Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཕྲིན་ཡིག་ཅིག

Posted on 2008-05-162008-05-16 By དགེ་རབ་ 9 Comments on འཕྲིན་ཡིག་ཅིག

དེ་རིང་གྲོགས་པོ་ཞིག་བརྒྱུད་ཁ་བརྡ་ཞེས་པའི་བོད་ཡིག་ཆ་འཕྲིན་ཞིག་གི་ཁ་བྱང་ལག་སོན་བྱུང་ཏེ། འཕྲལ་དུ་འཛུལ་ཞུགས་ཀྱིས་ནམ་རྒྱུན་གོམས་ལོབས་ལྟར་དྲ་ངོས་ཀྱི་རྩོམ་ཡིག་ཁག་ཀློག་པར་འཇུག་པ་ན། ཆེད་བཀོད་རྩོམ་ཡིག་འབྲི་མཁན་རྣམས་ནི་ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་ནང་ཚགས་པར་སོགས་ཀྱི་སྟེང་སྨྱུག་ཁ་གཡུགས་མཁན་གྱི་རྩོམ་པ་པོའི་མིང་འཛིན་སྐོར་ཞིག་རེད། དེ་རིང་ཡང་ཁོ་ཚོའི་རྩོམ་ཡིག་གི་ནང་དོན་དང་ཚིག་གི་སྦྱོར་བ། སྒྱུ་རྩལ་ཁྱད་ཆོས་སོགས་ཀྱི་ཆ་ནས་དུས་རྒྱུན་ལྟར་གྱི་རབ་རིབ་སབ་སིབ་དུ་སྣང་བས་སྤྲོ་བ་འཕྲོག་པའི་རྩོམ་ཡིག་ཅིག་མེད་སྟབས། ཕྲན་གྱི་བསམ་ངོར་གླེང་སྟེགས་འདིར་རིན་ཐང་དེ་ཙམ་མེད་པ་ལྟ་བུར་མཐོང་པས། ཀློག་པ་པོ་གཞན་རྣམས་ལའང་ཚོར་སྣང་འདི་ལྟར་འབྱུང་སྲིད། དེའི་ཕྱིར་གླེང་སྟེགས་འདི་ཆེད་གཉེར་བྱེད་པའི་ལྷག་བསམ་ཅན་རྣམས་ཀྱི་ཕུགས་རེ་དང་དམིགས་འདུན་ཅི་ཞིག་ཡིན་མིན་མི་ཤེས་མོད། འོན་ཀྱང་དངོས་གནས་བོད་ཀྱི་རིག་གཞུང་ལ་ཞབས་ཞུ་དང་གཞོགས་འདེགས་སླད་ཡིན་ཕྱིན། ཁ་བརྡ་གླེང་སྟེགས་དེ་བཞིན་ཤི་མ་གསོན་ཞིག་ཏུ་མི་འགྱུར་བར་སྔ་ས་ནས་དང་བླང་དོ་སྣང་གིས་གཅེས་འཛིན་བྱས་ཏེ། བོད་ནང་ཁུལ་ནས་ཀྱང་རྩོམ་ཡིག་གང་མང་འགོད་འཇུག་བྱ་ཐུབ་ན། ད་གཟོད་ཁྱོད་ཚོའི་ཁ་བརྡ་གླེང་སྟེགས་འདི་ཁ་ཚ་དགོས་གཏུགས་ཀྱི་དངོས་དོན་བོད་གཞིས་བྱེས་གཉིས་ཀྱི་ཁ་བརྡ་གླེང་སྟེགས་ཤིག་ཏུ་འགྱུར་བ་ལས། བཙན་བྱོལ་ནང་གི་རབ་རིབ་སབ་སིབ་ཀྱི་རྩོམ་ཡིག་རྐྱང་ཕན་ཚུན་ཕྱོགས་གཏོགས་རིས་ཆད་ཀྱིས་བཀོད་ནས་བསྡད་ན་ཁ་བརྡ་གླེང་སྟེགས་འདིར་ཁ་ཡ་བྱེད་མཁན་ཉུང་ཉུང་ཡིན་རྒྱུ་རེད་ཅེས་གླེང་སྟེགས་འདི་ལས་འཕྲོས་པའི་རང་གི་ཚོར་སྣང་ཙམ་གླེང་བ་ཡིན་པས། འདི་འབྲེལ་སུ་དང་གང་ལ་ཕོག་ཐུག་འགལ་ཉེས་བཟོས་ཡོད་ན་ལག་ཟུང་སྙིང་ཁར་སྦྱར་ནས་དགོངས་དག་ཞུ།

༼གོང་གསལ་ནི་བློ་རབ་ཞུ་བ་ཡིས་གློག་འཕྲིན་བརྒྱུད་ནས་བཏང་བའི་ཡི་གེའོ༎༽

འཕྲིན་ཡིག

Post navigation

Previous Post: མཁས་དབང་དགེ་འདུན་ཆོས་འཕེལ།
Next Post: གང་ལ་བུད་སོང༌།༼འདས་ཟིན་པའི་ཚ་བོ་ལ་ཕུལ་བ།༽

Comments (9) on “འཕྲིན་ཡིག་ཅིག”

  1. grabsal says:
    2008-05-16 at 11:48 am

    གྲོགས་པོ་ལགས།
    ཁྱེད་བསམ་ཚུལ་རྣམས་དྲ་དེབ་ཐོག་བཀོད་ཡོད། ཁྱེད་ཀྱི་ཐུགས་རེ་བཞིན་། བོད་ནས་འདི་ལ་རྩོམ་ཡིག་སྤེལ་བའི་རེ་བ་ཡོད། ཁྱེད་ཀྱིས་ཀྱང་རྩོམ་ཡིག་སྤེལ་ན་ཧ་ཅང་དགའ་བསུ་ཞུ།

  2. སེམས་པ་ཆུང་ཆུང་། says:
    2008-06-19 at 10:29 am

    འདི་འདྲའི་དྲ་གནས་ཡག་པོ་ཞིག་དང་སྤུས་དག་ཅིག་ད་སྔོན་མཐོང་མ་སོང་། རྟེན་འབྲེལ་ཞུ།
    དེ་མིན། དྲ་གནས་འདི་པས་སྤྱོད་ཀྱིན་པའི་བོད་ཡིག་གི་ཡིག་གཟུགས་རེ་གཉིས་དྲ་ངོས་ལས་ཕབ་ལེན་ཐུབ་པའམ་ཡིག་སྒམ་དུ་འབྱོར་ཐུབ་ན་ཅི་མ་རུང་ཨང་།
    བཀྲ་ཤིས་བདེ་ལེགས།

  3. སེམས་པ་ཆུང་ཆུང་། says:
    2008-06-19 at 10:47 am

    ང་ལ་མཁོ་བ་ནི་ཡིག་གཟུགས་བདུན་པོ་ལས་ཕྱི་མ་གསུམ་ཡིན་ལ། དེ་དག་ངའི་ཁ་བྱང་ཕྱི་མ་འདིའི་ནང་ལ་བསྐུར་གནང་ཡོད་པ་ཞུའོ།

  4. བསེ་རུ། says:
    2008-11-18 at 5:55 am

    སེམས་པ་ཆུང་ཆུང་ལགས།
    ཁྱེད་ལ་ཡིག་གཟུགས་བདུན་པོ་ལས་ཕྱི་མ་གསུམ་དགོས་ཞེས་པའི་ཕྱི་མ་གསུམ་པོ་གང་དང་གང་ཡིན་ནམ།
    སྤྱིར་དེང་དུས་བོད་ཡིག་ཡིག་གཟུགས་གང་དགོས་ཀྱང་བོད་ཀྱི་གློག་རྡུལ་རྒྱལ་སྒོ་དང་།བོད་ཀྱི་དྲ་མཛོད་ནང་ལ་འཛུལ་ཏེ་ཕེབས་ཁྱེད་ལ་བའི་བོད་ཡིག་རྣམས་བདེ་བླག་ངང་ཕབ་བཤུ་བྱས་ཆོག་དེ་དོན་ཐུགས་ལ་འཇོག་རོགས་གནང་།

  5. བསེ་རུ། says:
    2008-11-18 at 5:59 am

    འཕྲིན་ཡིག
    ས་མཐའི་ཡུལ་ནས་བོད་ཀྱི་ལས་དབང་གླེང།།
    རང་ཁྱིམ་གྲུ་བཞིར་ཁྱིམ་གྱི་ལས་དབང་གླེང།།
    མལ་སྟན་འཇམ་པོར་ལྷོད་པོར་ཉལ་བའི་དུས།།
    ང་ནི་སྟོང་པའི་ནང་གི་སྟོང་པ་ཞིག།

  6. དོན་གླིང་བུ། says:
    2008-11-18 at 6:03 am

    ཁ་བརྡ་དྲ་རྒྱའི་ནང་དུ་ལན་ཅིག་འཛུལ།།
    འགལ་རྐྱེན་བར་ཆད་མེད་པའི་སྨོན་ལམ་དང་།།
    མ་འོངས་ཡང་ཡང་ཁ་བརྡ་གླེང་བཞིན་དུ།།
    བོད་ཀྱི་དོན་ཆེན་སྒྲུབ་པའི་རྒྱུར་འགྱུར་ཤོག།

  7. སྒང་བུ། says:
    2008-11-18 at 6:08 am

    ཁ་བརྡ་དྲ་རྒྱར་འཚམས་འདྲིའི་བཀྲཀྲ་ཤིས་བདེ་ལེགས་ཞུ།

  8. karma says:
    2008-11-20 at 2:05 am

    ངའི་གོ་སྐབས་འདིའི་རྒྱུད་ནས་གཞིས་ལུས་རྒྱ་ཆེ་མི་མང་ལ་མཚམས་འདྲིའི་བཀྲ་་་་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ལྷན་ཁྱེད་རྣམས་དང་ང་ཚོ་བྱེས་སུ་གྱར་ནས་ཡོད་པ་རྣམས་མགྱོགས་ནས་མྱུར་དུ་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་མདུན་ངོས་སུ་མཉམ་འཛོམས་ཀྱི་ཐོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེང་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་རྒྱུ་ཡོད་པའི་སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་སྨོན་ལམ་འདེབས་བཞིན་མཆིས།་་བདེ་མོ་བྱས།་ང་ཚོ་ལ་ཡོད་པ་ནི་དྲང་བདེན་དང་ཞི་བའི་གོ་ཆ་ཡིན་པས་རིང་མིན་ང་ཚོའི་བདེན་མཐའ་སེལ་རྒྱུ་ཉག་གཅིག་ཡིན།་

  9. དོན་གླིང་བུ། says:
    2008-11-21 at 5:20 am

    གཞིས་བྱེས་གཉིས་སུ་ཡོད་པའི་ཤེས་ཡོན་ཅན་རྣམས་ཀྱི་སྙན་ལམ་དུ།
    དེང་གི་ཆར་ང་རང་ཚོའི་གངས་ལྗོངས་ཆོས་ལྡན་ཞིང་འདི་བཞིན་རྒྱ་དམར་གྱི་བཙན་གནོན་དྲག་པོའི་འོག་ན་ལོ་ངོ་ལྔ་བཅུ་ལྷག་ཙམ་སོང་ཟིན་ཅིང།་་རྩ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང།་སྐད་ཡིག་སོགས་ཆགས་འཇིག་གི་གནས་སྟངས་ཛ་དྲག་ཤིག་ཏུ་སླེབས་ཡོད་ཅིང།་ད་དུང་དང་གསར་དུ་འོང་བཞིན་པའི་མི་རབས་གསར་པ་ཕལ་མོ་ཆེས་རང་ཉིད་ཀྱི་སྐད་དང་རིག་གཞུང་ལ་དོ་སྣང་དེ་ཙམ་མི་བྱེད་པར།་མི་དགོས་མགོ་སེར་ཚོའི་སྐད་ཡིག་དང་ལུགས་སྲོལ་ཧང་སང་ཧོན་ཐོར་ངང་བསྙེགས་བཞིན་ཡོད་པ་མཐོང་དུས།་་ངོ་མ་ངའི་སེམས་ནང་བརྗོད་མི་ཐུབ་པའི་ཚོར་ཤུགས་ཆེན་པོ་ཞིག་དེ་མ་ཐག་སྐྱེས་ཡོང་གི་འདུག་་དེར་བརྟེན་གཞིས་བྱེས་གཉིས་སུ་ཡོད་པའི་ཤེས་ལྡན་བོད་རིགས་རྣམས་ལ་རེ་བ་ཞིག་ཡོད་པ་ནི་ཁྱེད་རྣམས་ཀྱི་ངརང་ཚོའི་མི་རབས་གསར་པ་རྣམས་ལ་རྟག་ཏུ་ང་རང་ཚོའི་སྐད་དང་ཡི་གེ་གཙོ་བོར་བྱས་པའི་ནང་པ་སངས་རྒྱས་པའི་ཆོས་དྲི་མ་མེད་པ་ལས་བྱུང་བའི་བྱམས་པ་དང་སྙིང་རྗེ།་འཚེ་བ་མེད་པ་སོགས་ལ་སློབ་སྦྱོང་བྱེད་དགོས་ལུགས་སོགས་ཐབས་འདྲ་མིན་གྱི་སྒོ་ནས་བསྐུལ་མ་བྱེད་རྒྱུ་དེ་ཡིན།་
    གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་འདིར།
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།
    ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་གཅིག་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme