Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདྲེ་འདུལ། སྒྲུང་བ་ཞིག་གི་མི་ཚེ།

Posted on 2013-04-242013-04-24 By ཡེ་ཤེས་ 4 Comments on འདྲེ་འདུལ། སྒྲུང་བ་ཞིག་གི་མི་ཚེ།

ཀླུ་སྨྱོན།

དང་པོ།
ང་ལོ་ན་བཅུ་ཙམ་ལ་སོན་དུས་མའོ་ཤི་ནས་རིག་གནས་གསར་བརྗེའི་མཇུག་སྒྲིལ་མགོ་ཚུགས་འདུག་ཀྱང་། ནག་ཉེས་ཀྱི་ཞྭ་མོ་བསྐོན་ཡོད་མེད་ཚང་མས་ད་དུང་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་པ་དང་གྲལ་རིམ་དགྲ་བོར་དོགས་ཟོན་བྱེད་པ་ནི་ད་དུང་རྒྱུན་ལྡན་གྱི་ཉིན་རེའི་བྱ་བ་ཞིག་ཡིན་པ་འདྲ། ང་ཚོའི་སྡེ་བར་ཁྱིམ་ཚང་བརྒྱ་ལྷག་ཡོད་ཅིང་ཚོ་ཆུང་བཞིས་གྲུབ་འདུག སྡེ་བའི་སྤྱི་ཁང་ཁང་མིག་རིང་པོ་གསུམ་འབྲོག་ས་དང་རོང་སའི་དཀྱིལ་དུ་འཛུག་སྐྲུན་བྱས་ཡོད་ལ། སློབ་ཆུང་ཞིག་དེའི་ཉེ་འཁྲིས་སུ་ཡོད་པ་ནི་དྲུག་ཅུ་རེ་གཅིག་ལོར་ཐར་ཤུལ་དགོན་པ་གཏོར་བཤིག་བཏང་བའི་འདུ་ཁང་གི་ཤིང་ཆ་བེད་སྤྱོད་ཀྱིས་བསྐྲུན་པ་ཞིག་རེད་འདུག གནས་འདིའི་བྱང་ཕྱོགས་སུ་མང་རའི་བྱེ་ཐང་ཆེན་པོ་དེའི་གྲུ་ཟུར་ཞིག་ནམ་ཡང་གསེར་མདོག་གིས་བརྒྱན་ནས་ཡོད་པ་དང་། ཤར་ལྷོ་ནུབ་ཕྱོགས་གསུམ་ནི་ཕྱི་བརྩེགས་ནང་བརྩེགས་ཀྱི་རི་བོས་བསྐོར་ཡོད། ང་ཚོའི་ས་ཆ་འདིར་དབྱར་ཁ་རེ་རེ་བཞིན་རི་ཀླུང་ཐང་གསུམ་ཚང་མ་མཛེས་སྡུག་མེ་ཏོག་སྣ་ཚོགས་ཀྱིས་ཁྱབ་འགྲོ་བ་དང་། དགུན་ཁ་རེ་རེར་ས་གཞི་ཧྲིལ་བོ་གངས་དང་འཁྱག་པས་བསྡམས་ནས་མི་ཕྱུག་ཚང་མ་འདར་ཁྲི་ལི་ལི་བཟོ་བ་དང་། སྟོན་དཔྱིད་གཉིས་ཀར་མི་ཚང་མར་འཇིག་རྟེན་འདི་ལ་མཛེས་སྡུག་དང་མི་རྟག་པའི་ངེས་ཤེས་སྐྱེ་རུ་འཇུག་པའི་ཚོར་སྣང་མི་འདྲ་བ་ཞིག་སྟེར་བར་བྱེད།
ང་ཚོའི་སྡེ་བའི་མི་རྣམས་ཀྱིས་འབྲོག་ལས་ཞིང་ལས་གཉིས་ཀ་གཉེར་དགོས་པས། ལོ་གཅིག་དུས་བཞིར་ཁོམ་ལོང་ཡོད་དུས་ཤིག་ཕལ་ཆེར་དཀོན་པོ་ཡིན་ལ། རྩྭ་ཆུ་བསྙེགས་ཏེ་ལོ་གཅིག་ནང་རུ་བ་ཐེངས་མ་བཞིར་གནས་སྤོར་བྱེད་དགོས། རུ་སྤོར་བའི་ནངས་མོ་རེ་རེ་བཞིན་ངའི་ཕ་རྒན་ལ་རླུང་དྲག་པོ་ཞིག་ལང་སྲོལ་ཡོད་ཅིང་། རླུང་དྲག་པོ་དེས་ཁྱིམ་མི་ཚང་མས་རང་དབང་མེད་པར་ཅ་ལག་བསྡུ་གསོག་རྒྱག་པ་དང་གཡག་རྒྱབ་ཏུ་འགེལ་བར་ནུས་པ་བླ་ན་མེད་པ་ཞིག་ཐོན།
སྡེ་བའི་མི་མང་ཤོས་ཡིག་རྨོངས་པ་ཡིན་ཞིང་ཡི་གེ་ཡག་པོ་ཤེས་མཁན་རེ་ཟུང་ཡོད་པ་ནི་སྔོན་ཆད་གྲྭ་པ་བྱེད་མྱོང་བ་མིན་ན་རིག་གནས་གསར་བརྗེའི་སྐབས་ཀྱི་སྔོན་ཐོན་པའི་གྲས་ཡིན། ངའི་ཕ་རྒན་གྱིས་བོད་ཡིག་གི་དེབ་མང་པོ་ཞིག་གི་ནང་དོན་ལས་སླ་བོར་རྟོགས་ཐུབ་ཅིང་། ཨང་རྩིས་དགའ་རབ་ཡག་པོ་ཡོད་པས་ཁོང་ང་ཚོའི་སྡེ་བའི་རྩིས་གཉེར་བ་ལོ་ངོ་བཅོ་ལྔ་ཙམ་གྱི་རིང་བྱས་འདུག ཁོང་གི་ལས་ཀ་དེས་ང་ཚོའི་ཁྱིམ་ཚང་འདིར་གྱོང་གུན་གསབ་ཐབས་བྲལ་བ་ཞིག་ཁྱེར་ཡོང་བ་སྟེ། ཁོང་དང་ཁོང་གི་ལས་རོགས་ཚོས་དགུན་ཁ་རེ་རེ་བཞིན་སྤྱི་ཁང་ནང་རྩིས་ཞིབ་ཀྱི་ལས་ཀ་སྒྲུབ་ཞོར་ཆང་རག་ཚོད་མེད་དུ་འཐུངས་པས། སྡེ་བའི་ཅ་དངོས་མང་པོ་ཞིག་བོར་བརླགས་སུ་ཤོར་ནས་དེ་ཚོའི་ཚང་མའི་སྐྱིན་ཚབ་ངའི་ནང་མིས་འཇལ་དགོས་ཐུག་པས། ལོ་རེའི་ལོ་མཇུག་གི་ཁྱིམ་མིའི་ལས་ཀའི་སྐར་གྲངས་ལྟར་བགོ་འགྲེམ་བྱེད་པའི་དངུལ་དམར་བརྒྱ་ཕྲག་གཉིས་གསུམ་དེ་ཚོ་ལས་ཧ་ཅང་ཉུང་ཉུང་ཞིག་མ་གཏོགས་ངེད་ཚང་ལ་ཐོབ་རྒྱུ་མི་འདུག བུ་ལོན་འདིས་ངེད་ཚང་བལྟས་བལྟས་རིག་རིག་ལ་ལོ་ངོ་བཅུའི་རིང་མེད་དང་མུ་གེའི་དོང་ཞབས་སུ་འཕངས་སོང་། ཡིན་ཡང་། ངའི་ཨ་མ་བྱམས་སེམས་ཅན་དེས་ཉིན་གཅིག་ལ་ཡང་ངའི་ཕ་རྒན་ལ་ལེ་བརྡ་བྱེད་པ་མཐོང་མ་མྱོང་། ངའི་ཕ་རྒན་གྱི་གཤིས་ཀ་གཞན་ཞིག་སྟེ། ཁོང་ཆང་རག་གིས་བཟི་ནས་ཁྱིམ་དུ་བསླེབས་ཐེངས་རེ་རེ་བཞིན་ཁྱིམ་མིར་རླུང་སྟོན་པ་དང་ཨ་མར་རྡུང་བ་སོགས་རྩ་བ་ནས་མེད་པར་སྐྱོ་སྣང་ཆེན་པོའི་གདོང་མདོག་ཅིག་ཁུར་ནས་ཁུ་སིམ་མེར་སྡོད་པ་དང་། ལན་རེར་ང་འདྲ་བའི་ཁྱིམ་ཚང་གི་ཕ་རྒན་སྡུག་ཅག་ཅིག་ཟེར་ནས་མིག་ཆུ་ལྷུང་ལྷུང་དུ་འབབ་དུས་ཀྱང་མང་པོ་ཡོད། དེ་བས་ཁོང་ཨ་རག་གིས་བཟི་བའི་ཉི་མ་དེ་ནི་ངས་ཁོང་ལ་ཧམ་པ་ཆེན་པོས་སྒོར་ཟུར་ཙག་ཙིག་རེ་སློང་ནུས་པའི་དུས་ཚོད་རྩ་ཆེན་དེ་ཡང་རེད།
དེ་དུས་རྒྱུ་ནོར་ཚང་མ་ཐུན་མོང་ལ་དབང་བའི་དུས་སྐབས་ཤིག་ཡིན་ཞིང་། སྟོན་མཇུག་ཏུ་སྡེ་བའི་མི་རྣམས་ཀྱིས་ཉིན་གང་ཞིང་ཁར་ཞིང་འབྲེག་ཤོག་སྐྱེལ་གྱི་ལས་ཀ་བྱེད་དགོས་ཤིང་། དགོང་མོར་སྡེ་མི་མང་པོ་མཉམ་དུ་འཛོམས་ནས་ཟ་མ་བཟའ་ཞོར་རྒན་པ་ཚོས་གནའ་རྒྱུས་ད་གཏམ་ཆབ་སྲིད་ཀྱི་ནག་ཉེས་མི་ཕོག་པ་རེ་བཤད་པ་དང་། ན་གཞོན་ཕོ་མོ་ཚོས་མུན་ནག་གི་ཁྲོད་དུ་ལྐོག་ལྐོག་སུད་སུད་དུ་འདོད་པའི་བདེ་བ་འཚོལ་བར་བྱེད་ལ། བྱིས་པ་དག་གི་སེམས་ཁྲལ་ཅི་ཡང་མེད་པར་སྐོར་དང་སྐོར་བྱས་ནས་རྩེད་མོར་རོལ་བ་སོགས། སའི་གོ་ལའི་ཡོད་ཀྱང་ཆོག་ལ་མེད་ཀྱང་སྲིད་པའི་སྡེ་བ་ཆུང་ཆུང་ཞིག་གི་ཉིན་གཅིག་གི་ཉི་མ་དེ་ལ་མཇུག་མཐའི་སྡོམ་ཚིག་སྙིང་རྗེ་བོ་རེ་རྒྱག་པར་བྱེད།
རིམ་བཞིན་སྲིད་ཇུས་གུ་ཡངས་སུ་སོང་བ་དང་བསྟུན་ནས་གཟའ་འཁོར་རེའི་དགོང་མོ་ངེས་ཅན་རེ་རེར་སྡེ་མི་དག་ལྷན་དུ་འཛོམས་དུས། ངའི་ཨ་ཞང་སྒྲུང་ཕྲུག་ཅེས་པ་ལོ་ན་དྲུག་ཅུར་སོན་པ་ཞིག་ཡོད་པ་ཁོང་གིས་མི་མང་གི་དཀྱིལ་དུ་བཙོགས་ནས་ཇ་འཐུང་ཞོར། དཔའ་གོང་བ་དགྲ་བཙན་ཐར་ཡག་ཅེས་པའི་གླིང་གེ་སར་གྱི་སྒྲུང་ལས་ཚན་པ་ཞིག་བཤད་སྲོལ་ཡོད། སྒྲུང་དེིའི་བརྗོད་བྱ་གཙོ་བོ་ཞིག་ནི་གླིང་གི་དཔའ་རྟུལ་མིང་ལ་དཔའ་གོང་བ་དགྲ་བཙན་ཐར་ཡག་ཟེར་བ་ཞིག་ཕ་རོལ་གཡུལ་ངོར་ཆས་ཏེ་དགྲ་བོ་མང་པོ་བསད་མཐར། ཁོ་རང་ལ་ཡང་རྨས་སྐྱོན་ཚབས་ཆེན་ཐེབས་ནས་གླིང་དགྲ་གཉིས་ཀྱི་ས་མཚམས་ཤིག་ཏུ་རྟ་ལས་ལྷུང་ནས་ས་ལ་འགྱེལ་བ་དང་། ཁོས་ནམ་མཁར་འཕུར་བའི་བྱ་ཁྲུང་ཁྲུང་ཞིག་ལ་གླིང་གི་རོང་ཚ་ཁྲ་རྒན་ཁོང་ལེན་དུ་ཤོག་ཅེས་ངག་འཕྲིན་བསྐུར་བ་དང་། བྱ་ཁྲུང་ཁྲུང་དེས་འཕྲིན་པ་དེ་གླིང་ཡུལ་དུ་ཁྱེར་ནས་ཨ་ཁུ་ཁྲ་རྒན་ལ་བརྗོད་པ་ན། རོང་ཚ་ཨ་ཁུ་ཁྲ་རྒན་མྱུར་མོར་ལམ་ལ་ཆས་ནས་དཔའ་གོང་བ་དགྲ་བཙན་ཐར་ཡག་གི་ཚེ་སྲོག་བསྐྱབས་པའི་གླིང་སྒྲུང་ཧ་ཅང་སྙན་མོ་ཞིག་ཡིན་ཞིང་། ཨ་ཁུ་སྒྲུང་བས་སྒྲུང་བཤད་དུས་གླིང་གི་མི་སྣ་རེ་རེའི་སྐབས་སུ་ལུས་ཀྱི་ཉམས་འགྱུར་དང་ངག་གི་འདེག་འཇོག་མི་འདྲ་བ་རེ་རེ་སྟོན་རྒྱུ་ཡོད་པས། སྡེ་བའི་མི་ཚང་མས་དགའ་བསུ་ཆེན་པོ་བྱེད་པ་མ་ཟད། མི་རྣམས་ཀྱིས་ཁོང་ལ་ཇ་དང་བག་ལེབ་སོགས་སྤྲད་ནས་ཐུགས་རྗེ་ཆེ་ཞུ་སྲོལ་ཡང་འདུག ཁོང་གིས་སྒྲུང་དེ་མི་ཆེ་གེ་མོ་ཞིག་གི་རྩ་ནས་བསླབས་པའམ། ཡང་ན་ཁོང་ཡང་སྒྲུང་མཁན་སྐོར་ཞིག་དང་འདྲ་བར་བབས་སྒྲུང་སྟེ་གླིང་རྗེ་གེ་སར་རྒྱལ་པོའི་བྱིན་རླབས་ཞུགས་ནས་སྒྲུང་མཁན་དུ་གྱུར་པ་གང་ཡིན་ངས་རྩ་བ་ནས་ཤེས་རྟོགས་མེད་ལ། ཨ་ཞང་ཁོང་སྐུ་འཚོ་བཞུགས་སྐབས་དེའི་སྐོར་ཁོང་དང་ཁོང་གི་སྤུན་མཆེད་དག་ལ་འདྲི་རྒྱུ་ཡང་མ་བྱུང་།
ཕྱུག་ཟོག་སྒེར་ལ་བགོས་པའི་ལོ་དེའི་དགུན་ཁའི་ཉིན་ཞིག་གི་སྔ་དྲོར། ངའི་ཕ་རྒན་གྱིས་ང་ལ་ལས་ཀར་འཇོན་པོ་མི་འདུག་ཟེར་ནས་ཉེས་རྡུང་དྲག་པོ་ཞིག་བཏང་སོང་། ངས་ངུ་ཞོར་ནས་ཞོགས་ཇ་ཞིག་འཐུངས་རྗེས་ཁོང་དང་མཉམ་དུ་འབྲེང་བ་གཉིས་ཁྱེར་ནས་སྡེ་བའི་སྤྱི་ཁང་དང་ཐག་ཉེ་སའི་ཞིང་རར་རྩྭ་འཁུར་དུ་སོང་བ་ཡིན། ཉིན་གུང་ཕ་རྒན་གྱིས་ངེད་གཉིས་ཨ་ཁུ་སྒྲུང་བ་སྡོད་སའི་ཁང་པ་ཆུང་ཆུང་དེའི་ནང་ཁྲིད་ནས་གུང་ཟས་ཟོས་པ་ཡིན། ཨ་ཁུ་སྒྲུང་བས་ང་ལ་རྩམ་པའི་ནང་ཀ་ར་དཀར་པོ་བཏབ་སྟེ་སྤྲད་བྱུང་བས་ང་ལམ་སེང་ཁོང་ལ་དགའ་བོ་བྱུང་། ཁོང་གི་ཞལ་རས་རིད་ཅིང་དབུ་སྐྲ་དཀར་པོར་གྱུར་ཡོད་ན་ཡང་། ཁོང་གི་མིག་མདངས་དེ་གཟི་བརྗིད་ཆེན་པོ་དང་འོད་འཕྲོ་བ་ཞིག་ཏུ་མཐོང་།
ཟླ་ཤས་རྗེས་སུ་ཁོང་རྨ་ཆུའི་འཁྱིལ་ཁུག་ཏུ་ཡོད་པའི་ཨ་ཚོགས་དགོན་པར་སོང་ནས་སྐུ་འབུམ་དགེ་བཤེས་ཞུ་བའི་རྣལ་འབྱོར་མའི་དབང་ལུང་ཁྲིད་གསུམ་གྱི་བདག་པོ་བླ་མ་སྙན་གྲགས་ཅན་ཞིག་ཡོད་པ་དེའི་སྐུ་མདུན་དུ་བཅར་ཏེ་ལྷ་སར་མཇལ་སྐོར་དུ་སོང་ན་གེགས་བར་ཆད་ཡོད་མེད་ལུང་བསྟན་ཞུས་རྗེས་ནུབ་ཕྱོགས་ལྷ་ལྡན་ཉི་མའི་གྲོང་ལ་ཆས་པའི་སྐོར་ཐོར་རེ་བ་ཞིག་ཐོས་བྱུང་ལ། དེ་ནས་བཟུང་ལོ་མང་རིང་ཁོང་གི་སྐོར་གོ་རྒྱུ་ཅི་ཡང་མི་འདུག་ཅིང་། སྡེ་བའི་མི་རྣམས་ཀྱིས་ཁོང་གི་སྒྲུང་གླུ་སྙན་མོ་དེ་ཐོས་སྐལ་ཡང་རྩ་ཡལ་དུ་གྱུར་པ་མ་ཟད། ཁོང་ས་སྟེང་འདི་ནས་གློ་བུར་དུ་ཡལ་སོང་བར་མི་སུ་ཞིག་ལ་ཡང་ཚོར་སྣང་སྤུ་ཙམ་ཡང་མེད་པའི་ཚུལ་དུ་གྱུར། དེ་ནི་ལོ་རེའི་དགུན་དུས་སུ་སྡེ་བའི་ལོ་ལོན་འགའ་རེ་ཆམ་ནད་ཀྱིས་གྲོངས་ཏེ་ཕུང་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཏོར་བྱས་རྗེས་ཀྱི་སྣང་ཚུལ་དང་ཧ་ཅང་འདྲ།

བརྩམས་སྒྲུང་།

Post navigation

Previous Post: “བོད་ཀྱི་སྤྲུལ་སྐུ་རྗེས་མ་ཨེ།” (ཨིན་བོད་ཤན་སྦྱར)
Next Post: སྡེ་སྣོད་དེ་དག་གི་ཁུངས་དང་རྒྱུད་པ་གང་ནས་བྱུང་བའི་སྐོར།

Comments (4) on “འདྲེ་འདུལ། སྒྲུང་བ་ཞིག་གི་མི་ཚེ།”

  1. ཡར་ཁམས་ཁྲི་རྒྱལ།། says:
    2013-04-25 at 4:36 pm

    ངས་གླིང་སྒྲུང་བཞི་བཅུ་ལྷག་ཙམ་ཞིག་བཀླགས་མྱོང་མོད་དཔའ་གོང་བ་དགྲ་བཙན་ཐར་ཡག་ཟེར་བའི་གླིང་གི་དཔའ་རྟུལ་གྱི་མིང་གོ་མ་མྱོང་།

  2. ཀླུ་སྨྱོན། says:
    2013-04-25 at 8:10 pm

    སྤྟིར་ན་སྒྲུང་བ་སོ་སོར་རང་རང་གི་ཐུན་མིན་གྱི་སྒྲུང་བྱེ་བྲག་པ་མང་པོ་ཞིག་བཤད་རྒྱུ་ཡོད་ལ། འཁྲུངས་གླིང་དང་ཧོར་གླིང་གཡུལ་འགྱེད་ལྟ་བུ་སྤྱི་སྒྲུང་སྟེ་སྒྲུང་རིགས་གཉིས་ཡོད་པའི་གནད་འགག་འདི་ཤེས་ན། དཔའ་གིང་བ་དགྲ་བཙན་ཐར་ཡག་ཅེས་པ་འདི་ནི་ངའི་ཨ་ཁུ་སྒྲུང་བ་དེའི་ཐུན་མིན་གྱི་སྒྲུང་ཞིག་ཡིན་པ་ཡང་ཞོར་ལ་རྟོགས་པར་ནུས།

  3. ཀླུ་སྨྱོན། says:
    2013-04-25 at 8:14 pm

    ད་དུང་དཔའ་རྟུལ་སུམ་ཅུར་མ་ཐེ་བའི་གླིང་གི་དཔའ་རྟུལ་ཡང་མང་པོ་ཞིག་ཡོད་པར་དཔགས་ན། དཔའ་གོང་བ་དགྲ་བཙན་ཐར་ཡག་གླིང་གི་དཔའ་རྟུལ་ཨེ་ཡིན་སྙམ་པའི་དོགས་པ་ཡང་ཞི་བར་འགྱུར་རོ།།

  4. རྟ་མ། says:
    2013-04-26 at 12:22 pm

    སྐུ་མཁྱེན་མུ་མཐུད་ཕྲིས་རོགས། ཤིན་དུ་སྙན་ནོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme