Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་ལ་བདེན་པའི་གནད་ཤིན་ཏུ་མང་།

Posted on 2015-10-022015-10-02 By ཁ་བརྡ 3 Comments on འདི་ལ་བདེན་པའི་གནད་ཤིན་ཏུ་མང་།

འབྲི་སྐལ་ལྡན།

 
ཉིན་ཤས་སྔོན་དུ་མཁས་དབང་དཔང་བརྟུལ་ལམ་ཆབ་མདོ་ཤེས་རབ་ལཊ་ཀྱིས་བཀྲིས་group ཞེས་པའི་དྲྭ་ཚོ་ནང་དུ་སྟོང་ལོ་ཟུང་གི་གནམ་ལོ་བཅུ་དྲུག་ལོའི་སྲིད་སྐྱོང་འདེམས་ཕྱོཊ་ཐད་བཀའ་སློབ་ཚན་ཐུང་བརྒྱད་ཅུ་བརྒལ་བ་ཞིག་གནང་སོང་། དེ་དག་གི་ནང་དུ་དོན་ལྡན་ཚིག་ཚོཊ་ཤིན་ཏུ་མང་ན་ཡང་ཐམས་ཅད་ཡིག་ཐོག་འབེབས་པའི་དུས་ཁོམ་མ་བྱུང་། ཡིན་ཡང་རང་གི་ཡིད་ལ་བབས་པའི་དོན་གནད་རེ་ཟུང་ཞིག་ཡིག་ཐོག་ཏུ་འབེབས་པར་འདོད།

1) ཁོང་གིས། ང་ཚོས་སྲིད་སྐྱོང་འདེམས་སྐབས་མི་སྒེར་གྱི་ངོ་བོར་མི་བལྟ་བར་འོས་མི་སོ་སོའི་ལས་འཆར་ག་རེ་ཡོད་པ་དང་། བོད་སྤྱིའི་རྩ་དོན་གཉིས་པོ་གཞི་ལ་བཞག་སྟེ་བདམས་དགོས་པའི་ལམ་སྟོན་ཁ་གསལ་ཞིག་ཀྱང་གནང་སོང་།

2) འོས་མི་ཀུན་ལ་རྒྱབ་སྐྱོར་ཡོད་ཀྱང་། འོས་ཤོག་གཅིག་ལས་མེད་པ་དེ་འོས་མི་ཁོ་རང་གི་ངོ་གདོང་ཁོ་ནར་བལྟས་ནས་མིན་པར་དེའི་རྒྱབ་ལྗོངས་བོད་དོན་ལ་ཤུཊ་རྐྱེན་གང་ཡོད་མེད་ལ་ལྟ་དགོས་ཞེས་དང་། སྲིད་སྐྱོང་མཆོག་གིས་ད་སྔོན་ནོར་འཁྲུལ་འདི་ཞེས་བཤད་རྒྱུ་མེད་ཀྱང་ད་དུང་ལོ་ལྔ་བསྡད་ཀྱང་ལྷག་མོ་ཞིག་བྱེད་རྒྱུ་ཡོད་པ་མཐོང་གི་མེད། ཁྱོན་ལོ་བཅུ་བསྡད་ཀྱང་གང་ཡང་མ་བྱུང་བ་རེད་ཟེར་བའི་སྐད་ཆ་བྱུང་བ་ཡིན་ན་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སེམས་ཤུཊ་ཆཊ་པ་དང་རེ་ཐག་ཆད་པའི་ཉེན་ཁ་ཆེན་པོ་རེད། བོད་མིའི་ནང་གི་ལག་ཁྱེར་མཐོ་ཤོས་ཤིག་གིས་དེ་ལས་མ་འཇོན་ན་ད་རེ་བ་མི་འདུག་སྙམ་པ་འབྱུང་སྲིད་པ་དང་། དེ་ལྟར་བྱུང་ན་བོད་མིའི་རྩ་དོན་ལ་གནོད་ཚབས་ཆེན་པོ་རེད། རེ་བ་དང་ཡིད་ཆེས་མེད་ཚེ་དེར་ཕྱོགས་སུ་བརྩོན་པར་མི་བྱེད་ལ། བརྩོན་པར་མ་བྱས་ན་གྲུབ་འབྲས་གང་ནས་ཐོན། རྒྱུ་མཚན་དེའི་ཕྱིར་སྲིད་སྐྱོང་གསར་པ་ཞིག་དགོས་པར་སྙམ་ཡོད།

3) ད་ལྟ་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སྐུ་འཚོ་བཞུཊ་རིང་ལོ་ལྔ་རེའི་ནང་སྲིད་སྐྱོང་རེ་བརྗེ་མོ་བྱས་ནས་སྲིད་སྐྱོང་ཟུར་པ་གང་མང་ཞིག་སླེབས་ན་ཤིན་ཏུ་དགེ་མཚན་ཆེ་བར་སྙམ། གང་ཡིན་ཟེར་ན་སྲིད་ཟུར་མང་པོ་ཞིག་ཡོད་ན་༧གོང་ས་མཆོག་མ་བཞུཊ་པའི་སྐབས་སུའང་མི་དམངས་ཀྱི་སེམས་བཞག་ས་ཞིག་ཆཊ་པ་དང་། བཙན་བྱོལ་མི་དམངས་ནང་སྲིད་སྐྱོང་འཇོན་མཁན་དང་ལང་མཁན་མང་པོ་ཡོད་པའི་རྣམ་པ་སྟོན་ཐུབ་ན། བོད་དོན་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ལྟ་སྟངས་ཡག་ཏུ་འགྲོ་བ་དང་། བོད་མི་དམངས་སེམས་ཤུཊ་ཇེ་ཆེར་རྒྱས་ཐུབ་པའི་དགེ་མཚན་ཆེ་བར་སྣང་ཞེས་གསུངས་སོང་།

4) སྐུ་ངོ་སྤེན་པ་ཚེ་རིང་སྲིད་སྐྱོང་བྱུང་ན་ཡང་རྒྱ་མི་དང་བོད་ནང་བོད་མི་ཚོའི་སེམས་ལ་བཙན་བྱོལ་དུ་མི་རེ་ཟུང་ཞིག་ཕར་སྤོ་ཚུར་སྤོ་འདྲ་བྱེད་སྡོད་པ་ལས་གཞན་འཇོན་མཁན་མེད་པའི་དོགས་པ་འབྱུང་སྲིད་པ་དང་། དེ་ལྟར་བྱུང་ན་མི་རྣམས་སེམས་ཤུཊ་ཆག་པ་དང་ཉོབ་སྲིད་ཅེས་དང་། ཡིན་ན་ཡང་ང་ཚོས་འོས་མི་སུ་ཡིན་ཀྱང་སོ་སོའི་ཡོན་ཏན་མཐོང་བ་དག་བཤད་དགོས་པ་དང་རང་གིས་མི་འདེམས་པའི་རྒྱུ་མཚན་དག་ཀྱང་བཤད་དགོས་པར་གསུངས། གཞན་ཡང་གསར་འབྱོར་ཞིག་སྲིད་སྐྱོང་ལ་སླེབས་པ་ཡིན་ན་བཙན་བྱོལ་དུ་མི་ལོ་ལྔ་བཅུའི་རིང་འདབས་གཤོག་གཉིས་ལྡན་མང་པོ་གསོ་སྐྱོང་བྱས་ཡོད་པ་དང་། བོད་ནང་དེ་འདྲའི་མཐུན་རྐྱེན་དང་ཁོར་ཡུག་མེད་པར་བཤད་བཞིན་པ་ལས་ལྡོག་པའི་བཙན་བྱོལ་སློབ་གྲྭ་ཁག་གི་སྦྱོང་འབྲས་ལ་ངོ་གནོངས་དགོས་པ་དང་། རྒྱ་མིས་སྦོར་ཤོབ་བཤད་གཞི་རུ་ཆཊ་སྲིད་པ་རེད་གསུངས། གསར་དུ་བཞེངས་པའི་བཀྲིས་སྟོབས་རྒྱལ་ལཊ་ཀྱིས་སྐད་ཆ་དོན་གནད་འགའ་གསུངས་འདུག་ཀྱང་འོས་མང་པོ་ཐོབ་རེ་མི་འདུག་ཅེས་གསུངས།

5) ངས་ད་ཡོད་ལྔ་ནས་བཀྲིས་དབང་འདུས་འཚམས་ཤོས་སུ་མཐོང་། ཁོང་སྲིད་སྐྱོང་ལངས་པའི་ཞོར་དུ་བོད་མིའི་རྩ་དོན་སྒྲུབ་པའི་འཐབ་རྩོད་ལ་ནུས་ཤུཊ་སྦྱིན་བཞིན་འདུག གང་གིས་ན་ས་ཁུལ་གང་ནས་བཙན་བྱོལ་ནང་བཀའ་བློན་དང་སྲིད་སྐྱོང་གི་མི་སྣ་ཞིག་སླེབས་པ་ཙམ་ཀྱིས་དེའི་ཕ་ཡུལ་དང་ཉེ་ཁུལ། མ་མཐར་ཕ་ཡུལ་རྫོང་ཁག་གཅིག་གི་བོད་མི་ཚོར་ཆབ་སྲིད་ལ་དོན་སྣང་དང་གོ་རྟོཊ་ཆེ་རུ་འགྲོ་རྒྱུ་ཡིན་ལ། དེ་ནི་ང་ཚོ་འཐབ་རྩོད་པ་ཞིག་གི་ངོས་ནས་བསམས་ན་དངུལ་གྱིས་ཉོ་མི་ཐུབ་པའི་རིན་ཐང་ལྡན་ཡོད་ཅེས་དང་། རང་སྐྱོང་ལྗོངས་སྒོ་ཐེམ་འགྲམ་གྱི་མི་སྣ་ཞིག་སྲིད་སྐྱོང་སླེབས་ན་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོ་ལ་ཚོར་སྣང་ཆེན་པོ་ཞིག་སྐྱེ་ངེས་པ་དང་། དེའི་དབང་གིས་ཁོ་ཚོའི་སྐད་ཆ་བཤད་སྟངས་དང་བསམ་བློའི་འཛིན་སྟངས་དབང་གིས་བོད་རྒྱའི་གྲོས་མོལ་སོགས་ཤུཊ་རྐྱེན་ཐེབས་ཐུབ། ངས་འདི་གནད་འགག་ཆེན་པོ་ཞིག་འཛིན་བཞིན་ཡོད། གང་ཡིན་ཞེ་ན་རྒྱ་ནག་གཞུང་གིས་བོད་སྐོར་གྱི་སྲིད་ཇུས་གཏན་འབེབས་བྱེད་སྐབས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་གང་བཤད་པ་དང་གང་བསམ་པ་ནི་དེའི་གཞི་འཛིན་ས་གཙོ་བོ་དེ་ཡིན་པས་རེད།

6) གཞིས་ཆཊ་སྲ་བརྟན་སྐོར་དེ་གཅིག་རེད། དེའི་སྐོར་ཐབས་ལམ་ཡག་ཤོས་དེ་བཀྲིས་དབང་འདུས་ལཊ་ཀྱིས་དགོངས་པ་དེ་རེད། གང་ཡིན་ཞེ་ན་གཞིས་ཆགས་ནང་མི་མང་གནས་སྡོད་བྱེད་ཐུབ་པ་བྱ་དགོས་ན་ལས་གཞི་གསར་སྐྲུན་བྱེད་དགོས་པ་རེད། དེ་མིན་ལྕཊ་རི་སྐོར་བ་དང་ཁང་པ་བརྒྱབ་པ་ཙམ་གྱིས་སྲ་བརྟན་ཡོང་མི་ཐུབ། ཁོང་གིས་ཡུལ་སྐོར་སྤྲོ་འཆམ་ལས་གཞི་དང་། ཚོང་ར་གསར་རྒྱག་སོཊ་མང་དག་གསར་སྐྲུན་བྱ་འཆར་ནི་གཞིས་ཆཊ་སྲ་བརྟན་སྒྲུབ་པའི་ཆ་རྐྱེན་དངོས་དེ་དེ་རེད། གཞན་ཡང་ཨ་རི་ནང་གཞིས་ཆཊ་འཛུགས་རྒྱུའི་དགོངས་གཞི་ཡོད་པ་ངས་ཁོང་ལ་ཐུཊ་རྗེ་ཆེ་ཞུ། འདི་ནི་འགའ་ཤས་ཀྱིས་ཨ་རིར་གཞིས་ཆཊ་འཛུཊ་མི་ཐུབ་བསམ་ཡང་མི་ཐུབ་པ་གཏན་ནས་མ་རེད། ཝི་དྷི་ནམ་སོཊ་མི་རིཊ་གང་མང་གིས་བཙུཊ་པ་ལ་དཔེ་གཞི་ཆོག་ཆོག་ཞིག་རེད། དེས་བོད་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་འབྲེལ་བ་ཆེན་པོ་ཡོད།

7) སྐུ་ངོ་ལཊ་ཀྱིས་ལས་གཞི་གཞན་ཞིག་ནི་མ་དངུལ་ས་ཁང་གི་མ་རྩར་འཛུཊ་རྒྱུ་ཡིན་ཞེས་པ་འདི་རེད། འདི་ཤིན་ཏུ་གལ་ཆེན་རེད། འཛམ་གླིང་མི་འབོར་འཕར་ཆ་མགྱོགས་ཀྱང་ས་ཆ་ཆེ་རུ་མི་འགྲོ་བ་འདི་ལ་བལྟས་ན། མ་འོངས་པར་ས་འདི་གསེར་དང་མཚུངས་པ་ཆཊ་ངེས་པ་རེད། སེམས་ཅན་ཀུན་གྱི་ཟས་གང་ཡིན་པ་དངོས་ཤུཊ་བརྒྱུད་ནས་ས་ལ་བརྟེན་དགོས་པ་རེད། དཔལ་འབྱོར་མེད་ན་ཤེས་ཡོན་ཡོད་ཀྱང་མི་གཡོག་ཡིན་པ་དང་། དཔལ་འབྱོར་མེད་ན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་གནས་དཀའ། འདི་མེད་ན་རང་ཉིད་ཀྱང་འཚོ་མི་ཐུབ་པ་ཆཊ་པར་མཐོང་བཞིན་པ་རེད།

8) རང་གཞུང་གི་ཆེས་མཐོའི་དབུ་ཁྲིད་ལ་སྐྱོན་བརྗོད་བྱས་ན་འགྲིཊ་ཡང་རང་གི་མིང་ཡང་སྦས་ནས་གཞི་མེད་སྐྱོན་བརྗོད་བྱ་པ་འདི་དོན་མེད་ཡིན་ལ། ད་ལྟའི་སྲིད་སྐྱོང་གིས་འཇོན་པ་ནང་བཞིན་གཞན་གྱིས་མི་འཇོན་པར་བསམ་པ་ཡང་ཧ་ཅང་ཐལ་དྲཊ་པ་སྟེ། དེས་ན་མ་འོངས་པར་རང་དབང་ཐོབ་ཐབས་མེད་པ་ཆཊ་པ་རེད། གང་གི་ཕྱིར་ན་ཁོང་གིས་དུས་སུ་མ་བྱུང་བ་རེད་བ། གཞན་ཡང་ད་སྐབས་ཕྱི་འབྲེལ་གྱི་གནས་བབ་ནི་༸གོང་ས་མཆོག་གི་མཚན་སྙན་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་དང་སྐུ་ཚབ་དོན་གཅོད་ཁག་གིས་གོ་སྒྲིག་འོག་ཡོང་པ་ཞིག་ཡིན་པས། དེར་སྲིད་སྐྱོང་སུ་ཕེབས་ན་ཁྱད་པར་མེད་པ་རེད།

9) ཡང་གཞན་པ་ཞིག་ལ་བོད་རྒྱ་གྲོས་མོལ་བྱ་དགོས་ན་སྲིད་སྐྱོང་ཁྲིམས་ལ་མཁས་དགོས་ཟེར་བ་དེ་བདེན་པ་ལྟར་སྣང་ཡང་། དེ་དངོས་བདེན་མ་རེད། བོད་རྒྱའི་གྲོས་མོལ་བྱུང་ན་ཡང་སྲིད་སྐྱོང་གྲོས་མོལ་ལ་ཕེབས་པའི་སྐབས་ཕལ་ཆེར་མེད་པ་རེད། གལ་སྲིད་གྲོས་མོལ་བྱུང་ན་མཁས་དབང་བློ་བཟང་སེང་གེ་ལཊ་སྲིད་ཟུར་ཡིན་ཀྱང་སློབ་སྟོན་ཞུ་མི་ཆོག་པ་ཆགས་མེད།
ཞེས་ཕྱི་ལོ་2015 ཟླ་བ་10 ཚེས་02 ཉིན་རླུང་རྟ་དང་འབྲི་སྐལ་ལྡན་གཉིས་ཀྱིས་མཁས་དབང་དཔའ་བརྟུལ་ལགས་ཀྱིས་བཀའ་ཁྲོལ་བྱུང་རྗེས་དྲྭ་ཐོག་ཏུ་སྤེལ་ཡོད།

བསམ་ཚུལ།

Post navigation

Previous Post: ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ། མགོ་རུལ་བ་སྣ་ཡིས་མི་ཚོར་མཁན།
Next Post: ⟪ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ།⟫

Comments (3) on “འདི་ལ་བདེན་པའི་གནད་ཤིན་ཏུ་མང་།”

  1. སྐལ་ཚེ། says:
    2015-10-02 at 10:43 am

    ཁོང་གིས་གསུང་སྟངས་ལ་ལྟས་ན་བློ་སེང་ངེས་པར་ཏུ་ཕམ་དགོས་ཚོད་འདུག

  2. ཀརྨ་བློ་གསལ་ says:
    2015-10-02 at 10:47 am

    གལ་སྲིད་བོད་དོན་ནི་བྱེས་པའི་ཁ་གསོ་ཐབས་ཡིན་ན། ཚར་ཚར་བ་རེད། བོད་ནང་ནས་ལོགས་སུ་སྟོབས་ཤིག་ཅིག་འབྱུང་སྲིད་པ་ནི་བོད་རིང་ལུགས་ལྟ་བུའི་རྩོམ་ཡིག་འབྱུང་ཟིན་པ་ལས་ཤེས་ཐུབ། རྨི་ལམ་ཡག་པོ་མ་གཏོང་རོགས།

  3. གངས་བུ། says:
    2015-10-03 at 7:35 pm

    མི་འདི་ཚོའི་བཤད་སྟངས་ལ་རིམ་བཞིན་བལྟ་དུས། བློ་སེང་ངེས་བར་དུ་ཕམ་བ་བྱེད་དགོས་བ་རེད་འདུག་ག། མི་འདི་དག་གི་རྒྱབ་ལ་དོག་ཚོགས་ཡོད་མེད། ཤེས་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme