཆེའི་མང་ཚོགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་དགེ་སྒྲུབ་འདིར་རྒྱབ་སྐྱོར་གནང་རོགས། དགེ་བ་བསྒྲུབས་རྗེས་བླ་མ་ཡིད་བཞིན་ནོར་བུ་ཚང་གི་མདུན་ལ་སོང་ནས་དགེ་བ་བསྔོ་རྒྱུ་ཡིན། དགེ་བ་འབུམ་འགྱུར་གྱི་ཚེགས་ཆུང་དོན་ཆེན་གྱི་གོ་སྐབས་འདི་ཚང་མར་འཐོབ་པའི་སྨོན་ལམ་འདེབས།” ཞེས་ཁོས་འབུམ་རིན་པོ་ཆེ་ཞེས་པའི་སྐད་འཕྲིན་གྱི་མིང་ཐོག་ནས། གཟབ་ནན་རང་བཞིན་དང་ལྷོད་ཆ་ཅན་གྱི་གཏམ་བཤད་ཐུང་ངུ་ཞིག་དང་ལྷན་དུ་ཡིག་ནོར་མང་བའི་གསལ་བསྒྲགས་ཉ་སྲོག་བླུའི་པར་ཅན་ཞིག་ཚོགས་པའི་ནང་བསྐུར།

“འབུམ་འགྱུར་ཟླ་བ་ལ་དགེ་བ་འབུམ་འགྱུར་ཡིན་པས་རྟེན་འབྲེལ་ངོ་མཚར་ཅན་ཞིག་སྒྲིག་ཆེད་སྒོར་འབུམ་གཅིག་གིས་སྲོག་བླུ་ཐུབ་པ་བྱེད་རྒྱུ་ཡིན། དེ་བས་ངའི་རང་གི་མིང་ལ་ཡང་འབུམ་རིན་པོ་ཆེ་ཞེས་དགེ་བ་འབུམ་འགྱུར་མཚོན་ཆེད་བཏགས། ཐོག་མར་ང་རང་ནས་སྒོར་ཁྲི་གཅིག་གི་ཞལ་འདེབས་ཡོད།” ཅེས་བསྒྲགས།

ག༽

དེ་ནས་ཐོག་མར། དགེ་འདུན་མིང་ཅན་སེར་མོའི་བའི་པར་ཅན་ཞིག་གིས། “འབུམ་རིན་པོ་ཆེ་མཆོག་བཀའ་དྲིན་ཆེ། ངོ་མཚར་ཆེ། རྗེས་སུ་ཡི་རང་ཞུ། ད་ལོར་ཡང་བདག་དངོས་སུ་ཁྱེད་ཚང་གི་ཕྱག་རོགས་ལ་ཡོང་རྒྱུ་ཡིན་པ་མ་ཟད་སྒོར་ལྔ་སྟོང་གི་ཞལ་འདེབས་རྒྱག་རྒྱུ”ཞེས་བཤད་དེ། ཉ་ཚེ་ཐར་བཏང་བའི་བརྙན་ཐུང་ཞིག་ཀྱང་བསྐུར་ནས་ན་ནིང་ཁོང་ཚང་གིས་དགེ་སྐུལ་དགེ་སྒྲུབ་གནང་ཚུལ་སྐོར་གསལ་བཤད་གང་མང་ཞིག་བྱས།

དེར་མཐུད་རླུང་རྟ་ཅན་ཟེར་བ་ཞིག་གིས་ཀྱང། “འབུམ་རིན་པོ་ཆེ། སྐྱབས་སུ་མཆི་རྒྱུ་ཚང་། དགེ་བ་འབུམ་གསོག་གི་གོ་སྐབས་བཟང་པོ་འདི་འདྲ་ཞིག་གནང་བ་སྐུ་དྲིན་ཆེ། ད་ལོར་ང་ཡང་ཁྱེད་ཚང་གི་ཞབས་ཕྱིར་ཡོང་རྒྱུ། ཞལ་འདེབས་སྒོར་ཆིག་སྟོང་ཡོད།”ཅེས་བཤད་དེ། ཁོང་ཚང་གི་སྐུ་པར་དང་དགེ་སྒྲུབ་སྐོར་གྱི་པར་ཡིན་ཞེས་མང་པོ་ཞིག་བསྐུར་ནས་སྐད་ཆ་སྙན་མོ་མང་པོ་ཞིག་བཤད།

དེ་ནས་ཨ་མྱེ་དད་པ་ཅན་དང་གངས་ཅན་སྒྲོལ་མ། སེམས་བཟང་མ། འབྲོག་མོ་ཟེར་བ་སོགས་ཚོགས་མི་བརྒྱ་ལྷག་གིས་མཐེ་བོང་དང་ཐལ་སྦྱར་མཚོན་རིས་དང་ལྷན་དུ་སྒོར་ལྔ་སྟོང་ཅན་ནས་ལྔ་བཅུ་ཅན་བར་གྱི་ཞལ་འདེབས་ཁུག་དམར་མང་པོ་ཕྲེང་བར་བསྟར་ལ་བྲེལ། དེ་ལྟར་ཉིན་གསུམ་རིང་ལ་སྲོག་བླུ་དགེ་འབུམ་གླིང་ལ་ཚོགས་ཞུགས་པ་ལྔ་བརྒྱ་ལོངས་ནས། ད་དུང་དགེ་འདུན་དང་རླུང་རྟ་ཅན་གཉིས་ཀྱིས་ཞལ་འདེབས་སློང་སའི་ཡན་ལག་ཚོགས་པ་ཡང་འཛུགས་ཀྱིན་འདུག

ང༽

དྲ་ལམ་ཀུན་ན་ཉ་ཚེ་ཐར་གཏོང་བཞིན་པའི་བརྙན་ཐུང་དང་པར་རིས་འདྲ་མིན་མང་པོ་ཞིག་བརྒྱུད་སྐུར་དང་ལྷན་དུ་ལ་ལས་དེ་དག་ནི་དད་ལྡན་མང་ཚོགས་ལ་མགོ་སྐོར་བཏང་ནས་སྒོར་མོ་གཡོ་ལེན་བྱེད་པ་ཡིན་ཚུལ་བཤད། ལ་ལས་རྒྱ་བླ་དང་གྲྭ་རྫུན་ཚོའི”བྱ་བཙོག”གི་ཞེས་སྡང་ཞིང་དམོད། ལ་ལས་མང་ཚོགས་ཀྱི་རྨོངས་དད་ལ་སྐྱོན་བརྗོད་བྱེད། ལ་ལས་དེ་ནི་ཁོར་ཡུག་སྲུང་སྐྱོབ་ལའང་གནོད་པ་ཆེ་ཚུལ་གྱི་རྒྱུ་མཚནགསལ་བཤད་བྱས། ཡིན་ན་ཡང་མི་མི་ཉུང་བ་ཞིག་གིས་ཆོས་པ་ལ་ཁ་གཏོང་མི་ཉན། ལྟ་ལོག་པ་ཁྱོད་ཚོ་ཁ་ཚུམས་ཞེས་ཟེར། དེ་བས་བདག་གིས་ཀྱང་སྒྲུང་ཐུང་ཡིག་བརྒྱ་མ་ཞིག་རྩོམ་འདོད་པ་དང་ཡིད་ལ་ <འབུམ>ཞེས་པའི་ཁ་བྱང་ཞིག་ཤར།

ཅ༽

“ཚེས་ཆེན་བཅོ་ལྔ་ཚར་ཐལ། །དགེ་བ་འབུམ་འགྱུར་བཀྲ་ཤིས། །ཡོང་སྒོ་འབུམ་གཅིག་དོན་གྲུབ། །རྒྱ་གྲོང་སྐོར་ནས་ཉུལ་འགྲོ །རྒྱ་མོ་མཛེས་མ་འཚོལ་འགྲོ །།”
ཁོས་སླར་ཡང་ཐོལ་བྱུང་གི་གཞས་ཚིག་འདི་འདྲ་ཞིག་སྤྲོ་སྣང་གི་དབྱངས་སུ་འགུགས་བཞིན་ཆ་ལུགས་ཡ་མ་ཟུང་ཅན་གྱི་མི་གཉིས་ཏེ། དགེ་འདུན་མིང་ཅན་དང་རླུང་རྟ་མིང་ཅན་གཉིས་དང་ལྷན་དུ་རླངས་འཁོར་ཞིག་སྐོར་གྱིན་གློག་འོད་རྣམ་པར་བཀྲ་བའི་ཁང་བཟངས་ཤིག་ལ་སྐོར་བ་རྒྱག་གིན་འདུག་གོ།

བརྩམས་སྒྲུང་།

Post navigation

Previous Post:  མི་རེ་རེ་ལ་སྒྲུང་རེ་རེ་ཡོད།    
Next Post: རང་བཙན། བོད་མི་དམངས་ཀྱི་མངོན་འདོད། 


Comments (5) on “འབུམ།”

  1. ལ་དྭགས་འཇམ་དཔལ།། says:
    2018-05-30 at 12:18 am

    ལ་དྭགས་སུ་ཡང་། ས་ག་ཟླ་བར་ལག་ཏུ་འཕྲེང་བ་ཐོགས། ཁ་ནས། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་འདོན་པ་འདོན་མཁན་མང་། ས་ག་ཞེས་པའི་སྒྲ་འདི་བོད་ཀྱི་སྒྲ་རྣལ་མ་ཡིན་ནམ། རྒྱ་གར་གྱི་སྒྲ་བོད་སྐད་དུ། ཟུར་ཆག་གང་ཡིན་ལན་འདེབས་ན། ཕན་ཡོན་བསམ་གྱིས་མི་ཁྱབ་བོ།

  2. བྱང་ཆུབ་ལོ་མ། says:
    2018-05-30 at 8:11 pm

    སྒྲུང་རྩོམ་ཐུང་ངུ་འདི། བསམ་གཞིགས་ཀྱི་གཅོང་རོང་ཞིག་རེད། དྲ་ལམ་གྱི་ལུས་ངག་ཡིད་གསུམ་བྲིས་འདུག

  3. བསྟན་འཛིན་པདྨ། says:
    2018-05-31 at 11:31 am

    རྒན་ཆབ་བྲག་ཕོ་ཉ་ལགས་ཀྱི་སྒྲུང་ཐུང་ཡིག་བརྒྱ་མ་གསར་པ་ཞིག་ཀློག་རྒྱུ་བྱུང་བར་དགའ་པོ་བྱུང་། ཆབ་བྲག་ཕོ་ཉ་ནི་དོན་དངོས་ཀྱི་བོད་ཀྱི་རྩོམ་རིག་ཐོག་ལ་ཤེས་རྒྱ་ཕྱུག་ཅིང་། སྨྱུག་རྩེ་ནས་ཐོན་པའི་སྙན་དངགས་དང་། ལྷུག་རྩོམ། སྒྲུང་ཐུང་། སྒྲུང་རིང་སོགས་མང་དུ་མཆིས། དེའི་སྟེང་དུ་རྒན་ལགས་ཁོང་གི་མི་གཤིས་ནི་སྙན་དང་གྲགས་པ་ལ་མི་དགའ་ཞིང་། ཁ་ཁུ་སིམ་མེར་བཞུགས་མཁན་ཞིག་རེད། དེང་སྐབས་རྒན་ཁོང་གི་དགེ་ཕྲུག་མང་པོ་ཞིག་བོད་ཕྱི་ནང་གཉིས་གྱར་ནས་ཡོད་ལ། དེའི་ཁྲོད་ནས་མང་པོ་ཞིག་ནི་རྩོམ་པ་པོ་དང་ཞིབ་འཇུག་པ། གཞུང་ཞབས་པ། དགེ་རྒན་ལ་སོགས་པའི་ཕན་རླབས་ཆེ་བའི་ལས་རིགས་མང་པོའི་ནང་དུ་མཐོང་རྒྱུ་ཡོད། །

    ད་རེས་རྒན་ཁྱེད་ལ་སླར་ཡང་བཀྲིན་ལྷག་པར་ཆེ་ཞུ་རྒྱུ་ཡིན། །

  4. འབར says:
    2018-06-03 at 8:51 am

    རྒན་ལྷ་མོར་ཐུགས་རྗེ་ཆེ་ཞུ། ཞིབ་ཀློག་བྱས་ཚར།

  5. གཟུགས་བརྙན། says:
    2020-02-29 at 3:39 am

    སྙན་སོང་། སེམས་དགའ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme