Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདྲེ་རུ་སྐྱེ་བའི་སྔ་གཞུག་གི་མྱི།

Posted on 2011-04-262011-04-26 By དབང་ཕྱུག་ 1 Comment on འདྲེ་རུ་སྐྱེ་བའི་སྔ་གཞུག་གི་མྱི།

བོད ལྷ་ཀླུ་གཉན་གསུམ།

ཁ་རོག་གེར་བསྡོད་པ་དེ་ནི་ཁྱེད་རང་གི་རང་ གཤིས་སུ་གྱུར་ཉིན་ནས། སུ་ལ་ཡང་འདྲིས་ཤིང་མ་གཤིབ་པའི་མི་གཤིས་སྐྱུར་མོའི་དེ་ཡི་ལྟག་རྒྱབ་ན། ཁ་རོག་གེར་སྐོང་ནས་སྟོང་ལབ་ལ་གོམ་པའི་མྱི་ངན་ཁྱེད་རང་། འཇིག་རྟེན་གྱི་གནས་ལུགས་དང་རྒྱུ་མཚན་ལས་བརྒལ་ནས། མྱི་སེམས་མང་བོ་ཞིག་གི་ཕ་རོལ་ན། ཁེར་རྐྱང་གི་རུམ་ཁ་ཞིག་འཚོལ་བའི་དུས་སུ། ཁྱེད་རང་ལ་ཁྱེད་རང་ལས་ལྷག་པའི་འགྲེལ་བཤད་གང་ཡང་མ་མཆིས་མོད། ཡིན་ཡང་། ཁྱེད་རང་ཤེས་མཁན་གྱི་ཁྱེད་རང་དེ་ནི་མྱི་མ་རེད། འདྲེ་རེད། འདྲེ་དེ་ཡང་མི་ཚོགས་ཤིག་གི་ལྟག་རྒྱབ་ན། ཁ་རོག་གེར་ལབ་རྒྱག་པར་གོམ་པའི་མྱི་ཁྱེད་རང་རེད།

གནམ་སའི་རིག་ངེས། རྒྱུ་འབྲས་ཀྱི་ཚད་འཇལ་ངེས། ལས་དབང་གི་ཐག་གཅོད་བྱེད་ངེས། དཀོན་མཆོག་གི་ཐར་བ་གཏོང་མི་སྲིད། ཐག་རིང་ཐུང་གང་རུང་གི་མྱི་ཁྱེད་རང་། ཁྱེད་རང་ནི་གྲུབ་མ་འདྲེ་བར་གྱུར། གྲུབ་མར་དགའ་བ་འདྲེ་ཡི་རང་གཤིས་ཡིན་ཟེར། ཏག་ཏག་ཁྱེད་རང་འདྲེ་ཡིན་ངེས་རེད། བྱེད་སྟངས་ཀྱང་འདྲེ་ཡི་བྱེད་སྟངས་ཤིག་འབྱོར་ཡོད། མྱིས་མི་ཤེས་ས་ཤིག་ནས། མྱིས་མི་རིག་ས་ཞིག་ནས། མྱིས་མི་གོ་ས་ཞིག་ནས། ཁྱེད་རང་ནམ་རྒྱུན་གྱི་མྱི་དེ་གཏན་ནས་མིན་པར་གྱུར་འགྲོ དེ་ཡང་ཁོར་ཡུག་དང་ཁང་ཁྱིམ། བྱིས་པ་དང་མཛའ་མོ། ཕ་མ་དང་ཉེ་དུ། བརྩེ་དུང་དུང་ལ་རྒྱ། དེ་དག་བརྗེད་པའི་སྐབས་ཀྱི་ཁྱེད་རང་། མྱི་མ་རེད། འདྲེ་རེད། འདྲེ་དེ་ཡང་ཕྱི་ཐག་མེད་པའི་འདྲེ་ཞིག་རེད། སྐབས་དེ་དུས་ཀྱི་ཁྱེད་རང་ནི། གནམ་འོག་འདིས་ཆེས་མི་ལེགས་པའི་མྱི་ཞིག་ཡིན།

སྐད་ཆ་བཤད་ཤེས་པ་དེ་ཡང་དོན་སྙིང་ མེད་ནི་ཞིག་བཤད་ཀྱི་ཡོད། འདང་རྒྱགས་པ་དེ་ཡང་རྒྱུ་མཚན་མེད་ནི་ཞིག་འདང་རྒྱགས་ཀྱི་ཡོད། བསམ་བཞིན་པ་དེ་ཡང་དགོས་པ་མེད་པ་ཞིག་བསམ་བཞིན་ཡོད། འཚོལ་བཞིན་པ་དེ་ཡང་ཕུགས་འབྲས་མེད་པ་ཞིག་ཡིན། གང་ལྟར། ཁྱེད་རང་ནི་མྱི་འབག་གྱོན་པའི་འདྲེ་ཞིག་ཡིན། ཁྱེད་ཀྱིས་མྱི་མང་བོ་ཞིག་གི་སེམས་སུ་ན་ཟུག་བསྐྲུན་ཡོད། ཁྱེད་ཀྱིས་མྱི་མང་བོ་ཞིག་ལ་དྲན་གདུང་བཞག་ཡོད། ཁྱེད་ཀྱིས་མྱི་མང་བོ་ཞིག་དོན་མེད་དུ་བསྡིག་ལ་གཏད་ཡོད། དོན་དངོས་ཐོག གང་ཡང་མི་འཇོན་པའི་ཁྱེད་རང་ནི། མྱི་གྲལ་ནས་འདུག་པ་ལས། རིག་མི་ཐུབ་པའི་འདྲེ་སུ་འབོད་པའི་གྲལ་རིམ་དེར་འཛུལ་བཞུགས་བྱེད་ཐུབ་ན་ཡག་ས་ རེད།
དེ་ན་ཁྱེད་ལ་གོ་ས་ཞིག་ཡོད་སྲིད། དེ་ལ་ཁྱེད་ལ་མཛའ་གྲོགས་ཡོད་སྲིད། དེ་ན་ཁྱེད་ལ་རང་དབང་ཡོད་སྲིད། དེ་ན་ཁྱེད་ལ་གནས་ཚང་ཡོད་སྲིད། དེ་ན་ཁྱེད་ལ་སྐད་ཤུགས་ཡོད་སྲིད། དེ་ནས་ཁྱེད་རང་གི་འདྲེ་ངོ་མའི་བྱེད་ལུས་འགུལ་བསྐྱོད་ཐ་དག་གི་རམ་འདེགས་ཡོད་ སྲིད། མྱི་གཟུགས་ལ་འདྲེ་ཡི་རྣམ་ཤེས་ཅན་ལགས། ཁྱེད་རང་འདི་ནས་ག་ལེར་ཕེབས་ན་རེད།

གསལ་བསྒྲགས།, སྣ་ཚོགས།

Post navigation

Previous Post: རྟོགས་བརྗོད་འབྲི་སྟངས་གཞན་ཞིག
Next Post: དགོངས་སེལ་ཞིག བོད་རྔ་བར་སེམས་གཏད་པ།

Comment (1) on “འདྲེ་རུ་སྐྱེ་བའི་སྔ་གཞུག་གི་མྱི།”

  1. བཀྲ་ཤིས་ནག་ལྡང་། says:
    2011-04-26 at 4:57 pm

    དྲ་འབུ་ཞིག་གཅུར་བཏང་ཐལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme