Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཕེལ་གྱུར་རིག་པའི་བྱུང་བ་སྙིང་བསྡུས།

Posted on 2014-09-242014-09-24 By ཁ་བརྡ་ 4 Comments on འཕེལ་གྱུར་རིག་པའི་བྱུང་བ་སྙིང་བསྡུས།

གོང་དཀར་ངག་རྣམ།

 
དེང་རབས་འཕེལ་གྱུར་རིག་པ་ཞེས་ཡོངས་སུ་གྲགས་པ་འདི་ནི་སྐུ་ཞབས་ཌར་ཝིན་(1809-1882)གྱིས་གསར་གཏོད་བྱས་པ་ཞིག་ཡིན། ལོ་དེར་བོད་ཀྱི་མཁས་པ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དང་། ཉག་བླ་པདྨ་བདུད་འདུལ་ཞེས་པ་གཉིས་པོ་དེ་འཁྲུངས།
སྐྱེ་བོ་མང་ཆེ་བར་སྐྱེས་སྟོབས་དང་སྦྱངས་སྟོབས་ཀྱི་སྤོབས་པའམ་ཤེས་རབ་གཉིས་རང་ཆས་སུ་གྲུབ་ཡོད་ཅིང་། དེ་གཉིས་ཀའི་སྒོ་ནས་སྐྱེ་བོ་དེས་འཇིག་རྟེན་དང་། རང་གི་སྤྱི་ཚོགས། ཡང་ན་རང་ཉིད་ཀྱི་སྤྲོ་སྣང་འཚོལ་སྙེག་བྱེད་བཞིན་པ་ཆོས་ཉིད་ཅིག་རེད། སྐུ་ཞབས་ཌར་ཝིན་གྱི་ཆེས་ཐོག་མའི་སྤྲོ་སྣང་ནི་རང་ཉིད་ཀྱི་སྤོ་སྤོ་དང་ཨ་ཕ་བཞིན་གུས་བཀུར་འོས་པའི་སྨན་པ་ཞིག་བྱེད་རྒྱུ་དེ་མིན་པར་བྱིས་པའི་དུས་ནས་རང་བྱུང་ཚན་རིག་ལ་དབྱིངས་ཡོད་པ་དེ་ཡིན།

ཁེམ་རི་ཇི་(Cambridge) སློབ་གྲྭཪ་ཆོས་ལུགས་སློབ་སྦྱོང་བྱེད་དུས་དགེ་རྒན་ཆེན་མོ་ཧེན་སོ་ལོ་ཡིས་(Henslow) ཌར་ཝིན་ལ་སོ་སོའི་དམིགས་འདུན་འཚོལ་དགོས་རྒྱུའི་ལམ་སྟོན་གནང་། སྐབས་འདིར་ང་ཚོས་ཚོད་དཔག་བྱེད་ཐུབ་པའི་གནད་དོན་གཉིས་ཡོད་པ་ནི། ཌན་ཝིན་གྱིས་དུས་སྐབས་དེའི་ཆོས་ལུགས་ཀྱི་རྣམ་གཞག་དང་རྦད་དེ་འགལ་བའི་རིག་པའི་གཞུང་ལུགས་དེ་འདྲ་ཞིག་བརྩམས་དགོས་དོན་ནི། གཅིག་ནས་རང་ཉིད་བྱིས་པའི་སྐབས་ནས་རང་བྱུང་ཚན་རིག་ལ་དགའ་མོས་ཡོད་པ་དེ་དང་། གཉིས་ནས་སློབ་གྲྭ་དེར་ཡོད་པའི་ཆོས་ལུགས་ཀྱི་སློབ་འཁྲིད་དེས་ཁོང་འདོད་པ་མ་ཁེངས་པ་བཅས་ཀྱིས་ཡིན་པ་དེ་རེད།

གང་ཡིན་ཟེར་ན། ཡེ་ཤུའི་ཆོས་ལུགས་ཀྱི་ཤོད་སྲོལ་ནང་ལོ་སྟོང་ཕྲག་གཅིག་གི་སྔོན་ཙམ་དུ་དཀོན་མཆོག་གིས་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སྐྱེ་འགྲོ་སྣ་ཚོགས་པ་རྣམས་བདུན་ཕྲག་གཅིག་ནང་བཀོད་ཚུལ་ཞིག་ཡོད། ཌར་ཝིན་གྱི་དུས་སྐབས་ནས་ས་ཁམས་རིག་པ་བ་ཚོས་འཛམ་གླིང་ཆགས་ནས་ལོ་ངོ་ས་ཡ་མང་པོ་ཕྱིན་པའི་དཔང་རྟགས་རྙེད་སོན་བྱུང་བ་དང་། ཌར་ཝིན་གྱིས་སྲོག་ཆགས་དང་སྐྱེ་དངོས་མི་འདྲ་བ་འདི་དག་འཕེལ་འགྱུར་འགྲོ་བ་དང་། དེ་དག་ཕན་ཚུན་གཏན་ནས་མི་འདྲ་བ་ཡིན་པར་བསྟན།

དེ་ནས་༡༨༥༩ ལོར་ཌར་ཝིན་གྱིས་རང་བྱུང་འདེམས་སྒྲུག་གི་བརྒྱུད་རིམ་ལས་བརྩམས་པའི་ཉེ་རིགས་ཀྱི་རྒྱུ་(The Origin Of Species) ཞེས་པའི་གཞུང་ལུགས་ཤིག་བརྩམས། དེའི་ནང་ཁོང་གིས་འཛམ་གླིང་ཐོག་གི་ཚེ་སྲོག་ཡོད་དོ་ཅོག་ཚེ་སྲོག་གི་ཆུང་ངུ་ནས་འཕེལ་གྱུར་བྱུང་བ་དང་། དེ་དག་ཐམས་ཅད་ལ་རང་གི་ཐུན་མོང་མིན་པའི་གཤིས་ཀ་དང་སྤྱོད་པའི་ཁྱད་པར་གང་ཡོད་པ་དེ་སོ་སོའི་རིགས་ཀྱི་རྒྱུན་ལ་ཐིམ་འགྲོ་གི་ཡོད་པར་བཤད་ཡོད། དེ་ལ་བརྟེན་ནས་ཆོས་ལུགས་མི་སྣས་འགལ་ཟླའི་རྩོད་གླེང་མང་པོ་བྱས་ཡོད།

ལོ་རྒྱུས།

Post navigation

Previous Post: གནམ་གྲུ་MH370 གང་དུ་ཡོད།
Next Post: ཚོར་བའི་རྦ་རླབས།

Comments (4) on “འཕེལ་གྱུར་རིག་པའི་བྱུང་བ་སྙིང་བསྡུས།”

  1. གོང་དཀར་ངག་རྣམ། says:
    2014-09-24 at 12:07 pm

    འཕེལ་གྱུར་རིག་པ་དང་ནང་པའི་རྒྱུ་འབྲས་རྟེན་འབྲེལ་དབར་གླེང་འོས་པའི་གནད་དོན་མང་པོ་ཡོད་པས་རྩོམ་ཡིག་རྗེས་མར་དེའི་སྐོར་ཕུལ་ཆོག

  2. དོན་གླིང་བུ། says:
    2014-09-24 at 1:13 pm

    གྲོགས་མཆོག་ལགས་་ཀྱིས་དེང་སྐབས་ཁུ་སིམ་སིམ་ལ་ལས་དོན་ཆེན་པོ་དེ་འདྲ་བསྒྲུབ་ཀྱི་འདུག་ག དངོས་འབྲེལ་རྗེས་སུ་ཡི་རངས་ཡོད་ད། མུ་མཐུད་ནས་གནང་རོགས།

  3. གོང་དཀར་ངག་རྣམ། says:
    2014-09-24 at 1:48 pm

    (The Origin Of Species)སྐྱེ་ལྡན་ཉེ་རིགས་དག་གི་འབྱུང་ཁུངས།
    ཞེས་ཨད་མོ་རི་དང་བོད་ཀྱི་དཔེ་མཛོད་མཉམ་འབྲེལ་གྱིས་བཏོན་པའི་ཚན་རིག་དཔེ་དེབ་ནང་དེ་ལྟར་འཁོད་འདུག

  4. གཅན བཟོད་རྒྱམ། says:
    2014-09-25 at 3:32 am

    ཁ་སྔོན་གྱི་སེམས་གཙོའི་སྐོར་གྱི་འགྱུར་རྩོམ་དེ་བཀླགས་ཚར་ཡིན། ཡང་བྱུང་།
    དེ་རིང་གི་རྩོམ་ཡིག་འདིར་” ཡེ་ཤུའི་ཆོས་ལུགས་ཀྱི་ཤོད་སྲོལ་ནང་ལོ་སྟོང་ཕྲག་གཅིག་གི་སྔོན་ཙམ་དུ་དཀོན་མཆོག་གིས་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སྐྱེ་འགྲོ་སྣ་ཚོགས་པ་རྣམས་བདུན་ཕྲག་གཅིག་ནང་བཀོད་ཚུལ་ཞིག་ཡོད། ་་་་་་་་ ” ཟེར་འདུག ལོ་གཅིག་སྟོང་གི་སྔོན་ཟེར་བ་དེ་ཡེ་ཤུ་མ་འཁྲུངས་པའི་སྔོན་གྱི་ལོ་གཅིག་སྟོང་ངམ་ཡང་ད་ནས་རྩིས་པའི་ལོ་གཅིག་སྟོང་གང་ལ་ངོས་འཛིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme